ཧྲེན་དབྱང་མཁའ་སྐྱོད་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 15:05ལ་འགྲུབ།

ཧྲེན་དབྱང་མཁའ་སྐྱོད་སློབ་ཆེན།

ཧྲེན་དབྱང་མཁའ་སྐྱོད་སློབ་ཆེན།
ཧྲེན་དབྱང་མཁའ་སྐྱོད་སློབ་ཆེན་ནི1952ལོར་བཙུགས་པ་རེད། དེ་སྔའི་མཁའ་འགྲུལ་བཟོ་ལས་པུའུ་ཡི་ཁོངས་གཏོགས་ཀྱི་དངོས་གཞིའི་ཚན་ཁག་གི་མཁའ་འགྲུལ་སློབ་གླིང6གི་གྲས་ཤིག་ཡིན་པ་དང་། ཐོག་མར“ཧྲེན་དབྱང་མཁའ་འགྲུལ་བཟོ་ལས་སློབ་གྲྭ”ཞེས་མིང་བཏགས་ཡོད། “ཏུང་པའེ་བཟོ་ལས་སློབ་གྲྭ་དང་པོ”དང་། “ཧྲེན་དབྱང་བཟོ་ལས་སློབ་གྲྭ་དང་པོ”“ཧྲེན་དབྱང་མཁའ་འགྲུལ་བཟོ་ལས་སློབ་གྲྭ” “ཧྲེན་དབྱང་མཁའ་འགྲུལ་བཟོ་ལས་ཆེད་སྦྱོང་སློབ་གྲྭ”“ཧྲེན་དབྱང་མཁའ་འགྲུལ་བཟོ་ལས་སློབ་གླིང”སོགས་ཀྱི་དུས་རིམ་བརྒྱུད། སྤྱི་ལོ2010ལོའི་ཟླ3པར“ཧྲེན་དབྱང་མཁའ་སྐྱོད་སློབ་ཆེན”ཞེས་པར་དངོས་སུ་མིང་བསྒྱུར། སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གྲྭས་ས་ཆ་མུའུ1731བཟུང་ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི81.6ཡོད་པ་དང་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར19.6ཡིན། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.71ཡིན། དེའི་འོག་ཏུ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སྡེ་ཚན22བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས58དང་འབུམ་རམས་པའི་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན1བཅས་ཡོད། རབ་འབྱམས་པའི་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན15དང་ཆེད་ལས་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས12 དགེ་རྒན་དང་ལས་བཟོ་པ1600ལྷག་ཡོད། སློབ་མ22000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳航空航天大学
ཕྱི་ཡིག་གི་མིང་།
Shenyang Aerospace University
བསྡུས་མིང་།
SAU
བཙུགས་ལོ།
སྤྱི་ལོ1952ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
ཞིང་ཆེན་དང་པུའུ་མཉམ་སྐྲུན་མཐོ་སློབ།    ཕུལ་དུ་བྱུང་བའི་བཟོ་བཀོད་པ་སློབ་གསོ་གསོ་སྐྱོང་འཆར་གཞི། (སྤྱི་ལོ2010ལོར་བདམས་པ། )
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཧྲུའུ་ཅི།ཧོའོ་ཞིན་པའོ།    སློབ་གཙོ། སུན་ཞའོ་ཕིན།
ཆེད་བསྐོས་ཡོན་ཧྲི།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི1ཡོད།
དངོས་གཞིའི་ཆེད་ལས།
58ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན15དང་།    ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་བའི་རིགས3ཡོད།    ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་བའི་ཁྱབ་ཁོངས9ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་སློབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན1ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སྡེ་ཁག22ཡོད།
སློབ་གླིང་ཚབ་ཨང་།
10143
གཞུང་ཕྱོགས་དྲ་གནས།
http://www.sau.edu.cn
1 སློབ་སྒྲུབ་གཞི་ཁྱོན།
1_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།     

