ཕིང་ཞང་འཕྲོད་བསྟེན་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་རྒྱལ་ཁབ་སློབ་གསོ་པུས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་རིམ་པའི་གཞུང་སྒྲུབ་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཁྲེང་ཕིང་ཞང་གྲོང་ཁྱེར་དུ་གནས་ཤིང་། སྤྱི་ལོ2019ལོ་བར་སློབ་གྲྭས་ནད་ཐོག་སྨན་བཅོས་ཀྱི་གསོ་རིག (སྤྱི་ལོ2019ལོར་ཆེད་ལས་གསར་པ་འཕར་བ)དང་། ནད་སྐྱོང་། སྨན་རྫས་རིག་པ། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། གསོ་རིག་ཞིབ་དཔྱད་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ་བཅས་ཆེད་ལས6བཙུགས་ཡོད།
སྤྱི་ལོ2018ལོའི་ཟླ3པའི་ཚེས30ཉིན། ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཀྲམ་ནས་ཕིང་ཞང་འཕྲོད་བསྟེན་ལས་རིགས་སློབ་གླིང་འཛུགས་པར་འཐད་པ་བྱུང་། ཆེད་སྦྱོང་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཡིན། ནད་གཡོག་དང་། སྨན་རྫས་རིག་པ། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། གསོ་རིག་ཞིབ་དཔྱད་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ་བཅས་ཆེད་ལས5ཁག་དང་པོར་བཀོད་སྒྲིག་བྱས་ཡོད།
སློབ་གླིང་དུ་ནད་སྐྱོང་དང་། སྨན་རྫས་རིག་པ། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། གསོ་རིག་བརྟག་བཤེར་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ་བཅས་ཆེད་ལས5བཙུགས་ཡོད།
སློབ་གྲྭའི་རྒྱ་ཁྱོན་ལ་མུའུ800ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི17.45ཟིན་པ། ཚད་གཞི་མཐོ་བའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་ཐང་དང་། ལན་ཆིའུ་སྤོ་ལོ་ཐང་། ཝང་ཆིའུ་སྤོ་ལོ་ཐང་། བྱ་སྒྲོའི་སྤོ་ལོ་ཐང་སོགས་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཐང་བཅུ་ལྷག་བསྐྲུན་ཡོད། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་སྤྱིའི་རིན་གོང་སྒོར་ཁྲི6000ལྷག་ཟིན་ཡོད་པ་དང་། ཉར་ཚགས་བྱས་པའི་དཔེ་དེབ་ཁྲི36.2ཡོད་པ་དང་གྲངས་འཛིན་དཔེ་དེབ་མ་ལག་དང་། གློག་རྡུལ་ལྟ་ཀློག་མ་ལགདུས་དེབ་ཐོན་ཁུངས་མ་ལག་སོགས་གྲངས་གཞིའི་བཀོལ་སྤྱོད་ཐོན་ཁུངས་སྣ་ཚོགས་བཙུགས་ཡོད།