པོ་ཧའེ་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 14:28ལ་འགྲུབ།

པོ་ཧའེ་སློབ་ཆེན།

པོ་ཧའེ་སློབ་ཆེན།
པོ་ཧའེ་སློབ་ཆེན་ནི་པོ་ཧའེ་རྒྱ་མཚོའི་འགྲམ་གྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་དུ་གནས་ཡོད། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན། དེ་ནི་ཅིན་ཀྲོའུ་དགེ་ཐོན་སློབ་གླིང་དང་ལེའོ་ཉིང་ཚོང་ལས་མཐོ་རིམ་ཆེད་ཚན་སློབ་གྲྭ་གཉིས་སྤྱི་ལོ2000ལོའི་ཟླ4པའི་ཚེས5ཉིན་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་རེད། སློབ་གྲྭར་གནས་སྐབས་སུ་ཅིན་ཀྲོའུ་དགེ་ཐོན་སློབ་གླིང་ཟེར། སྤྱི་ལོ2003ལོའི་ཟླ4པར་ཅིན་ཀྲོའུ་དགེ་ཐོན་སློབ་གླིང་དུ་མིང་བསྒྱུར་ནས་པོ་ཧའེ་སློབ་ཆེན་ཞེས་བཏགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
渤海大学
ཕྱི་ཡིག་གི་མིང་།
BoHaiUniversity
བཙུགས་ལོ།
སྤྱི་ལོ1950ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ལིའུ་དབྱང་།    སློབ་གཙོ། ཀྲའོ་ཧུའེ།
དངོས་གཞིའི་ཆེད་ལས།
48ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན18དང་།      ཆེད་ལས་བསླབ་གནས་ཀྱི་དབང་ཆ་རིགས7ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
མར་ཁེ་སི་རིང་ལུགས་སློབ་གླིང་། ལོ་རྒྱུས་རིག་གནས་སློབ་གླིང་། རྩིས་རིག་སློབ་གླིང་། རྫས་འགྱུར་རྫས་འགྱུར་བཟོ་ལས་སློབ་གླིང་། ཟས་རིགས་ཚན་རིག་དང་བཟོ་སྐྲུན་སློབ་གླིང་སོགས།
སློབ་གླུ།
《པོ་ཧའེ་སློབ་ཆེན་གྱི་སློབ་གླུ》
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་སུང་ཧྲན་ཁུལ་གསར་ཚན་རྩལ་ལམ་ཨང19པ།
སློབ་གླིང་ཚབ་ཨང་།
10167
གཞུང་ཕྱོགས་དྲ་གནས།
http://www.bhu.edu.cn
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2000ལོའི་ཟླ4པའི་ཚེས5ཉིན། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་འཕེལ་རྒྱས་འཆར་འགོད་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་དོན་ཐིང་། ཞིང་ཆེན་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ལིའོ་ཉིང་སློབ་གསོ་པུའུ་ཡིས[2000]ཡིག་ཨང3པ་པར་འགྲེམས་བྱས་ཏེ་ཅིན་ཀྲོའུ་དགེ་ཐོན་སློབ་གླིང་དང་ལེའོ་ཉིང་ཚོང་ལས་མཐོ་རིམ་ཆེད་ཚན་སློབ་གྲྭ་ཟླ་སྒྲིལ་གཏོང་རྒྱུ་གཏན་འཁེལ་བྱས། ཟླ་སྒྲིལ་བཏང་རྗེས་མིང་ལ“ཅིན་ཀྲོའུ་དགེ་ཐོན་སློབ་གླིང”ཞེས་བཏགས།     

སྤྱི་ལོ2003ལོའི་ཟླ4པའི་ཚེས23ཉིན། སློབ་གསོ་པུའུ་ཡིས[2003]ཡིག་ཨང141བཏང་ནས་ཅིན་ཀྲོའུ་དགེ་ཐོན་སློབ་གླིང་དང་ལེའོ་ཉིང་ཚོང་ལས་མཐོ་རིམ་ཆེད་ཚན་སློབ་གྲྭ་ཟླ་སྒྲིལ་བཏང་བའི་ཅིན་ཀྲོའུ་དགེ་ཐོན་སློབ་གླིང་ལ“པོ་ཧའེ་སློབ་ཆེན”དུ་བསྒྱུར་རྒྱུའི་ཐག་བཅད་པ་རེད། 

སྤྱི་ལོ2004ལོའི་ཟླ10པའི་ཚེས16ཉིན་གྱི་སྔ་དྲོ་པོ་ཧའེ་སློབ་ཆེན་གྱིས་སྒོ་བྱང་བཀལ། སློབ་ཁུལ་གསར་པ་བཙུགས་པ་དང་སློབ་གྲྭ་བཙུགས་ནས་ལོ་ངོ་བཞི་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་འཚོགས་པ་རེད། 

སྤྱི་ལོ2006ལོར་སློབ་གསོ་པུའུ་ཡི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད།     

སྤྱི་ལོ2014ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས་པ་རེད།     

སྤྱི་ལོ2018ལོའི་ཟླ11པར། སློབ་གསོ་པུའུ་ཡིས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞིའི”ཁག་དང་པོའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་པོ་ཧའེ་སློབ་ཆེན་བདམས་ཐོན་བྱུང་བ་རེད།

