ནན་ཁྲང་བདེ་ཐང་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:39ལ་འགྲུབ།

ནན་ཁྲང་བདེ་ཐང་ལག་རྩལ་སློབ་གླིང་།

ནན་ཁྲང་བདེ་ཐང་ལག་རྩལ་སློབ་གླིང་།
ནན་ཁྲང་བདེ་ཐང་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2020ལོའི་ཟླ4བར་ཆོག་མཆན་སྤྲད་ནས་བཙུགས་པའི་ཆེད་སྦྱོང་རིམ་པའི་གཞུང་གཉེར་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南昌健康职业技术学院
བཙུགས་ལོ།
སྤྱི་ལོ2020ལོ།
ངོ་བོ།
གཞུང་སྒྲུབ་མཐོ་སློབ།
གཙོ་གཉེར་སྡེ་ཁག
ནན་ཁྲང་གྲོང་ཁྱེར་སྲིད་གཞུང་།
མཐོ་རིམ་ལས་རིགས་ཆེད་ལས།
5
སློབ་གླིང་དང་སྡེ་ཁག
ཀྲུང་ལུགས་གསོ་རིག་ལུས་གསོའི་ལག་རྩལ་དང་། ནད་གཡོག བཙའ་རོགས། ཁ་སྦུག་གསོ་རིག་ལག་རྩལ་དང་སྨན་རྫས་རིག་པ་སོགས།
1 ​ངོ་སྤྲོད།

ནན་ཁྲང་བདེ་ཐང་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2020ལོའི་ཟླ4བར་ཆོག་མཆན་སྤྲད་ནས་བཙུགས་པའི་ཆེད་སྦྱོང་རིམ་པའི་གཞུང་གཉེར་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན།

2 འབྲེལ་ཡོད་མཆན་འགོད་བཀའ་ལན།    

སྤྱི་ལོ2020ལོའི་ཟླ4བའི་ཚེས9ཉིན་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཁྲང་བདེ་ཐང་ལས་རིགས་ལག་རྩལ་སློབ་གླིང་འཛུགས་རྒྱུའི་མཆན་འགོད་བཀའ་ལན་གནང་བ་ཡིན།

3 གཙོ་གཉེར་སྡེ་ཁག

ནན་ཁྲང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྐྱོང་བྱ་རྒྱུ་དང་། སློབ་གྲྭ་འཛུགས་སྐྲུན་དང་འཁོར་སྐྱོད་སོགས་ཀྱི་འགྲོ་གྲོན་དེ་ནན་ཁྲང་གྲོང་ཁྱེར་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་དང་། སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་དེ་ནན་ཁྲང་གྲོང་ཁྱེར་སྲིད་གཞུང་གིས་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་དབང་ཚད་དང་གོ་རིམ་གཞིར་བཟུང་ནས་བསྒྲུབས།

4 སློབ་སྒྲུབ་ཆ་རྐྱེན།

སློབ་གླིང་དུ་ཆེད་བསྐོས་དགེ་རྒན188ཡོད། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ80དང་། འབུམ་རམས་པ་དང་རབ་འབྱམས་པ་ཡན་གྱི་དགེ་རྒན61ཡོད། ཉིས་འཇོན་རྣམ་པའི་དགེ་རྒན63ཡོད། སྤྱིའི་རྒྱ་ཁྱོན་ལ་མུའུ567ཡོད་པ་དང་འཆར་འགོད་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི30ཙམ་ཟིན་ནས་ཚོད་ལྟའི་ཐོག་བརྩེགས་ཁང་ཆེན་དང་། དཔེ་མཛོད་ཁང་གི་ཐོག་བརྩེགས་ཁང་ཆེན། རོལ་དབྱངས་ཐོག་བརྩེགས་ཁང་ཆེན་། སློབ་མའི་ལས་ཤག་སོགས་དེང་རབས་ཅན་གྱི་ཐོག་བརྩེགས་ཁང་ཆེན་ཡོད་པ་དང་། སློབ་གླིང་གིས་རིག་ཚན་དང་ཆེད་ལས་ཀྱི་རིགས་ཆེན་པོར་གཞིགས་ནས“སྡེ་ཁག་བཞི”བཀོད་སྒྲིག་བྱས་ཡོད། སྡེ་ཁག་བཞི་སྟེ། ཀྲུང་ལུགས་གསོ་རིག་དྲག་སྐྱེད་སྡེ་ཁག་དང་། ནད་གཡོག་སྡེ་ཁག བདེ་ཐང་ལག་རྩལ་སྡེ་ཁག ཀྲུང་ལུགས་གསོ་རིག་བདེ་ཐང་སྡེ་ཁག བསམ་བློའི་ཆབ་སྲིད་པུའུ་དང་། སྤྱི་པའི་རིག་གནས་པུའུ། རྨང་གཞིའི་གསོ་རིག་པུའུ་བཅས་ཡིན་པ་དང་། མིག་སྔར་ཀྲུང་ལུགས་གསོ་རིག་གི་བདེ་ཐང་སླར་གསོའི་ལག་རྩལ་དང་། ནད་སྐྱོང་། བཙའ་རོགས། ཁ་སྦུག་གསོ་རིག་ལག་རྩལ། སྨན་རྫས་རིག་པ་སོགས་ཆེད་ལས་རྩེ་གྲ5ཡོད་པ་དང་། སློབ་ཕྱིའི་དངོས་སྦྱོང་སློབ་ཁྲིད་རྟེན་གཞི50ལྷག་ཙམ་ལ་རིམ་པ་གཉིས་པའི་ཀ་པའི་ཐད་གཏོགས་ཞོར་གཏོགས་སྨན་ཁང1བཀོད་སྒྲིག་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།