ནན་ཅིང་ཡུལ་སྐོར་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-09-08 09:03ལ་འགྲུབ།

ནན་ཅིང་ཡུལ་སྐོར་ལས་རིགས་སློབ་གླིང་།

ནན་ཅིང་ཡུལ་སྐོར་ལས་རིགས་སློབ་གླིང་།
ནན་ཅིང་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་གཉེར་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2018ལོར་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京旅游职业学院
དབྱིན་ཡིག་གི་མིང་།
Nanjing institute of tourism and hospitality
བཙུགས་ལོ།
སྤྱི་ལོ1978ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
གཞུང་གཉེར་མཐོ་སློབ།
སློབ་སྒྲུབ་ངོ་བོ།
ཞིང་ཆེན་གྱི་ཁོངས་གཏོགས་ཆེད་སྦྱོང་སློབ་གྲྭ།
རྣམ་པ།
ཡུལ་སྐོར།
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་།
སློབ་གྲྭའི་ཚབ་ཨང་།
14180
གནས་ཡུལ།
ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཅང་ཉིན་ཆུས་ཡུའེ་ཧྭ་ལམ1པོ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
མགྲོན་ཁང་དོ་དམ་སློབ་གླིང་དང་། ཡུལ་སྐོར་དོ་དམ་སློབ་གླིང་། གཡོས་སྦྱོར་དང་འཚོ་བཅུད་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། མི་ཚུལ་སྒྱུ་རྩལ་སློབ་གླིང་། ཡུལ་སྐོར་ཕྱི་སྐད་སློབ་གླིང་།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོར་ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ལྟར། ཅང་སུའུ་ཞིང་ཆེན་ཡུལ་སྐོར་སློབ་གྲྭ་ཅང་སུའུ་དབྱི་ཞིན་དུ་བཙུགས་ནས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སློབ་གྲྭ་དང་པོར་གྱུར་ཡོད། སློབ་གྲྭ་བཙུགས་མ་ཐག་པའི་དུས་སུ། སློབ་གྲྭའི་གཙོ་གཉེར་གྱི་འགན་ཅང་སུའུ་ཞིང་ཆེན་གྱི་ཕྱི་དོན་གཞུང་ལས་ཁང་གིས་འཁུར་ཡོད་པ་དང་། སྐབས་དེར་ཞབས་ཞུ་དང་། ཁ་ལོ་བ། གཡོས་སྦྱོར་བཅས་ཆེད་ལས་གསུམ་ཡོད།

སྤྱི་ལོ1979ལོར་སློབ་གྲྭའི་གཙོ་གཉེར་འགན་འཁུར་ཅང་སུའུ་ཞིང་ཆེན་ཡུལ་སྐོར་ཅུས་ལ་སྤྲད།    

སྤྱི་ལོ1982ལོར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅང་སུའུ་ཞིང་ཆེན་ཡུལ་སྐོར་སློབ་གྲྭས་ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཧྭ་ཡན་ཀང་དུ་སློབ་གྲྭ་གསར་པ་འཛུགས་རྒྱུའི་གྲ་སྒྲིག་བྱས།

སྤྱི་ལོ1984ལོར་ཅང་སུའུ་ཞིང་ཆེན་ཡུལ་སྐོར་སློབ་གྲྭའི་རྨང་གཞིའི་ཐོག་ནན་ཅིང་ཡུལ་སྐོར་སློབ་གྲྭ་བཙུགས་པ་དང་། སློབ་གྲྭའི་ངོ་བོ་ལག་རྩལ་བཟོ་པའི་སློབ་གྲྭ་ནས་འབྲིང་རིམ་ཆེད་ལས་སློབ་གྲྭར་བསྒྱུར།

སྤྱི་ལོ1993ལོར་སློབ་གྲྭས་དུས་གཅིག་ཏུ་དམའ་འབྲིང་སློབ་ཐོན་སློབ་མ་བསྡུ་འགོ་ཚུགས།

སྤྱི་ལོ2000ལོ་ནས་བཟུང་། སློབ་གྲྭས་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་མགོ་བརྩམས།

སྤྱི་ལོ2001ལོར་ཅིན་ལིང་མགྲོན་ཁང་དོ་དམ་ལས་བྱེད་པའི་སློབ་གླིང་གིས་ནན་ཅིང་ཡུལ་སྐོར་སློབ་གྲྭ་དང་མཉམ་དུ་སློབ་སྒྲུབ་བྱས་པས། ཅང་སུའུ་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་འཇོན་མི་གསོ་སྐྱོང་རྟེན་གཞི་གཙོ་བོར་གྱུར།

སྤྱི་ལོ2007ལོར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་འབྲེལ་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་ནས་སློབ་གྲྭའི་མིང་ལ་ནན་ཅིང་ཡུལ་སྐོར་ལས་རིགས་སློབ་གླིང་ཞེས་བསྒྱུར།

