ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 10:51ལ་འགྲུབ།

ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།

ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དེ་སྔའི་མིང་ནི་སྤྱི་ལོ1949ལོའི་ཟླ4པར་བཙུགས་པའི་ཏ་ལེན་སློབ་ཆེན་གྱི་བཟོ་ལས་སློབ་གླིང་ཡིན་པ་དང་། སྤྱི་ལོ1950ལོའི་ཟླ7པར་ཏ་ལེན་སློབ་ཆེན་གྱི་སྒྲིག་གཞི་མེད་པར་བཟོས་པ་དང་། ཏ་ལེན་སློབ་ཆེན་གྱི་བཟོ་ལས་སློབ་གླིང་ནི་རང་རྐྱ་འཕེར་བའི་སྒོ་ནས་ཏ་ལེན་བཟོ་ལས་སློབ་གླིང་ཡིན། སྤྱི་ལོ1988ལོའི་ཟླ3པར་ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ2020ལོའི་ཟླ་དང་པོའི་བར། སློབ་གྲྭར་ཏ་ལེན་ལིན་ཧྲུའེ་དང་། ཅིན་ཀྲོའུ་ཆུས། ཕན་ཅིན་སོགས་སློབ་ཁུལ་གསུམ་བཙུགས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི357.13ཡོད། བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི175.5ཡོད་པ་དང་། རིག་གནས་པུའུ6བཙུགས་ཡོད། རང་ཚུགས་སྒྲིག་ཁོངས་ཀྱི་སློབ་གླིང་དང་སློབ་ཁྲིད་པུའུ17ཆེད་གཉེར་སློབ་གླིང3རང་ཚུགས་སློབ་གླིང1བཅས་ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས88བཙུགས། རིམ་པ་དང་པོའི་རིག་ཚན29ཡོད་པ་རེད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ42དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས25བཅས་ཡོད། དགེ་རྒན་དང་ལས་བཟོ་པ4082དང་འབུམ་རམས་པ་4737ཡོད། རབ་འབྱམས་པ13171དངོས་གཞིའི་སྡེ་ཁག་གི་སློབ་མ25611ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连理工大学
ཕྱི་ཡིག་གི་མིང་།
Dalian University of Technology
བསྡུས་མིང་།
DUT
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ4པར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
འཛམ་གླིང་གི་རྩེར་སོན་སློབ་ཆེན་གྱིས་མཐོ་སློབAརིགས།(སྤྱི་ལོ2017ལོར)རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན། (སྤྱི་ལོ1978ལོར)211ལས་གཞི། (སྤྱི་ལོ1996ལོར)985ལས་གཞི། (སྤྱི་ལོ2001ལོར)111འཆར་གཞི། (སྤྱི་ལོ2006ལོ)
གཙོ་གཉེར་ཚན་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཝང་ཧན་སུང་།    སློབ་གཙོ། ཀུའོ་ཏུང་མིན།
དངོས་གཞིའི་ཆེད་ལས།
88ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན42དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན222ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན29དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན136ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས25ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན4དང་།    རིམ་པ་གཉིས་པའི་རིག་ཚན21ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རིག་གནས་པུའུ6རང་ཚུགས་ཀྱིས་བཙུགས་པའི་སློབ་གླིང11དང་། སློབ་ཁྲིད་པུའུ་དང་། ཆེད་དོན་སློབ་གླིང3སོགས་ཡོད།
སློབ་གྲྭའི་དམ་ཚིག
མཐུན་སྒྲིལ་དང་ཡར་བརྩོན། བདེན་འཚོལ། གསར་གཏོད།
སློབ་གླུ།
《ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་གླུ》
སློབ་བཙུགས་དུས་ཆེན།
ཟླ4པའི་ཚེས15ཉིན།
སློབ་གྲྭའི་ཚབ་ཨང་།
10141
སློབ་གྲྭའི་གཞུང་ཕྱོགས་དྲ་གནས།
https://www.dlut.edu.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2019ལོའི་ཟླ5པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ4167ཡོད་པའི་ནང་ཆེད་བསྐོས་དགེ་རྒན2520ཡོད་པ་དང་། སློབ་གྲྭར་ཀྲུང་གོའི་ཚན་རིག་ཁང་གི་ཆེད་བསྐོས་ཡོན་ཧྲི6དང་། ཉིས་ཞུས་ཡོན་ཧྲི1ཡོད། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཆེད་བསྐོས་ཡོན་ཧྲི4དང་། ཉིས་ཞུས་ཡོན་ཧྲི1སུའེ་ཏེན་གོང་མ་ཚང་གི་བཟོ་སྐྲུན་ཁང་གི་ཡོན་ཧྲི1 འགན་གཅིག་ལྕོགས་སུ་བཞེས་པའི་དགེ་རྒན་ཁྲོད་ཀྱི་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི33ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོན་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་ཚོགས་ཆུང་གི་ཁོངས་མི11དང་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ་ཐོབ་མཁན37ཡོད་པ་རེད། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ21ཡོད། རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྣེ་ཁྲིད་ཤེས་ལྡན་མི་སྣ2དང་། རྒྱལ་ཁབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན4 རྒྱལ་ཁབ་ཀྱི་ན་གཞོན་ཤེས་ལྡན་པ་རྩེ་གྲས4ཡོད། “973འཆར་གཞིའི”རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན10དང“973འཆར་གཞིའི”གཞོན་ནུ་ཚན་རིག་མཁས་ཅན་གྱི་ཆེད་དོན་རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན2ཡོད་པ་རེད། ཤེས་ལྡན་མི་སྣའི་འདུ་འགོད་ཀྱི་རྒྱལ་ཁབ་རིམ་པའི་འོས་མི16ཡོད་པ་རེད། ཚན་རྩལ་པུའུ་ཡི་གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་སྤེལ་འཆར་གཞིའི་ནང་ན་གཞོན་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མི་སྣ16འདེམས་བསྐོ་བྱས་པ་དང་། སློབ་གསོ་པུའུ་ཡི་དུས་རབས་ལས་བརྒལ་བའི་ཕུལ་བྱུང་ཤེས་ལྡན་མི་སྣའི་ཐེབས་རྩ་ཐོབ་མཁན17ཡོད། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞི”འདེམས་བསྐོ་བྱེད་མཁན116ཡོད། “རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་བྱ་དགའ”ཐོབ་མཁན4དང་ལེའོ་ཉིང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་དགེ་རྒན་གྲགས་ཅན35ཡོད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན846ཡོད། ཆེད་བསྐོས་དགེ་རྒན་ཁྲོད་མཐོ་རིམ་གོ་མིང་ཡོད་མཁན859དང་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན1132ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ7ཡོད།

