ཧྲེན་དབྱང་འཛུགས་སྐྲུན་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-15 15:06ལ་འགྲུབ།

ཧྲེན་དབྱང་འཛུགས་སྐྲུན་སློབ་ཆེན།

ཧྲེན་དབྱང་འཛུགས་སྐྲུན་སློབ་ཆེན།
ཧྲེན་དབྱང་འཛུགས་སྐྲུན་སློབ་ཆེན་ནི་ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་མཐོ་རིམ་སློབ་གྲྭ་ཡིན། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་རྩེ་གྲའི་གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་ཁོངས་སུ་གཏོགས། རྒྱལ་ཁབ་ཀྱི“111འཆར་གཞིའི”ནང་བདམས་ལ། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་འདུ་འགོད་ཀྱི་རྒྱབ་སྐྱོར་མཐོ་སློབ་བརྒྱ་ཡི་ནང་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳建筑大学
ཕྱི་ཡིག་གི་མིང་།
Shenyang Jianzhu University
བསྡུས་མིང་།
SJZU
བཙུགས་ལོ།
སྤྱི་ལོ1948ལོར།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཏུང་ཡུས་ཁོན། སློབ་གཙོ། ཡན་ཝེ་ཏུང་།
དངོས་གཞིའི་ཆེད་ལས།
47ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན16དང་།    ཆེད་ལས་བསླབ་གནས་ཀྱི་དབང་ཆ་གནང་བའི་རིགས15ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན5ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས2ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཆར་འགོད་སློབ་གླིང་དང་། ས་ཤིང་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་སོགས་སློབ་གླིང16ཡོད། (སློབ་ཁྲིད་པུའུ། )
སློབ་གླུ།
《འཛུགས་སྐྲུན་ཕུགས་འདུན》
གནས་ཡུལ།
ཧྲེན་དབྱང་གྲོང་ཁྱེར་ཧུན་ནན་ཆུས་ཀྱི་ཧུན་ནན་དབུས་ལམ་ཨང25པ།
སློབ་གླིང་ཚབ་ཨང་།
10153
གཞུང་ཕྱོགས་དྲ་གནས།
http://www.sjzu.edu.cn
1 ​སློབ་སྒྲུབ་ཆ་རྐྱེན།
2 སློབ་གླིང་དང་སྡེ་ཁག་ཆེད་ལས།     

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་སློབ་གླིང16(སློབ་ཁྲིད་པུའུ)བཙུགས་ཡོད་པ་དང་། དངོས་གཞིའི་ཚན་ཁག་ལ་ཆེད་ལས་རིགས24ཚུད་པ་དང་ཁྱོན་ཆེད་ལས་རིགས47ཡོད་པ་རེད།     

2_1 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་དྲ་གནས་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1700ལྷག་ཡོད་པའི་ནང་འབུམ་རམས་པ་དང་རབ་འབྱམས་པ571ཡོད་པ་དང་། དགེ་རྒན་ཆེན་མོ180དང་དགེ་རྒན་ཆེན་མོ་གཞོན་པ410ལྷག་ཙམ་ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”བརྒྱ་སྟོང་ཁྲིའི་འཇོན་མིའི་ལས་གྲྭའི་སྣེ་ཁྲིད་ཤེས་ལྡན་མི་སྣ1ཡོད། “དུས་རབས་གསར་པའི་ཤེས་ལྡན་པའི་ལས་གཞི”ཡི་རྒྱལ་ཁབ་རིམ་པའི་འོས་མི4དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་ཚོ་ཆུང་གི་ཁོངས་མི། སློབ་གསོ་པུའུ་ཡི་ཆེད་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་། མཐོ་རིམ་སློབ་གྲྭའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན12བཅས་ཡོད། སློབ་གསོ་པུའུ(སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ)ཡི་ཨར་ལས་བཟོ་སྐྲུན་གྱི་ཆེད་ལས་སློབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན9 རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། སློབ་གསོ་པུའུ་བཅས་ཀྱི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”ནང་ཞུགས་མཁན་མི23ཡོད། ལེའོ་ཉིང་ཞིང་ཆེན་གྱི་ཕན་ཏིན་མཁས་དབང་དང་། དམིགས་བསལ་གདན་ཞུའི་དགེ་རྒན་ཆེན་མོ། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། ལེའོ་ཉིང་ཞིང་ཆེན་གྱི་བརྒྱ་སྟོང་ཁྲིའི་འཇོན་མིའི་འདུ་འགོད“མི་བརྒྱ་རིམ་པའི”འོས་མི66དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ་གསུམ་ཡོད།

2_2 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་རིག་ཚན11ཡོད་པ་དང་། ཞིང་ཆེན5ཡི་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་རིག་ཚན་གཙོ་གནད་དུ་བཟུང་བ། འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན5རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན16 རབ་འབྱམས་པའི་ཆེད་ལས་བསླབ་གནས་སྤྲོད་དབང་གནས15དང་འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས2བཅས་ཡོད།

3 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་དྲ་གནས་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཚན་རྩལ་ལས་སྟེགས3དང་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཚོད་ལྟ་ཁང37(ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས)ཡོད། ལེའོ་ཉིང་ཞིང་ཆེན་གསར་གཏོད་ཚོགས་པ10ཡོད་པ་རེད།

4 མཉམ་ལས་སྤེལ་རེས།     

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་ཨ་རིའི་མའེ་ཨ་སྨི་སློབ་ཆེན་དང་། ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་ཚན་རྩལ་སློབ་ཆེན། ཨུ་རུ་སུའི་ཏུན་ཧོ་གཞུང་བཙུགས་ལག་རྩལ་སློབ་ཆེན། དབྱིན་ཇིའི་ཤེ་ཧྥེར་ཏེ་སློབ་ཆེན་སོགས་རྒྱལ་ཁབ་དང་ས་ཁུལ40ལྷག་ཙམ་གྱི་སློབ་ཆེན60ལྷག་ཙམ་དང་སློབ་གྲྭ་དབར་སྤེལ་རེས་སམ་ཡང་ན་ཚན་ཞིབ་དང་མཉམ་ལས་སློབ་གཉེར་གྱི་འབྲེལ་བ་བཙུགས་པ་དང་། སློབ་གྲྭ་དང་ཨ་རིའི་པན་ཉི་ཏི་ཁེ་སློབ་ཆེན་གྱིས་མཉམ་ལས་ཐོག་གཉེར་བའི་ཆ་འཕྲིན་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་སློབ་གསོའི་རྣམ་གྲངས་ནི་རྟེན་གཞིའི་དཔེ་སྟོན་རྣམ་གྲངས་ཡིན་པ་དང་། “ཀྲུང་ཧྥན(ཡོ་རོབ་བྱང་མ)ཤིང་ལས་གྲུབ་པའི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་སྤྲོ་ཁང་འཛུགས་སྐྲུན་དཔེ་སྟོན་རྣམ་གྲངས”དང“ཀྲུང་གོ་དང་འཇར་མན་གྱི་ནུས་རྒྱུ་གྲོན་ཆུང་དཔེ་སྟོན་ལྟེ་གནས”ཀྱིས་རྩེར་སོན་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལས་སྟེགས་བཏོད་པ། སློབ་གྲྭས་རོ་མ་ཉི་ཡ་ཐེ་ལའེ་ཤིས་ཝ་ཉི་ཡ་སློབ་ཆེན་དང་མཉམ་དུ་ཁུང་ཙི་སློབ་གླིང་བཙུགས་པ་རེད།


དཔྱད་གཞིའི་ཡིག་ཆ།