ཨན་ཧྲན་དགེ་ཐོན་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 14:30ལ་འགྲུབ།

ཨན་ཧྲན་དགེ་ཐོན་སློབ་གླིང་།

ཨན་ཧྲན་དགེ་ཐོན་སློབ་གླིང་།
ཨན་ཧྲན་དགེ་ཐོན་སློབ་གླིང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་དགེ་ཐོན་སློབ་གླིང་དཀྱུས་མ་ཞིག་ཡིན། ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་དུ་གནས་ཡོད། སློབ་གྲྭ་ནི་སྤྱི་ལོ1958ལོར་བཙུགས་པ་དང་། སྤྱི་ལོ1993ལོར་ཨན་ཧྲན་དགེ་ཐོན་སློབ་གླིང་དུ་གོ་གནས་སྤར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鞍山师范学院
དབྱིན་ཡིག་གི་མིང་།
AnshanNormalUniversity
བཙུགས་ལོ།
སྤྱི་ལོ1958ལོར།
རྣམ་པ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ངོ་བོ།
དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལེའོ་ཉིང་ཨན་ཧྲན།
སློབ་གཙོ།
ལིའུ་ཀེང་ཝེ།
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
1ཡོད།
སློབ་གླུ།
ཨན་ཧྲན་དགེ་ཐོན་སློབ་གླིང་གི་སློབ་གླུ།
སློབ་གླིང་དང་སྡེ་ཁག་གཙོ་བོ།
མཛེས་རྩལ་སློབ་གླིང་། ཚོང་ལས་སློབ་གླིང་། རིག་གནས་སློབ་གླིང་། ཕྱི་སྐད་སློབ་གླིང་སོགས།
སློབ་གྲྭའི་ཚབ་ཨང་།
10169
གཞུང་ཕྱོགས་དྲ་གནས།
http://www.asnc.edu.cn
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1993ལོར་ཨན་ཧྲན་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་ཨན་ཧྲན་དགེ་ཐོན་སློབ་གླིང་དུ་རིམ་སྤོར་བྱས།     

སྤྱི་ལོ2000ལོར། ཨན་ཧྲན་དགེ་ཐོན་སློབ་གྲྭ་དང་ཨན་ཧྲན་གྲོང་ཁྱེར་སློབ་འབྲིང67ཨན་ཧྲན་དགེ་ཐོན་སློབ་གླིང་དུ་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ1951ལོར་ཨན་ཧྲན་དགེ་ཐོན་སློབ་གྲྭ་བཙུགས་ཡོད། 

སྤྱི་ལོ1980ལོར་ཨན་ཧྲན་གྲོང་ཁྱེར་གྱི་སློབ་འབྲིང67དུ་སློབ་གྲྭ་བཙུགས།     

སྤྱི་ལོ2001ལོར་ཨན་ཧྲན་ལས་བཟོའི་སློབ་ཆེན་དང་ཨན་ཧྲན་འཕྲོད་བསྟེན་སློབ་གྲྭ་ཨན་ཧྲན་དགེ་ཐོན་སློབ་གླིང་དུ་ཟླ་སྒྲིལ་བཏང་ཡོད།     

སྤྱི་ལོ2001ལོར་ཨན་ཧྲན་གྲོང་ཁྱེར་ནོར་དཔལ་སློབ་གྲྭ་ཨན་ཧྲན་དགེ་ཐོན་སློབ་གླིང་དུ་འབྱོར། ཨན་ཧྲན་གྲོང་ཁྱེར་གྱི་ནོར་སྲིད་ཉོ་ཚོང་སློབ་གྲྭ་ནི་སྤྱི་ལོ1973ལོར་བཙུགས་པ་དང་། སྤྱི་ལོ1986ལོར་ཨན་ཧྲན་གྲོང་ཁྱེར་གྱི་ནོར་སྲིད་ཉོ་ཚོང་སློབ་གྲྭ་ཞེས་པར་མིང་བསྒྱུར།     

སྤྱི་ལོ2004ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་དཔྱད་དཔོག་བྱས།  

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།    

གཞི་གྲངས་ལྟར་ན་སྤྱི་ལོ2019ལོའི་ཟླ8པའི་བར། སློབ་གྲྭའི་ད་ཡོད་སློབ་གསོའི་རབ་འབྱམས་པའི་སློབ་བསྡུའི་ཁྱབ་ཁོངས7ཡོད་པ་དེ་དག་ནི་སློབ་སྔོན་སློབ་གསོ་དང་རིག་ཚན་གྱི་སློབ་ཁྲིད(རྒྱ་ཡིག་དང་། རྩིས་རིག བསམ་བློ། རྫས་འགྱུར། དབྱིན་ཡིག དངོས་ལུགས)བཅས་ཡིན་པ་རེད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས51(དེའི་ནང་སློབ་གསོ་དང་། རིག་གནས། རང་བྱུང་ཚན་རིག སྒྱུ་རྩལ། དོ་དམ། བཟོ་ལས། ཁྲིམས་ལུགས། ལོ་རྒྱུས་བཅས་རིག་ཚན8ཡོད) མཐོ་རིམ་ལས་རིགས་ཆེད་ལས34ལ་ཞིབ་འཇུག་སློབ་མའི་སློབ་གསོ་དང་། དངོས་གཞིའི་ཚན་ཁག་གི་སློབ་གསོ། ལས་རིགས་སློབ་གསོ། དར་མའི་སློབ་གསོ། ཕྱི་སྦྱོང་སློབ་མའི་སློབ་གསོ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སློབ་གཉེར་རྣམ་པ་ཞིག་ཆགས་ཡོད།     སློབ་གྲྭར་ད་ལྟ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཆེད་ལས1དང་ཞིང་ཆེན་རིམ་པའི་ཆེད་ལས་རྩེ་གྲས1ཡོད། ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས1དང་ཞིང་ཆེན་རིམ་པའི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཚོད་ལྟའི་ཆེད་ལས4བཅས་ཡོད་པ་རེད། ཞིང་ཆེན་རིམ་པས་ཉེར་སྤྱོད་རྣམ་པའི་ཕྱོགས་སུ་བསྒྱུར་བའི་དཔེ་སྟོན་ཆེད་ལས2དང་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ33ཡོད་པ་རེད། སློབ་གསོ་པུའུ་ཡི་སློབ་དོན་ཨུ་ལྷན་གྱི་གཙོ་གནད་འཛུགས་སྐྲུན་སློབ་ཚན་དང་ཞིང་ཆེན་རིམ་པའི་སྤུས་ལེགས་བསླབ་ཚན17ཡོད་པ་རེད། རྒྱལ་ཁབ་རིམ་པའི་འཆར་འགོད་སློབ་གཞི3དང་ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི4ཡོད།