1_2 སློབ་གླིང་དང་སྡེ་ཁག་ཆེད་ལས།     

སྤྱི་ལོ2019ལོའི་ཟླ5པའི་བར་སློབ་གྲྭར་ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས་ཡོད། རིག་གནས་པུའུ6དང་རང་ཚུགས་ཀྱིས་བཙུགས་པའི་སློབ་གླིང་དང་སློབ་ཁྲིད་པུའུ11ཡོད། ཆེད་ལས་སློབ་གླིང3བཙུགས་ནས་དངོས་གཞིའི་ཚན་ཁག་གི་ཆེད་ལས88བཙུགས་ཡོད།

2 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2019ལོའི་ཟླ5པའི་བར་སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས29ཡོད། རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས136དང་། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས42དང་། རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས222 འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས25དང་རབ་འབྱམས་པའི་ཆེད་ལས་བསླབ་གནས་རིགས19བཅས་ཡོད། འབུམ་རམས་པའི་ཆེད་ལས་བསླབ་གནས་ཀྱི་སྤྲོད་པའི་དབང་ཆ་དང་དེ་བཞིན་མཐོ་སློབ་དགེ་རྒན་གྱིས་ལས་ཐོག་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་དབང་ཆ་སྤྲད་པ་རེད། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན4ཡོད། རིམ་པ་གཉིས་པའི་རིག་ཚན་གྱི་རྒྱལ་ཁབ་གཙོ་གནད་རིག་ཚན6དང་ལེའོ་ཉིང་ཞིང་ཆེན་གྱིས་རིམ་པ་དང་པོའི་རིག་ཚན20གཙོ་གནད་དུ་འཛུགས་སྐྲུན་བྱས་ཡོད།

