ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-09 15:59ལ་འགྲུབ།

ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་།

ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་།
ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་ཆེན་ནི་སྤྱི་ལོ1952ལོར་བཙུགས་པ་རེད། སྤྱི་ལོ1958ལོར་དངོས་གཞིའི་ཚན་ཁག་ཏུ་འཕར་ཞིང་མིང་ལ་ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་ཞེས་བཏགས། སྤྱི་ལོ1960ལོར་ལེའོ་ཉིང་ཚན་རིག་ལག་རྩལ་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ1962ལོར་ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་གླིང་དུ་མིང་བསྒྱུར། རྫས་འགྱུར་བཟོ་ལས་པུའུ་ཡི་ཁོངས་གཏོགས་ཡིན། སྤྱི་ལོ1998ལོར་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་ལ་དོ་དམ་བྱ་རྒྱུར་བསྒྱུར་བ་དང་སྤྱི་ལོ2010ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་ཆེན་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳化工大学
ཕྱི་ཡིག་གི་མིང་།
shenyang university of chemical technology
བསྡུས་མིང་།
SYUCT
བཙུགས་ལོ།
སྤྱི་ལོ1952ལོར།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་མཐོ་སློབ། (སྤྱི་ལོ2010ལོར) ཕུལ་དུ་བྱུང་བའི་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞི། (སྤྱི་ལོ2011ལོར)    དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གྲྭ (སྤྱི་ལོ2018ལོར)    ལེའོ་ཉིང་ཞིང་ཆེན་གྱི“རྩེ་གྲས་གཉིས”ཀྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ། (སྤྱི་ལོ2017ལོར)
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
སློབ་གཙོ། ཞུས་ཀོང་ཝུན། ཏང་ཨུའི་ཧྲུའུ་ཅི་ཝང་ཆང་།
དངོས་གཞིའི་ཆེད་ལས།
57ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན13དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན64ཡོད།    ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་བའི་རིགས4ཡོད།    ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་བའི་རིགས་ཁྱབ་ཁོངས7ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རིམ་པ་གཉིས་པའི་ཁང(ཚན་ཁག)དང་ཐད་གཏོགས་ལས་ཁུངས25ཡོད།
སློབ་གླུ།
《སྤོབས་པ་དང་གཟི་བརྗིད།》
གཞུང་ཕྱོགས་དྲ་གནས།
http://www.syuct.edu.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2019ལོའི་ཟླ12བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1227ཡོད་པ་དང་། དེའི་ནང་ཆེད་བསྐོས་དགེ་རྒན903ཡོད་པའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་པའི་དགེ་རྒན99ཡོད། མཐོ་རིམ་གཞོན་པའི་གོ་མིང265འབྲིང་རིམ་གྱི་གོ་མིང་ཡོད་མཁན490ཡོད། དམའ་རིམ་གོ་མིང་ཡོད་མཁན49ཡོད་པ་དང་སློབ་ཕྱིའི་ཆེད་བསྐོས་དགེ་རྒན192གདན་འདྲེན་ཞུས་ཡོད། རྒྱལ་ཁབ་ཀྱི“973”འཆར་གཞིའི་རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་པ། ཀྲུང་གོ་ཚན་རིག་ཁང་གི“མི་བརྒྱའི་ཕུལ་བྱུང་འཆར་གཞི”ལ་ཞུགས་མཁན་སོགས་མི་ཐེངས7ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ17ཡོད། རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། པའོ་ཀང་ཕུལ་བྱུང་དགེ་རྒན་སོགས་མི་ཐེངས6དང་། ལིའོ་ཉིན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ་དང་། ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ། ཞིང་ཆེན་གྱི་བརྒྱ་སྟོང་ཁྲིའི་འཇོན་མི་སོགས་མི་ཐེངས117ཡོད། ལིའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན། ཞིང་ཆེན་གྱི་སློབ་ཁྲིད་རྐང་འཛིན་པ་སོགས་མི་ཐེངས88ཡོད། ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གྲྭའི་གསར་གཏོད་ཚོགས་པ་དང་སློབ་ཁྲིད་ཚོགས་པ11དང་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་ཚོགས་པ1ཡོད་པ་རེད།

1_2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།     

སྤྱི་ལོ2020ལོའི་ཟླ་པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རིམ་པ་གཉིས་པའི་ཁང(ཚན་ཁག)དང་ཐད་གཏོགས་སྒྲིག་གཞི25དང་དངོས་གཞིའི་ཚན་ཁག་གི་ཆེད་ལས57བཙུགས་ཡོད།

1_3 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2019ལོའི་ཟླ12བར་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱ་ཡུལ13ཡོད་པ་དང་། རིམ་པ་གཉིས་པའི་རིག་ཚན53ཡོད་པ་དང་ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་ཁུལ9ཡོད་པ་རེད། ལེའོ་ཉིང་ཞིང་ཆེན་གྱི་རིམ་པ་གཉིས་པའི་གཙོ་གནད་རིག་ཚན8ཡོད་པ་དང་སྤྱི་ལོ2014ལོར་རྫས་འགྱུར་ལས་གྲྭ་དང་ལག་རྩལ་རིམ་པ་དང་པོའི་རིག་ཚན་ལེའོ་ཉིང་ཞིང་ཆེན་གྱི་ཁྱད་ལྡན་རིག་ཚན་རྩེ་གྲས་འཛུགས་སྐྱོང་གི་གྲས་སུ་བཅུག་ཡོད།

2 ཚན་རིག་ཞིབ་འཇུག་ལས་ཁུངས།     

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་དང་ས་གནས་ཀྱི་མཉམ་འབྲེལ་ལས་གྲྭའི་ཚོད་ལྟ་ཁང་དང་། སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་། ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང་། ལས་གྲྭའི་ལག་རྩལ་ལྟེ་གནས། ལག་རྩལ་གསར་པ་སྤོ་སྒྱུར་ཁྱབ་གདལ་ལྟེ་གནས་སོགས40ལྷག་ཙམ་ཡོད་པ་དང་། སློབ་གྲྭ་ནི“ལེའོ་ཉིང་གི་ཞིབ་ཕྲའི་རྫས་འགྱུར་བཟོ་ལས་མཐུན་སྦྱོར་གསར་གཏོད་ལྟེ་གནས”དང་། “ལེའོ་ཉིང་ཞིང་ཆེན་གྱི་ཞིབ་ཕྲའི་རྫས་འགྱུར་བཟོ་ལས་ཐོན་ལས་ལག་རྩལ་མནའ་འབྲེལ”“ལེའོ་ཉིང་ཞིང་ཆེན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཐོན་ལས་སློབ་ཁེ་མནའ་འབྲེལ”བཅས་ཀྱི་སྣེ་ཁྲིད་ཚན་པ་ཡིན་པ་རེད།

3 མཉམ་ལས་སྤེལ་རེས།     

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནསཐོག་མངོན་པར་གཞིགས་ན། སློབ་གྲྭས་ཀྲུང་གོའི་ཕྱི་རྒྱལ་གྱི་མཐོ་སློབ་དང་ཚན་ཞིབ་ཚན་པ30ལྷག་ཙམ་དང་ཡུན་རིང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།