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2018ལོའི་ཟླ12པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཆེད་བསྐོས་དགེ་རྒན1200ལྷག་ཙམ་ཡོད་པའི་ནང་དགེ་རྒན་ཆེན་མོ200ཙམ་དང་འབུམ་རམས་པ500ཙམ་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་དང་། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན། རྒྱལ་ཁབ་ཀྱི་བརྒྱ་སྟོང་ཁྲིའི་འཇོན་མིའི་བདམས་མཁན། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། སློབ་གསོ་པུའུ་ཡི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་ནང་བདམས་མཁན། ལེའོ་ཉིང་ཞིང་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ། ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་ནང་བདམས་མཁན། ལེའོ་ཉིང་ཞིང་ཆེན་གྱི་ཡོན་ཧྲིའི་རྗེས་གྲབས་འོས་མི་གསོ་སྐྱོང་ལས་གྲྭའི་འོས་མི། ལེའོ་ཉིང་ཞིང་ཆེན་གྱི“ཁྲི་བརྒྱ་སྟོང་ཁྲིའི་འཇོན་མིའི་འདུ་འགོད”ཀྱི་མི་བརྒྱའི་རིམ་པ་བདམས་མཁན། མི་སྟོང་རིམ་པའི་ཕུལ་བྱུང་ཤེས་ལྡན་པ། ཞིང་ཆེན་རིམ་པའི་ཕུལ་བྱུང་ཚན་རྩལ་ཤེས་ལྡན་པ། ཞིང་ཆེན་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན། ཞིང་ཆེན་རིམ་པའི་ཆེད་ལས་མི་སྣའི་སྣེ་ཁྲིད་པ། ཞིང་ཆེན་རིམ་པའི་ཕུལ་བྱུང་ཆེད་ལས་པ། ཞིང་ཆེན་རིམ་པའི་ཕུལ་བྱུང་ཕུལ་བྱུང་དགེ་རྒན་བཅས་ཡོད་པ་རེད།

ནུས་ལྡན་རྒྱུ་ཆའི་འདྲེས་གྲུབ་དང་དེ་བཞིན་ཉེར་སྤྱོད་གསར་གཏོད་ཚོགས་པ་དང་། ཉེར་སྤྱོད་སྐད་བརྡ་རིག་པའི་གསར་གཏོད་ཚོགས་པ། ཞིང(ཆུ)ཐོན་རྫས་གསོག་ཉར་ལས་སྣོན་དང་བདེ་འཇགས་ཚོད་འཛིན”གྱི་གསར་གཏོད་ཚོགས་པ་སོགས་ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གྲྭའི་གསར་གཏོད་ཚོགས་པ་ཡོད་པ་རེད།

3 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2020ལོའི་ཟླ་དང་པོའི་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་ཟས་རིགས་ཚན་རིག་དང་ལས་གྲྭ། ཚོད་འཛིན་ཚན་རིག་དང་ལས་གྲྭ། རྩིས་རིག་སོགས་ཞིང་ཆེན3གྱི་གཙོ་གནད་རིག་ཚན་གྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཞིབ་འཇུག སློབ་ཚན་དང་སློབ་ཁྲིད་སྨྲ་བ། སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པ། ཀྲུང་གོའི་གནའ་རབས་ཀྱི་ལོ་རྒྱུས། རིགས་པའི་གཞུང་ལུགས་དངོས་ལུགས། ཉེར་སྤྱོད་རྫས་འགྱུར་རིག་པ་སོགས་ཞིང་ཆེན7གྱི་གཙོ་གནད་རིག་ཚན་གསོ་སྐྱོང་རྣམ་གྲངས་ཡོད་པ་དང་། རིམ་པ་དང་པོའི་གཙོ་གནད་རིག་ཚན3གྱི་འོག་ཏུ་རིམ་པ་གཉིས་པའི་རིག་ཚན14ཚུད་ཡོད། ཞིང་ཆེན་རིམ་པའི་གཙོ་གནད་རིམ་པ་གཉིས་པའི་རིག་ཚན21ཡོད་པ་དང་ཞིང་ཆེན་གྱི་གཙོ་གནད་རིག་ཚན་གྱི་གྲངས་འབོར་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་ཨང་དྲུག་པར་སླེབས་ཡོད། བཟའ་བཅའི་ཚན་རིག་དང་བཟོ་སྐྲུན་རིག་ཚན་དེ་སློབ་གསོ་པུའུ་ཡི་རེས་སྐོར་གསུམ་པའི་རིག་ཚན་དཔྱད་དཔོག་ཁྲོད་རྒྱལ་ཡོངས་ཀྱི་མཐོ་སློབ་ཨང39པར་སླེབས་ཡོད་པ་རེད།     རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཁུལ18ཡོད། རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཁུལ71དང་ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཁུལ7དུ་དཔལ་འབྱོར་དང་། ཁྲིམས་ལུགས། སློབ་གསོ། རིག་གནས། ལོ་རྒྱུས། རང་བྱུང་ཚན་རིག བཟོ་ལས། དོ་དམ། སྒྱུ་རྩལ་སོགས་རིག་ཚན་ཚུད་ཡོད།

4 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ལིའུ་དབྱང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ། ཀྲའོ་ཧུའེ།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཅི་ཁྲེང་།

སློབ་གཙོ་གཞོན་པ། ཧྥང་ཧུང་ཀྲི་དང་། ལི་ཅན་རུང་། ཀྲོའུ་ཅིང་ལེ། ཀྲང་ཧྲོའུ་པོ།


དཔྱད་གཞིའི་ཡིག་ཆ།