3 དགེ་རྒན་གྱི་དཔུང་སྡེ།     

གཞི་གྲངས་ལྟར་ན་སྤྱི་ལོ2019ལོའི་ཟླ8པའི་བར། ད་ལྟ་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1063ཡོད་པའི་ནང་ཆེད་བསྐོས་དགེ་རྒན730ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་མི་གྲངས467ཡོད། ལེའོ་ཉིང་ཞིང་ཆེན་གྱི་བརྒྱ་སྟོང་ཁྲིའི་འཇོན་མིའི་འདུ་འགོད་“མི་བརྒྱ་རིམ་པའི”ནང་གི་མི5བདམས་པ་རེད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ4དང་ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ3ཡོད་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན7ཡོད་པ་དང་གྲོང་ཁྱེར་གྱི་མངོན་གསལ་དོད་པའི་ཆེད་མཁས་པ2ཡོད་པ་རེད། གྲོང་ཁྱེར་གྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ2དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན52ཡོད།     དགེ་རྒན་ཁྲོད་ཀྱི་མི11ལ་ཙིན་ཞན་ཙི་སློབ་གསོའི་ཐེབས་རྩ་ཚོགས་པའི་དགེ་རྒན་གྱི་བྱ་དགའ་ཐོབ། མི3ལེའོ་ཉིང་ཞིང་ཆེན་གྱི“བརྒྱ་སྟོང་ཁྲིའི་འཇོན་མིའི་འདུ་འགོད”ནང་ཚུད་པ་དང་མི2ལ་ལེའོ་ཉིང་ཞིང་ཆེན་གྱི་གཞོན་ནུའི་ཚན་རྩལ་བྱ་དགའ་ཐོབ་ཡོད། མི3ཨན་ཧྲན་གྲོང་ཁྱེར་གྱི་ཕུལ་བྱུང་གཞོན་ནུ་བཅུ་ལ་བདམས་པ་དང་མི5ཨན་ཧྲན་གྲོང་ཁྱེར་གྱི་ཆེད་ལས་ལག་རྩལ་གྱི་རྩེར་སོན་ཤེས་ལྡན་མི་སྣར་བདམས་པ་རེད།

4 མཉམ་ལས་སྤེལ་རེས།     

སློབ་གྲྭས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་དགོས། རྒྱལ(མཚམས་)ཕྱིའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ནང་འདྲེན་ཧུར་ཐག་བྱས་པ་དང་། ཀྲུང་གོར་སློབ་སྦྱོང་དུ་ཡོང་བའི་སློབ་མའི་སློབ་གཉེར་རིམ་པ་རྒྱུན་མ་ཆད་པར་ཇེ་མཐོར་བཏང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་རྒྱའི་སྐད་ཡིག་ཆེད་ལས་ལ་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་རྒྱུ་མངོན་འགྱུར་བྱུང་བ་ནི་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མའི་སློབ་གླིང་ཞིག་རེད། སྤྱི་ལོ2000ལོ་ནས་བཟུང་། སློབ་གྲྭས་ཨ་རི་དང་ཨུ་རུ་སུ་སོགས་རྒྱལ་ཁབ21གི་ཕྱི་སྦྱོང་སློབ་མ་མི་ཐེངས1000ལྷག་ཙམ་བསྡུས་ནས་དབྱིན་ཇི་དང་། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ13གྱི་མཐོ་སློབ40ལྷག་ཙམ་དང་སློབ་གསོའི་སྒྲིག་གཞི20ལྷག་ཙམ་དབར་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དང་འབྲེལ་ངོ་བོའི་རང་བཞིན་གྱི་སྤེལ་རེས་དང་མཉམ་ལས་ཀྱང་བྱས་པ་རེད།

5 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ལི་ཁྲེང་ཀང་།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ། ལིའུ་ཀེང་ཝེ།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུའི་ཧྲུའུ་ཅི། མེང་ཡའོ།     

ཡོན་ཀྲང་གཞོན་པ། ལིའུ་ལི། ཧོའུ་ཏུང་ཡན། ཝང་ཅན་ཧྥེ།


དཔྱད་གཞིའི་ཡིག་ཆ།