སྤྱི་ལོ2018ལོའི་ཟླ9པའི་བར། སློབ་གྲྭའི་འོག་ཏུ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སྡེ་ཚན22བཙུགས་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས58ཡོད། རང་བྱུང་ཚན་རིག་དང་། བཟོ་ལས། དཔལ་འབྱོར། དོ་དམ། རིག་གནས། སྒྱུ་རྩལ་བཅས་རིག་ཚན་ཆེན་པོ་དྲུག་ཚུད་ཡོད།     

1_2 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2018ལོའི་ཟླ9པ་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1600ལྷག་ཙམ་ཡོད་པ་དང་ཆེད་བསྐོས་དགེ་རྒན་ཆིག་སྟོང་ཙམ་ཡོད། དེའི་ནང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི1དང་ཆེད་བསྐོས་ཡོན་ཧྲི9ཡོད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན20དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན368ཡོད། མཐོ་རིམ་ལག་རྩལ་གྱི་གོ་མིང་ཡོད་པའི་དགེ་རྒན503དང་འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན405ཡོད། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་ཚོགས་པ3ཡོད། ལེའོ་ཉིང་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན13དང་སློབ་གྲྭ་རིམ་པའི་དགེ་རྒན་གྲགས་ཅན25ཡོད། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་པ1དང་ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ3བཅས་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ25དང་། ལིའོ་ཉིན་ཞིང་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ5ཡོད།  ལེའོ་ཉིང་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་བརྒྱ་དང་། སྟོང་། ཁྲི་རིམ་པ་བཅས་ཀྱི་ཤེས་ལྡན་མི་སྣ72དང་ལེའོ་ཉིང་ཞིང་ཆེན་གྱི་གཞོན་ནུ་རྐང་འཛིན་དགེ་རྒན23ཡོད། ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་མཁས་དབང་བརྒྱ་ཙམ་གྱིས་སློབ་གྲྭའི་དགེ་རྒན་ཆེན་མོའི་གཅིག་ལྕོགས་ཀྱི་འགན་བཞེས་ཡོད།

2 རིག་གཞུང་ཞིབ་འཇུག
2_1 ཚན་རིག་ཞིབ་འཇུག་སྒྲིག་གཞི     

སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས2ཡོད་པ་རེད། ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཚོད་ལྟ་ཁང(ལས་གྲྭའི་ལྟེ་གནས)21དང་། ཞིང་ཆེན་རིམ་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས1 རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཀྱི་རྒྱལ་སྲུང་ཚན་རྩལ་གསར་གཏོད་ཚོགས་པ1དང་། ལེའོ་ཉིང་ཞིང་ཆེན་མཐོ་སློབ་ཀྱི་གསར་གཏོད་ཚོགས་པ4བཅས་ཡོད།

3 མཉམ་ལས་སྤེལ་རེས།

སྤྱི་ལོ2018ལོའི་ཟླ9པའི་བར། རྒྱལ་ཁབ80ཡི་སློབ་མ1200ལྷག་ཙམ་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་ཡོད་པ་དང་། སློབ་གྲྭ་དང་ཧྥ་རན་སེའི་ཕི་ཁ་ཏི་སློབ་ཆེན། ཨུ་རུ་སུའི་མོ་སི་ཁོ་མཁའ་འགྲུལ་སློབ་གླིང་སོགས་ཀྲུང་གོའི་ཕྱི་རྒྱལ་གྱི་མཐོ་སློབ་དང་ཚན་ཞིབ་ཁང125ལ་རིག་གཞུང་སྤེལ་རེས་དང་ཚན་ཞིབ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། དགེ་རྒན་གཞུང་དོན་གྱི་ཆེད་ཕྱི་རྒྱལ་དུ་བསྐྱོད་མཁན་མི་ཐེངས300ལྷག་ཙམ་ཡོད་པ་དང་སློབ་མ་རྒྱལ་ཁབ(རྒྱལ་མཚམས)ཕྱིར་སྤེལ་རེས་བྱེད་མཁན་མི་ཐེངས700ཙམ་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་དུ་ཚན་ཞིབ་མཉམ་ལས་དང་། རིག་གཞུང་སྤེལ་རེས། ཟབ་སྦྱོང་གསོ་སྦྱོང་བཅས་བྱེད་པར་བསྐྱོད་ཡོད།


དཔྱད་གཞིའི་ཡིག་ཆ།