ཧྲེན་དབྱང་བཟོ་ལས་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 15:04ལ་འགྲུབ།

ཧྲེན་དབྱང་བཟོ་ལས་སློབ་ཆེན།

ཧྲེན་དབྱང་བཟོ་ལས་སློབ་ཆེན།
ཧྲེན་དབྱང་བཟོ་ལས་སློབ་ཆེན་ནི་སྤྱི་ལོ1949ལོར་བཙུགས་པ་དང་། སྤྱི་ལོ1985ལོར་ཧྲེན་དབྱང་འཕྲུལ་གློག་སློབ་གླིང་ནས་ཧྲེན་དབྱང་བཟོ་ལས་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ1998ལོ་ནས་བཟུང་ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་སྐྲུན་བྱས་ཏེ་ལིའོ་ཉིང་ཞིང་ཆེན་གྱིས་དོ་དམ་བྱ་རྒྱུ་གཙོ་བོར་བཟུང་། སློབ་གྲྭར་ཤེས་རམས་པ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་གསུམ་གྱི་བསླབ་གནས་སྤྲོད་དབང་ཡོད། འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས4བཙུགས་ཡོད། ད་ཡོད་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན5དང་། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན20བཅས་ཡོད། ད་ཡོད་སློབ་གྲྭར་དགེ་རྒན་དཔུང་ཁག1313ཡོད་པའི་ནང་ཡོན་ཧྲི2དང་དགེ་རྒན་ཆེན་མོ186དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན165ཡོད་པ་རེད། ད་ལྟ་དངོས་གཞི་སློབ་མ་དཀྱུས་མ18415དང་། རབ་འབྱམས་ཞིབ་འཇུག་སློབ་མ3070འབུམ་རམས་ཞིབ་འཇུག་སློབ་མ342བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳工业大学
ཕྱི་ཡིག་གི་མིང་།
Shenyang University of Technology
བཙུགས་ལོ།
སྤྱི་ལོ1949ལོར།
སློབ་གཉེར་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ལིའུ་ཙི་ཁང། སློབ་གཙོ། ཀུའོ་ལེན་ཅུན།
ཆེད་བསྐོས་ཡོན་ཧྲི་གྲངས།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི2ཡོད།
མཐོ་རིམ་ལས་རིགས་ཆེད་ལས།
11ཡོད།
དངོས་གཞིའི་ཆེད་ལས།
59ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་སློབ་གནས་ཀྱི་དབང་ཆ་རིམ་པ་དང་པོའི་རིག་ཚན20དང་།    ཆེད་ལས་སློབ་གནས་ཀྱི་དབང་ཆ་སྤྲོད་པའི་རིགས5ཡོད།    ཆེད་ལས་སློབ་གནས་ཀྱི་དབང་སྐུར་ཁྱབ་ཁོངས13(ལས་གྲྭའི་རབ་འབྱམས་པ)ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་སློབ་གནས་ཀྱི་དབང་ཆ་རིམ་པ་དང་པོའི་རིག་ཚན5ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས4ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་གཉིས་པའི་རིག་ཚན1ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གླིང20དང་སློབ་ཁྲིད་པུའུ2ཡོད།
སློབ་གླུ།
《སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་ལ་འོད་སྟོང་འཕྲོ། 》
སློབ་གླིང་ཚབ་ཨང་།
10142
གཞུང་ཕྱོགས་དྲ་གནས།
http://www.sut.edu.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།     

སྤྱི་ལོ2020ལོའི་ཟླ6པ་བར་སློབ་གྲྭ་དེར་སློབ་ཁུལ་གསུམ་དང་ཚན་རྩལ་གླིང་དང་པོའི་སློབ་གླིང20དང་། སློབ་ཁྲིད་པུའུ2ལས་གྲྭའི་ལག་ལེན་ལྟེ་གནས2བཅས་བཙུགས་ཡོད། 