3  མཉམ་ལས་སྤེལ་རེས།

སྤྱི་ལོ2019ལོའི་ཟླ5པ་བར་སློབ་གྲྭས་རྒྱལ་ཁབ་དང་ས་ཁུལ30ཡི་ཀྲུང་གོའི་ཕྱི་རྒྱལ་གྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི217དང་སློབ་གྲྭ་དབར་གྱི་མཉམ་ལས་འབྲེལ་བ་བཙུགས་པ་དང་། སྤྱི་ལོ2015ལོ་ནས་སྤྱི་ལོ2018ལོ་བར། སློབ་གསོ་པུའུ་ཡི་ཕྱི་རྒྱལ་གྱི་ཆེད་མཁས་པའི་རིག་སྟོབས་ནང་འདྲེན་རྣམ་གྲངས60ལྷག་ཙམ་ལ་ཆོག་མཆན་ཐོབ་པ་དང་དུས་ཡུན་ཐུང་ངུའི་ནང་ཕྱི་རྒྱལ་གྱི་ཆེད་མཁས་པ3163གདན་ཞུ་བྱས་པ་རེད། རོགས་སྐྱོར་མ་དངུལ་སྒོར་ཁྲི3870ཡོད། དགེ་རྒན་ཀྲུང་གོར་བསྐྱོད་ནས་ཕྱི་རྒྱལ་དུ་སྤེལ་རེས་ཉེ་བའི་ལོ་གཉིས་རིང་མི་ཐེངས་སུམ་སྟོང་ཙམ་ཀྲུང་གོའི་རྒྱལ་མཚམས་ནས་དུས་ཐུང་སྤེལ་རེས་བྱེད་པར་མངགས་གཏོང་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གཞུང་ནས་མངགས་པའི་མཐོ་རིམ་ཞིབ་འཇུག་མཁས་དབང་དང་དེ་བཞིན་བཅར་འདྲི་མཁས་དབང་གི་འབུམ་རམས་རྗེས་ཀྱི་རྣམ་གྲངས། གཞོན་ནུ་རྐང་འཛིན་དགེ་རྒན་ཕྱི་རྒྱལ་དུ་ཞིབ་འཇུག་ཟབ་སྦྱོང་རྣམ་གྲངས། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དུས་ཐུང་ཕྱི་རྒྱལ་དུ་སྤེལ་རེས་བྱེད་པའི་རྣམ་གྲངས་སོགས་བརྒྱུད་ལོ་ལྟར་དགེ་རྒན་བརྒྱ་ལྷག་ཙམ་ཀྲུང་གོའི་རྒྱལ་ཁབ་དང་ཕྱི་རྒྱལ་དུ་སྤེལ་རེས་བྱེད་པར་གཏོང་གིན་ཡོད། སློབ་གྲྭས་རྒྱལ་ཁབ་གཞུང་མངགས་དང་། མཉམ་འབྲེལ་གསོ་སྐྱོང་། སློབ་སྦྱོང་བརྗེ་རེས། དུས་ཐུང་སྤེལ་རེས་དང་འཚམས་འདྲི། ཕྱི་རྒྱལ་དུ་དངོས་སྦྱོང་སོགས་ཕྱི་རྒྱལ་གྱི་སྤེལ་རེས་རྣམ་གྲངས150ལྷག་ཙམ་རྒྱ་སྐྱེད་བཏང་ཡོད། ཉེ་བའི་ལོ་གཉིས་རིང་ལོ་ལྟར་དུས་ཡུན་ཐུང་ངུའི་ནང་སློབ་མ་མི་ཐེངས་ཉིས་སྟོང་ཙམ་སྤེལ་རེས་བྱེད་པར་བཏང་ཡོད།


དཔྱད་གཞིའི་ཡིག་ཆ།