ཀན་ནན་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-09-27 08:48ལ་འགྲུབ།

ཀན་ནན་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།

ཀན་ནན་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།
ཀན་ནན་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྨན་རྫས་བདེ་ཐང་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། ཀན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་གཏོགས་པ་དང་། སྤྱི་ལོ2016ལོའི་ཟླ3པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་དང་ལོ་དེའི་ཟླ4བར་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赣南卫生健康职业学院
ཕྱི་ཡིག་གི་མིང་།
Gannan Health Vocational College
བཙུགས་ལོ།
སྤྱི་ལོ2016ལོ།
ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
གསོ་སྨན་བདེ་ཐང་རིགས་ཀྱི་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ལིན་ལི། ཡོན་ཀྲང་། ཧུ་ཁྲུན་མིང་།
མཐོ་རིམ་ལས་རིགས་ཆེད་ལས།
11
སློབ་གླིང་དང་སྡེ་ཁག
ནད་གཡོག་སྡེ་ཁག སྨན་རྫས་རིག་པའི་སྡེ་ཁག གསོ་རིག་ལག་རྩལ་སྡེ་ཁག གསོ་རིག་རྨང་གཞིའི་པུའུ། མི་རིག་སྤྱི་ཚོགས་ཚན་རིག་པུའུ་སོགས།
གནས་ཡུལ།
ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་རོང་ཅང་ཁུལ་གསར་གྱི་མཐོ་སློབ་གླིང་ཁུལ།
སློབ་གྲྭའི་ཚབ་ཨང་།
14569
1 ​ངོ་སྤྲོད།

ཀན་ནན་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྨན་རྫས་བདེ་ཐང་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། ཀན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་གཏོགས་པ་དང་། སྤྱི་ལོ2016ལོའི་ཟླ3པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་དང་ལོ་དེའི་ཟླ4བར་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས།

2 སློབ་སྒྲུབ་ཆ་རྐྱེན།
2_1 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ12པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ840ཡོད་པ་དང་། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི34.9ཉར་ཚགས་བྱས་པའི་ནང་གློག་རྡུལ་དཔེ་དེབ་ཁྲི10ཡོད་པ། སློབ་གྲྭར་སྔོན་ཐོན་གྱི་རྩིས་འཁོར་འཕྲུལ་འཁོར་ཁང་དང་། སྨྱན་སྦྱོར་སློབ་ཁང་། སྐད་གདངས་སློབ་ཁང་། དེ་བཞིན་སྨི400ཚད་ལྡན་གྱི་འགྱིག་བཟོས་རྒྱུག་ལམ་གྱི་ལུས་རྩལ་ཐང་བཅས་བསྐྲུན་ཡོད། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་གོང་བསྡོམས་འབོར་སྒོར་ཁྲི6186ཟིན་པ། ད་ལྟ་སློབ་གྲྭའི་ཕྱི་རོལ་གྱི་དངོས་སྦྱོང་རྟེན་གཞི160ལྷག་ཡོད།

2_2 རིག་ཚན་སྒྲིག་བཀོད།    

སྤྱི་ལོ2018ལོའི་ཟླ12པར། སློབ་གྲྭར་ནད་གཡོག་སྡེ་ཁག་དང་། སྨན་རྫས་རིག་པའི་སྡེ་ཁག གསོ་རིག་ལག་རྩལ་སྡེ་ཁག ནད་ཐོག་གསོ་རིག་སྡེ་ཁག གསོ་རིག་རྨང་གཞིའི་པུའུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་པུའུ(བསམ་བློ་ཆབ་སྲིད་པུའུ)སོགས་ཆེད་ལས་སྡེ་ཁག6བཙུགས་ཡོད་པ་དང་། ནད་གཡོག་དང་། སྨན་རྫས་རིག་པ། གསོ་རིག་ཞིབ་བཤེར་ལག་རྩལ། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། གསོ་རིག་མཛེས་བཟོའི་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ། ཁ་སྦུག་གསོ་རིག་ལག་རྩལ། ཀྲུང་ལུགས་སྨན་རྫས་རིག་པ། སྨན་རྫས་ཐོན་སྐྱེད་ལག་རྩལ། ཀྲུང་ལུགས་གསོ་རིག་དྲག་སྐྱེད་ལག་རྩལ་སོགས་མཐོ་རིམ་ཆེད་ལས11བཙུགས་ཡོད།

2_3 སློབ་གླིང་དང་སྡེ་ཁག

སློབ་གླིང་དུ་ནད་གཡོག་སྡེ་ཁག སྨན་རྫས་རིག་པའི་སྡེ་ཁག གསོ་རིག་ལག་རྩལ་སྡེ་ཁག གསོ་རིག་རྨང་གཞིའི་པུའུ། མི་རིག་སྤྱི་ཚོགས་ཚན་རིག་པུའུ་བཅས་ཡོད།

2_4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ12པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ373ཡོད། དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡན་གྱི་སློབ་གཉེར་བརྒྱུད་རིམ་མི103དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་མི95ཡོད། “ཉིས་འཇོན་རྣམ་པའི”དགེ་རྒན120ཡོད། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་དགེ་རྒན་གྲགས་ཅན1 ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1 ཞིང་ཆེན་དང་གྲོང་ཁྱེར་རིམ་པའི“ལྔ་གཅིག་ངལ་རྩོལ་གཟེངས་རྟགས”མི5ཡོད། ཞིང་ཆེན་རིམ་པའི“བུད་མེད་དཔེ་དམག”1 ཀན་ཀྲོའུ་གྲོང་ཁྱེར་གྱི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ་དང་སློབ་གསོའི་ཆེད་མཁས་པ8བཅས་ཡོད། དགེ་རྒན13གྱིས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིགས་ཁག་གི་རིག་གཞུང་ཚོགས་པ་དང་མཐུན་ཚོགས་སུ་གལ་ཆེའི་གོ་གནས་འཁུར་ཡོད།

3 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་འཕྲོད་བསྟེན་ལས་རིགས་སློབ་གསོའི་ཁོག་ནད་ཚན་ཁག་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལས་ཁུངས།

རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་བདེ་ཐང་ཞབས་ཞུའི་རིགས་ཀྱི་ཆེད་ལས་དཔེ་སྟོན་ས་ཚིགས་ཁག་དང་པོ།

རྒྱལ་ཡོངས་འཕྲོད་བསྟེན་ལས་རིགས་སློབ་གསོའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གསོ་རིག་བརྟག་བཤེར་ལག་རྩལ་ཆེད་ལས་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལས་ཁུངས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།