ཧྥུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2003ལོའི་ཟླ6པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་ནས། དེ་སྔའི་ཅང་ཞི་ཞིང་ཆེན་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཧྥུའུ་ཀྲོའུ་ཞིང་ལས་སློབ་གྲྭ་དང་ཧྥུའུ་ཀྲོའུ་རིག་རྩལ་སློབ་གྲྭ་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ2007ལོར་ཧྥུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྥུའུ་ཀྲོའུ་དཔལ་འབྱོར་ཚོང་དོན་སློབ་གྲྭ(གཙོ་གནད་འབྲིང་རིམ་ཆེད་ལས་དང་དེ་སྔའི་ཧྥུའུ་ཀྲོའུ་ལས་རིགས་སློབ་ཆེན)ཅང་ཞི་འཕྲུལ་ཆས་གློག་རྡུལ་ལག་རྩལ་བཟོ་བའི་སློབ་གྲྭ(རྒྱལ་ཡོངས་ཀྱི་གཙོ་གནད་ལག་རྩལ་སློབ་གྲྭ)དང་ཧྥུའུ་ཀྲོའུ་གྲོང་ཁྱེར་ལག་རྩལ་བཟོ་བའི་སློབ་གྲྭས་བཙུགས་པའི་རང་བྱུང་རིག་པ་དང་། བཟོ་རིག དཔལ་འབྱོར་ཚོང་དོན། སྐྱེ་དངོས། སྒྱུ་རྩལ་བཅས་གཞི་གཅིག་ཏུ་འདུས་པ་དང་། མཐོ་རིམ་ཉེར་སྤྱོད་ཅན་གྱི་ལག་རྩལ་དོ་དམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པའི་གཞུང་གཉེར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དཀྱུས་མའི་སློབ་གླིང་ཞིག་ཡིན།
ཧྥུའུ་ཀྲོའུ་ཞིང་ལས་སློབ་གྲྭ་ནི་སྤྱི་ལོ1989ལོའི་ཟླ1པོའི་ཚེས1ཉིན་སྒོ་བྱང་བཀལ་ནས་བཙུགས།
ཧྥུའུ་ཀྲོའུ་རིག་རྩལ་སློབ་གྲྭ་ནི་སྤྱི་ལོ1977ལོར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས།
ཅང་ཞི་ཧྥུའུ་ཀྲོའུ་དཔལ་འབྱོར་ཚོང་དོན་སློབ་གྲྭ་ནི་སྤྱི་ལོ1993ལོའི་ཟླ1པོའི་ཚེས22ཉིན་ཧྥུའུ་ཀྲོའུ་རུ་སྒོ་བྱང་བཀལ་ནས་བཙུགས།
སློབ་གླིང་གི་ས་ཁྱོན་མུའུ938.86ཟིན་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ6000ཡས་མས་ཟིན་ཡོད། སློབ་གྲྭའི་ཕྱི་ནང་གི་དངོས་སྦྱོང་རྟེན་གཞི་བརྒྱ་ལ་ཉེ་བ་དང་དཔེ་མཛོད་ཁང་དུ་དཔེ་ཆ་ཁྲི25ཉར་ཚགས་བྱས་ཡོད་པ་དང་། གློག་རྡུལ་དཔེ་ཆ400GBབཅས་ཡོད།
ད་ཆ་སློབ་གླིང་དུ་འཕྲུལ་ཆས་གློག་རྡུལ་དང་། དཔལ་འབྱོར་དོ་དམ། ཆ་འཕྲིན་འདུ་འགོད། སྒྱུ་རྩལ་དང་སློབ་ཞུགས་གོང་གི་སློབ་གསོ། སྣོད་བཅུད་ཡུལ་སྐོར། རླངས་འཁོར་འདུ་འགོད། ཞབས་ཞུ་འགན་གཙང་སྤྲོད་པ་སོགས་སྡེ་ཁག7ཡོད་།
སློབ་གླིང་དུ་ད་ལྟ་དགེ་རྒན446ཡོད། དེའི་ནང་ཆེད་བསྐོས་དགེ་རྒན318ཡོད་པ་དང་ཆེད་བསྐོས་དགེ་རྒན་ཁྲོད་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་གོ་མིང98ཡོད། ཉིས་འཇོན་རྣམ་པའི་དགེ་རྒན172ཡོད།
ཏང་ཨུའི་ཧྲུའུ་ཅི། ཞུའུ་ཡོའུ་ཐེན།
ཡོན་ཀྲང་། ལིའུ་ཧྲིང་།
ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུའུ་ཐའོ།
ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གཞོན་པ། ཧྥན་ཧུའེ་ལིང་།