ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:41ལ་འགྲུབ།

ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།

ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།
ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2019ལོའི་ཟླ3པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པའི་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赣州职业技术学院
ཕྱི་ཡིག་གི་མིང་།
Ganzhou Vocational and Technical College
བཙུགས་ལོ།
སྤྱི་ལོ2019ལོའི་ཟླ3པ།
རྣམ་པ།
ཆེད་སྦྱོང་རིམ་པའི་མཐོ་རིམ་ལས་རིགས་སློབ་གླིང་།
སློབ་སྒྲུབ་རིམ་པ།
མཐོ་རིམ་ལས་རིགས།(ཆེད་སྦྱོང)
གནས་ཡུལ།
ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཀན་ཀྲོའུ་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་ཁྱེར་ནང་ཁུལ།
1 ​ངོ་སྤྲོད།

ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2019ལོའི་ཟླ3པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པའི་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཀན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྐྱོང་བྱ་རྒྱུ་དང་། ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཀན་ཀྲོའུ་ལས་རིགས་སློབ་གསོའི་གླིང་ཁུལ་དུ་གནས་ཡོད། སློབ་གྲྭའི་སློབ་སྒྲུབ་གཞི་ཁྱོན་གནས་སྐབས་མི3000གཏན་འཁེལ་བྱས་ཡོད། འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་དང་། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། ཕྱུགས་ལས་སྨན་བཅོས། ལྡུམ་རའི་ལག་རྩལ། ཟོག་སྦྲེལ་དྲ་བའི་ཉེར་སྤྱོད་ལག་རྩལ་བཅས་མཐོ་རིམ་ལས་རིགས(ཆེད་སྦྱོང)5གསར་དུ་བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2019ལོའི་ཟླ3པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་ཡིན། ཆེད་སྦྱོང་རིམ་པའི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མའི་ཁོངས་སུ་གཏོགས་པ་དང་། ཀན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྐྱོང་བྱེད་དགོས།

3 སློབ་སྒྲུབ་ཆ་རྐྱེན།

ཀན་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཀན་ཀྲོའུ་ལས་རིགས་སློབ་གསོའི་གླིང་ཁུལ་དུ་གནས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར11ཙམ་བཏང་ནས་འཆར་འགོད་རྒྱ་ཁྱོན་ལ་མུའུ800 ཡོད། ཨར་སྐྲུན་གྱི་རྒྱ་ཁྱོན་ལ་ཁྲི30.49ཡོད་པ་དང་། སློབ་གྲྭའི་འཛུགས་སྐྲུན་དང་འཁོར་སྐྱོད་སོགས་ཀྱི་གྲོན་དངུལ་དེ་ཀན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་དང་། སྒྲིག་གཞི་བཟོ་བའི་ལས་དོན་དེ་ཀན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་སྒྲིག་གཞི་བཟོ་བའི་དོ་དམ་དབང་ཚད་དང་གོ་རིམ་ལྟར་སྒྲུབ་དགོས། སློབ་གྲྭའི་སློབ་བསྒྲུབ་གཞི་ཁྱོན་གནས་སྐབས་མི3000གཏན་འཁེལ་བྱས་ཡོད།

འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་དང་། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། ཕྱུགས་ལས་སྨན་བཅོས། ལྡུམ་རའི་ལག་རྩལ་ལག་རྩལ། ཟོག་སྦྲེལ་དྲ་བའི་ཉེར་སྤྱོད་ལག་རྩལ་བཅས་མཐོ་རིམ་ལས་རིགས(ཆེད་སྦྱོང)5གསར་དུ་བཙུགས་ཡོད། མཐོ་རིམ་ལས་རིགས(ཆེད་སྦྱོང)ཆེད་ལས་གསར་དུ་བཙུགས་ནས་གཏན་འབེབས་ལྟར་ཆོག་མཆན་བཀོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།