ཏ་ལེན་འགྲིམ་འགྲུལ་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 14:40ལ་འགྲུབ།

ཏ་ལེན་འགྲིམ་འགྲུལ་སློབ་ཆེན།

ཏ་ལེན་འགྲིམ་འགྲུལ་སློབ་ཆེན།
ཏ་ལེན་འགྲིམ་འགྲུལ་སློབ་ཆེན་ནི་སྤྱི་ལོ1956ལོའི་ཟླ1པོར་བཙུགས་པ་དང་། དེ་ནི་ཏ་ལེན་མེ་འཁོར་བཟོ་སྐྲུན་སློབ་གྲྭ་ཡིན། སྤྱི་ལོ1958ལོར་ཏ་ལེན་ལྕགས་ལམ་སློབ་གླིང་དུ་འཕར་ཞིང་། དེ་སྔའི་ལྕགས་ལམ་པུའུ་ཡིས་དོ་དམ་བྱས། སྤྱི་ལོ2000ལོའི་ཟླ2པར་ལེའོ་ཉིང་ཞིང་ཆེན་སྲིད་གཞུང་ལ་དོ་དམ་བྱ་རྒྱུར་བསྒྱུར། “ཀྲུང་དབྱང་དང་ས་གནས་མཉམ་འཛུགས་དང་། ས་གནས་དོ་དམ་གཙོ་བོར་འཛིན་པའི”དོ་དམ་སྒྲིག་སྲོལ་ལག་བསྟར་བྱ་དགོས། སྤྱི་ལོ2004ལོའི་ཟླ5པར། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཏ་ལེན་འགྲིམ་འགྲུལ་སློབ་ཆེན་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连交通大学
ཕྱི་ཡིག་གི་མིང་།
Dalian Jiaotong University
བཙུགས་ལོ།
སྤྱི་ལོ1956ལོའི་ཟླ1པོར།
སློབ་གཉེར་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གྲྭའི་ཁྱད་ཆོས།
ལེའོ་ཉིང་ཞིང་ཆེན་གྱི“མཐོ་རིམ་སློབ་ཆེན་གྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ”(སྤྱི་ལོ2017ལོར་བདམས།)    “ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི”མཐོ་སློབ(སྤྱི་ལོ2012ལོར་བདམས།)
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཡོན་ཁྲེང་ཡུས། སློབ་གཙོ། མ་ཡུན་ཏུང་།
དངོས་གཞིའི་ཆེད་ལས།
43ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན13དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན13ཡོད།    ཆེད་ལས་བསླབ་གནས་དབང་སྤྲོད་ཁྱབ་ཁོངས11ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན2ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས2ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཟོ་སྐྲུན་སློབ་གླིང་། མེ་འཁོར་དང་རླངས་འཁོར་བཟོ་སྐྲུན་སློབ་གླིང་། འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་སྐྲུན་སློབ་གླིང་། གློག་ཤུགས་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་སོགས།
སློབ་གླུ།
《ཏ་ལེན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གླུ།》
གནས་ཡུལ།
ཧྲ་ཧོ་ཁོའུ་སློབ་ཁུལ་དུ་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ཧྲ་ཧོ་ཁོའུ་ཆུས་རྨ་ཆུ་ལམ་ཨང794པ།    ལུས་ཧྲུན་ཁོའུ་སློབ་ཁུལ་དུ་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ལུས་ཧྲུན་ཁོའུ་ཆུས་ཤིན་ཧྥ་ལམ་ཨང216པ།
སློབ་གླིང་ཚབ་ཨང་།
10150
གཞུང་ཕྱོགས་དྲ་གནས།
http://www.djtu.edu.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་ཆེད་ལས།    

སྤྱི་ལོ2018ལོའི་ཟླ3པའི་བར། སློབ་གྲྭར་ཞིབ་འཇུག་སློབ་མའི་སློབ་གླིང་དང་རིམ་པ་གཉིས་པའི་སློབ་གླིང14ཡོད་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས43ཡོད། བཟོ་རིག་དང་། དོ་དམ་རིག་པ། རང་བྱུང་ཚན་རིག རྩོམ་རིག དཔལ་འབྱོར་རིག་པ། སྒྱུ་རྩལ་རིག་པ་བཅས་རྣམ་གྲངས6ཡོད།