སྤྱི་ལོ2009ལོར་སློབ་གྲྭ་ནན་ཅིང་ཅང་ཉིང་སློབ་ཁུལ་གསར་པར་དངོས་སུ་གནས་སྤོར་བྱས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2020ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་མགྲོན་ཁང་དོ་དམ་སློབ་གླིང་དང་། ཡུལ་སྐོར་དོ་དམ་སློབ་གླིང་། གཡོས་སྦྱོར་དང་འཚོ་བཅུད་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། མི་ཚུལ་སྒྱུ་རྩལ་སློབ་གླིང་། ཡུལ་སྐོར་ཕྱི་སྐད་སློབ་གླིང་། རྨང་གཞི་པུའུ། བསམ་བློ་ཆབ་སྲིད་པུའུ། ལུས་རྩལ་པུའུ་སོགས་རིམ་པ་གཉིས་པའི་སློབ་གླིང6དང་རིག་གཞུང་པུའུ3ཡོད། 

2_2 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་རིག་གནས་ཡུལ་སྐོར་ལས་རིགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆེད་ལས20ལྷག་ཙམ་བཀོད་སྒྲིག་བྱས་པའི་ནང་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་ཡུལ་སྐོར་རིགས་ཀྱི་དཔེ་སྟོན་ཆེད་ལས1ཡོད་པ་དང་། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་རྒྱབ་སྐྱོར་བྱས་ནས་བཙུགས་པའི་གཙོ་གནད་ཆེད་ལས2དང་། ཞིང་ཆེན་རིམ་པའིAརིགས་ཀྱི་སྤུས་རྟགས་ཆེད་ལས1དང་། ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་རྐང་འཛིན་ཆེད་ལས4ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས2བཅས་ཡོད། སློབ་གྲྭའི་དངོས་སྦྱོང་རྟེན་གཞི50ནང་ཀྲུང་དབྱང་ནོར་སྲིད་པུའུ་ཡིས་རྒྱབ་སྐྱོར་བྱས་པའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི1དང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སློབ་གསོའི་སློབ་གྲྭ་དང་ཁེ་ལས་མཉམ་ལས་དཔེ་སྟོན་རྟེན་གཞི1ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་དཔེ་སྟོན་དངོས་སྦྱོང་རྟེན་གཞི2བཅས་ཡོད།

2_3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ3པའི་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་དགེ་རྒན་དང་ལས་བཟོ་བ340ལྷག་ཙམ་ཡོད་པ་དང་ཆེད་བསྐོས་དགེ་རྒན་གྱི་ཁྲོད་རབ་འབྱམས་པ་དང་འབུམ་རམས་པས73.5%བཟུང་བ་དང“ཉིས་འཇོན་རྣམ་པའི་དགེ་རྒན” 84%ལས་བརྒལ་ཡོད། རྒྱལ་ཡོངས་ཡུལ་སྐོར་ལས་རིགས་ཨུ་ལྷན་དང་བཟའ་བཏུང་ལས་རིགས་ཨུ་ལྷན་གྱི་ཨུ་ཡོན2ཡོད། རྒྱལ་ཁབ་རིམ་པའི་གསོལ་མགྲོན་ཁང་གི་གྲགས་ཅན་དཔྱད་འདེམས་པ་དངAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཞིབ་དཔྱད་རིགས་གཅིག་མཁས་ཅན་མི46དང་ཡུལ་སྐོར་ལས་རིགས་ཀྱི་ན་གཞོན་རིགས་གཅིག་མཁས་ཅན་གསོ་སྐྱོང་འཆར་གཞིའི་མི2བཅས་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་ཞིབ་ལས་ཁུངས།

སྤྱི་ལོ2016ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ཇུས་འགོད་གླིང1དང་སློབ་གྲྭ་རིམ་པའི་ཚན་ཞིབ་ཁང1བཅས་ཡོད།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

2016ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་སྔ་རྗེས་སུ་ཚན་ཞིབ་ལས་གཞི120ལྷག་ཙམ་འགན་འཁུར་བའི་ནང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི1དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི14ཡོད། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ8བཅས་བླངས་ཡོད།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་གསར་དུ་བསྐྲུན་པའི་དཔེ་མཛོད་ཁང་སྤྱི་ལོ2010ལོའི་ཟླ4པར་སྤྱོད་འགོ་ཚུགས་པ་དང་། རིམ་རྩིས་བྱས་ན་ཚད་ལྡན་གྱི་ཤོག་བུའི་ཡིག་ཆ་ཁྲི20ལྷག་ཙམ་ཉར་ཚགས་བྱས་ཡོད། ཕྱི་ཡིག་གི་དུས་དེབ་རིགས22དང་། རྒྱ་ཡིག་གི་དུས་དེབ་རིགས348ཚགས་པར་རིགས50ལྷག་བཅས་ཡོད། རྒྱ་ཡིག་གི་གློག་རྡུལ་དཔེ་དེབ་ཁྲི13བཅས་ཉར་ཚགས་བྱས་ཡོད།

4 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཀྲོའུ་ཁྲུན་ལིན།

གླིང་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡེ་ལིང་པོ།

ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི། ཐེན་དབྱིན་ཧྲེང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ་གཞོན་པ། ཧོང་པིན།


དཔྱད་གཞིའི་ཡིག་ཆ།