1_2 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2017ལོའི་ཟླ7པར་གཞུང་ཕྱོགས་དྲ་གནས་ཀྱི་དཔྱད་ཡིག་ལས་མངོན་པར་གཞིགས་ན། སློབ་གྲྭའི་དགེ་རྒན་དཔུང་སྡེ་ལ་ཁྱོན་མི1308ཡོད་པའི་ནང་ཡོན་ཧྲི2དང་། དགེ་རྒན་ཆེན་མོ་བ185དགེ་རྒན་ཆེན་མོ་གཞོན་པ406འཆད་ཁྲིད་དགེ་རྒན662འབུམ་རམས་པའི་མཛུབ་སྟོན་དགེ་རྒན97 རབ་འབྱམས་པའི་མཛུབ་སྟོན་དགེ་རྒན488 ན་གཞོན་རིག་ཚན་གྱི་སྣེ་ཁྲིད་པ70བཅས་ཡོད། འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན་གྱིས་དགེ་རྒན་དཔུང་སྡེ་བསྡོམས་འབོར་གྱི33.9%བཟུང་བ་དང་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན་གྱིས་དགེ་རྒན་དཔུང་སྡེ་བསྡོམས་འབོར་གྱི85.9%བཟུང་ཡོད། མཐོ་རིམ་གོ་མིང་ལྡན་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད45.2%ཟིན་ཡོད། 

1_3 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2014ལོའི་ཟླ6པའི་བར་སློབ་གྲྭ་དེར་ཤེས་རམས་པ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་གསུམ་གྱི་བསླབ་གནས་སྤྲོད་ཆོག་པའི་དབང་ཆ་ཡོད་པ་རེད། རིམ་པ་དང་པོའི་རིག་གཞུང་ཚན་ཁག5དང་རིམ་པ་གཉིས་པའི་རིག་གཞུང་ཚན་ཁག19ལ་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད། གློག་ཤུགས་ལས་གྲྭ་དང་། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། འཕྲུལ་ཆས་ལས་གྲྭའི་འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས་བཅས་བཙུགས་ཡོད་པ་དང་། རིམ་པ་གཉིས་པའི་རིག་ཚན77ལ་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད། གཞན་ཡང་ལས་གྲྭའི་རབ་འབྱམས་པ་དང་། བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ་དང་རྩིས་གཉེར་གྱི་རབ་འབྱམས་པ་དང་དེ་བཞིན་ལས་གྲྭའི་དོ་དམ་གྱི་རབ་འབྱམས་པ་བཅས་ཀྱི་ཆེད་ལས་བསླབ་གནས4ཡོད་པ་རེད། དེའི་ནང་ལས་གྲྭའི་རབ་འབྱམས་པའི་ནང་སློབ་བསྡུའི་ཁྱབ་ཁོངས12ཚུད་ཡོད་ཅིང་། དེ་ནི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ་(MBA)གྱི་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མའི་གསོ་སྐྱོང་ཚན་པ་ཞིག་རེད།

2 སྤེལ་རེས་དང་མཉམ་ལས།     

སྤྱི་ལོ2014ལོའི་ཟླ3པ་བར་སློབ་གྲྭ་དེས་ཨ་རི་དང་། ཨུ་རུ་སུ། འཇར་པན། འཇར་མན། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། ཧྥིན་ལན་སོགས་རྒྱལ་ཁབ་ཀྱི་སློབ་གྲྭ36དང་ཡུན་རིང་བརྟན་ལྷིང་གི་སློབ་གྲྭའི་དབར་གྱི་མཉམ་ལས་འབྲེལ་བ་བཙུགས་ཡོད། སྤྱི་ལོ1985ལོ་ནས་བཟུང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བསྡུ་འགོ་ཚུགས། སྤྱི་ལོ2001ལོ་ནས་བཟུང་དབྱིན་ཇིའི་པེ་ཏེ་ཕུའུ་ཐེ་སློབ་ཆེན་དང་། ཨོ་སི་ཁྲུ་ལི་ཡའི་ཀེ་ལི་ཧྥེ་སི་སློབ་ཆེན། ཨ་རིའི་པན་ཉི་ཏི་ཁེ་སློབ་ཆེན་བཅས་ཀྱིས་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མའི་རྒྱལ་སྤྱིའི་མཉམ་ལས་སློབ་གཉེར་བྱས་པ་དང་ཨ་རིའི་པན་ཉི་ཏི་ཁེ་སློབ་ཆེན་དང་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པའིMBAཞིབ་འཇུག་སློབ་མ་སྐབས་བརྒྱད་པ་ཐོན་ཡོད།

3 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ལིའུ་ཙི་ཁང་།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ། ཀུའོ་ལེན་ཅུན།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལི་དབྱིན་རྨིན།     

སྒྲིག་ཨུའི་ཧྲུའུ་ཅི། པའེ་ཆིའུ་ཡན།     

སློབ་གཙོ་གཞོན་པ། ལི་སན་ཞི་དང་། ཡོན་ཞའོ་ཀོང་། ཧོ་ཡིའུ་ཁྲུན། ཝང་ཧྲི་ཅེ།


དཔྱད་གཞིའི་ཡིག་ཆ།