1_2 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2018ལོའི་ཟླ7པ་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན913ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ160དང་དགེ་རྒན་ཆེན་མོ་གཞོན་པ324འབུམ་རམས་པའི་མཛུབ་སྟོན་དགེ་རྒན60བཅས་ཡོད། རབ་འབྱམས་པ་དང་འབུམ་རམས་པའི་མིང་བཏགས་ལྡན་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་འབོར་གྱི་བརྒྱ་ཆའི90ཟིན་ཡོད། དེ་དང་ཆབས་ཅིག་སློབ་གྲྭར་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན1ཡོད་པ་དང་། དུས་རབས་གསར་པའི“བརྒྱ་སྟོང་ཁྲིའི་འཇོན་མའི་འདུ་འགོད”རྒྱལ་ཁབ་རིམ་པའི་འོས་མི2དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན10རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན2ཚན་རྩལ་པུའི“གསར་གཏོད་ཤེས་ལྡན་མི་སྣ་སྐུལ་སྤེལ་འཆར་གཞིའི”ནང་ཞུགས་མཁན1ཞིང་ཆེན་དང་པུའུ་རིམ་པའི་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཆེད་མཁས་པ4དང་། ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི“ཤེས་ལྡན་མི་སྣ་རྩེ་གྲས”2ཞིང་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན7ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ2ཞིང་ཆེན་གྱི་“ཤེས་ལྡན་མི་སྣ་རྩེ་གྲའི”འོས་མི1ཞིང་ཆེན་གྱི་བརྒྱ་སྟོང་རིམ་པའི་འོས་མི77ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན8ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན11ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན26བཅས་ཡོད། ཞིང་ཆེན་ན་གཞོན་རིག་ཚན་གྱི་སྣེ་ཁྲིད་པ2ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ5བཅས་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ6དང་ཞིང་ཆེན་རིམ་པའི་ཚན་ཞིབ་གསར་གཏོད་ཚོགས་པ3ཡོད་པ་རེད།

2 ཚན་རིག་ཞིབ་འཇུག་སྟེགས་བུ།    

སྤྱི་ལོ2018ལོའི་ཟླ7པ་བར་སློབ་གྲྭར་ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་ལས་སྟེགས27ཡོད་པ་རེད། དེའི་ནང་སློབ་གསོ་པུའུ་ཡི་ལས་གྲྭའི་ཞིབ་འཇུག་ལྟེ་གནས1ཚུད་ཡོད། རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་དཔེ་སྟོན་སྒྲིག་གཞི1དང་། ལིའོ་ཉིན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཚན་རྩལ་ལས་སྟེགས་གལ་ཆེན1བཅས་ཡོད། རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་ལས་གྲྭའི་ཞིབ་འཇུག་ལྟེ་གནས1 ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས7དང་། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང4 ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི་གཙོ་གནད་ཚོད་ལྟ་ཁང6དང་ལེའོ་ཉིང་ཞིང་ཆེན་གྱི་སློབ་གསོ་ཚན་རིག་འཆར་འགོད་ཀྱི་གཙོ་གནད་ཞིབ་འཇུག་རྟེན་གཞི1བཅས་ཡོད་པ་རེད།     སྤྱི་ལོ2013ལོར་སློབ་གྲྭའི་སློབ་ཆེན་ཚན་རྩལ་གླིང་རྒྱལ་ཁབ་རིམ་པའི་སློབ་ཆེན་ཚན་རྩལ་གླིང་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2017ལོར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ལག་རྩལ་ཞིབ་འཇུག་ཁང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།

3 མཉམ་ལས་སྤེལ་རེས།   

སྤྱི་ལོ2018ལོའི་ཟླ7པ་བར་སློབ་གྲྭས་སྔ་རྗེས་སུ་ཨོ་སི་ཁྲུ་ལི་ཡ་དང་། ཨ་རི། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་སློབ་གླིང་དང་སློབ་གྲྭ་སོགས་སློབ་གསོའི་ཚན་ཞིབ་སྒྲིག་གཞི70ལྷག་ཙམ་དང་སློབ་གྲྭའི་དབར་གྱི་མཉམ་ལས་འབྲེལ་བ་བཙུགས་ཡོད། སྤྱི་ལོ2004ལོར་ཀྲུང་རིའི་མཛའ་གྲོགས་ཏ་ལེན་ཤེས་ལྡན་མི་སྣ་གསོ་སྦྱོང་ལྟེ་གནས་སུ་གཞིས་ཆགས་པ་དང་། སྤྱི་ལོ2011ལོར་ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་། ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སློབ་གསོ་སྤེལ་རེས་ལྟེ་གནས《1+2+1ཀྲུང་གོ་དང་ཨ་རིའི་ཤེས་ལྡན་པ་གསོ་སྐྱོང་འཆར་གཞིའི》རྣམ་གྲངས་ཀྱི་ཁོངས་མིའི་ཚན་པར་གྱུར་ཡོད། སྤྱི་ལོ2012ལོར་ཀྲུང་གོའི་སློབ་གསོ་པུས་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་བསྡུ་བའི་སློབ་གླིང་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2015ལོར《ཀྲུང་གོ་དང་ཨ་རིའི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞིའི》རྣམ་གྲངས121གི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་ཚོད་ལྟའི་རྟེན་གཞིར་ཆོག་མཆན་སྤྲད་པ་རེད།


དཔྱད་གཞིའི་ཡིག་ཆ།