ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:35ལ་འགྲུབ།

ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་།

ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་།
ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་ནི་ཆེད་སྦྱོང་རིམ་པའི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ལ། ཧྲང་རའོ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཅང་ཞི་ཞིང་ཆེན་ཝུའུ་ཡོན་རྫོང་སི་ཁོའུ་ལམ་ཨང88པར་གནས་ཡོད། དེ་ནི་གཞུང་གཉེར་དང་ཇ་ལ་བརྟེན་ནས་མིང་བཏགས་པའི་ཁྱད་ཆོས་ལྡན་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江西婺源茶业职业学院
ཕྱི་ཡིག་གི་མིང་།
Jiangxi Wuyuan Tea Vocational College
རིགས་དབྱེ།
གཞུང་བཙུགས་མཐོ་སློབ།
གཙོ་གཉེར་སྡེ་ཁག
ཧྲང་རའོ་གྲོང་ཁྱེར་སྲིད་གཞུང་།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཝང་ཧན་ཞིན། ཡོན་ཀྲང་། ཏུང་ཞུའེ་ཡོའུ།
གནས་ཡུལ།
ཅང་ཞི་ཞིང་ཆེན་ཝུའུ་ཡོན་རྫོང་སི་ཁོའུ་ལམ་ཨང88པ།
1 ངོ་སྤྲོད།

ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་ནི་ཆེད་སྦྱོང་རིམ་པའི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཧྲང་རའོ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཅང་ཞི་ཞིང་ཆེན་ཝུའུ་ཡོན་རྫོང་སི་ཁོའུ་ལམ་ཨང88པར་གནས་ཡོད། དེ་ནི་གཞུང་གཉེར་དང་ཇ་ལ་བརྟེན་ནས་མིང་བཏགས་པའི་ཁྱད་ཆོས་ལྡན་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན། སློབ་གླིང་དུ་ཇའི་སྒྱུ་རྩལ་དང་ཇ་ལོའི་གཉེར་ཚོང་དང་། ཇ་སྡོང་འདེབས་གསོ་དང་ཇ་ལོའི་ལས་སྣོན། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང(ཇ་ལོའི་ཉོ་ཚོང་ཁ་ཕྱོགས)དང་། གློག་རྡུལ་ཚོང་དོན། ཡུལ་སྐོར་དོ་དམ། ཨར་ཁང་དོ་དམ(སྡོད་ཁང་དོ་དམ་ཁ་ཕྱོགས)སོགས་ཆེད་ལས6བཙུགས་ཡོད། སློབ་གླིང་དུ་ཆེད་བསྐོས་དགེ་རྒན120ལྷག་ཙམ་ཡོད་པའི་ནང་དགེ་རྒན་ཆེན་མོ4དང་། དགེ་རྒན་ཆེན་མོ་གཞོན་པ30 རབ་འབྱམས་པའི་ཡོན་གནས་དགེ་རྒན37བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2018ལོའི་ཟླ3པའི་ཚེས30ཉིན། ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཀྲམ་ནས་ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་བཙུགས་ཏེ་ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག

སྤྱི་ལོ2018ལོའི་ཟླ3པའི་ཚེས30ཉིན། ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཀྲམ་ནས་ཅང་ཞི་ཝུའུ་ཡོན་ཇ་ལས་ལས་རིགས་སློབ་གླིང་བཙུགས་ཏེ་ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཇ་རྩལ་དང་ཇ་ལོའི་ཚོང་གཉེར། ཇ་སྡོང་འདེབས་གསོ་དང་ཇ་ལོའི་ལས་སྣོན། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང(ཇ་ལོའི་ཉོ་ཚོང་ཁ་ཕྱོགས)དང་། ཡུལ་སྐོར་དོ་དམ། མགྲོན་ཁང་དོ་དམ(དམངས་ཁང་དོ་དམ་ཁ་ཕྱོགས)གློག་རྡུལ་ཚོང་དོན། མྱུར་བགྲོད་ལྕགས་ལམ་འགྲུལ་སྐྱེལ་འཁོར་ལས། སྒྱུ་རྩལ་ཇུས་འགོད། ཟས་རིགས་འཚོ་བཅུད་དང་ཞིབ་དཔྱད། མི་ཤུགས་ཐོན་ཁུངས་དོ་དམ་བཅས་ཆེད་ལས10བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ཆེད་བསྐོས་དགེ་རྒན120ལྷག་ཡོད་པའི་ནང་དགེ་རྒན་ཆེན་མོ4དང་། དགེ་རྒན་ཆེན་མོ་གཞོན་པ30 རབ་འབྱམས་པའི་ཡོན་གནས་དགེ་རྒན37བཅས་ཡོད་པ་དང་། གཞན་ཡང་ད་དུང་གྲགས་ཅན་གྱི་དགེ་རྒན་ཆེན་མོ་བ་མང་པོ་གདན་དྲངས་ཡོད།

3_3 ​རིག་གཞུང་སྤེལ་རེས།    

སྤྱི་ལོ2013ལོར་སློབ་གླིང་དང་ཅང་ཞི་ཞིང་ལས་སློབ་ཆེན་གྱིས་མཉམ་ལས་སློབ་གཉེར་བྱས་ནས་ཅང་ཞི་ཞིང་ཆེན་ཇ་ཐོན་སྐྱེད་བྱེད་མཁན་གྱི་ཞིང་ཆེན་ཆེ་གྲས་ཤིག་ཡིན་པའི་ངོས་ནས་དངོས་གཞིའི་ཚན་ཁག་གི་ཇ་དང་འབྲེལ་བ་ཡོད་པའི་ཆེད་ལས་མེད་པའི་སྟོང་ཆ་བསྐངས་པ་དང་། ལོ་དེར་ཞང་ཀང་ཇ་རྩལ་སྤྱི་ཁྱབ་ལྷན་ཚོགས་དང་མཉམ་ལས་བྱས་ཏེ་དུས་བཅད་ལྟར་ཞང་ཀང་དང་ཕྱི་རྒྱལ་གྱི་ཇ་ལ་དགའ་བའི་མི་སྣར་ཇ་རྩལ་པ་དང་ཇ་དཔྱད་མཁན་སོགས་གསོ་སྦྱོང་འཛིན་གྲྭ་བཙུགས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།