ཧྲིན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-09 11:50ལ་འགྲུབ།

ཧྲིན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།

ཧྲིན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
ཧྲིན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སྔོན་ཆད་སྤྱི་ལོ1948ལོར་བཙུགས་པའི་ཏུང་པའེ་དམག་ཁུལ་དམག་གི་བཟོ་ལས་པུའུ་ཡི་བཟོ་ལས་ཆེད་གཉེར་སློབ་གྲྭ་ཡིན། སྤྱི་ལོ1960ལོར་ཧྲེན་དབྱང་བཟོ་ལས་སློབ་གླིང་བཙུགས། སྤྱི་ལོ2004ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཧྲེན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ2016ལོར་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱས་པའི་རྒྱལ་སྲུང་ཁྱད་ཆོས་ལྡན་པའི་སློབ་གླིང་ཞིག་ཏུ་གྱུར། སྤྱི་ལོ2019ལོའི་ཟླ6པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི113ཡོད་པ་དང་། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི44.4ཟིན་ནས་སློབ་གླིང་དང་། ཚན་ཁག པུའུ་བཅས19བཙུགས་ཡོད། དངོས་གཞིའི་ཆེད་ལས55བཙུགས། འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས1དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་ཀའི་ས་ཚིགས1རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན13ལས་གྲྭའི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཁྱབ་ཁོངས8ཆེད་ལས་བསླབ་གནས་སྤྲོད་དབང་ས་ཚིགས4བཅས་ཡོད། དགེ་རྒན་དང་ལས་བཟོ་པ1685ཡོད་པ་དང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ17003ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳理工大学
ཕྱི་ཡིག་གི་མིང་།
ShenyangLigongUniversity
བཙུགས་ལོ།
སྤྱི་ལོ1948ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
དངོས་གཞིའི་ཆེད་ལས།
55ཡོད།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲང་ཐིའེ་ཡན།    སློབ་གཙོ། ལིའུ་ཅུན།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས1དང་།    ཚན་རིག་ཞིབ་འཇུག་གི་ལས་དོན་ས་ཚིགས1ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན13དང་།    ཆེད་ལས་རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་ཁུལ་4ཡོད།    ལས་གྲྭའི་རབ་འབྱམས་པའི་དབང་བཅོལ་ཁྱབ་ཁོངས8ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སྒྲིག་ཆས་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན་སློབ་གླིང་སོགས།
སློབ་གླུ།
《ལང་ཚོའི་བསྟོད་གླུ།》
སློབ་གླིང་ཚབ་ཨང་།
10144
བྱ་དགའ་གཙོ་བོ།
རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ།    རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཚན་པ།
གཞུང་ཕྱོགས་དྲ་གནས།
http://www.sylu.edu.cn
1 སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།    

སྤྱི་ལོ2019ལོའི་ཟླ6པའི་བར། སློབ་གྲྭར་སློབ་གླིང་དང་། ཚན་ཁག པུའུ་བཅས19དང་དངོས་གཞིའི་ཚན་ཁག་གི་ཆེད་ལས55བཙུགས་ཡོད།     

1_2 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2019ལོའི་ཟླ6པ་བར་སློབ་གྲྭའི་འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས1དང་འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་དོན་ས་ཚིགས1ཡོད་པ་དང་། རབ་འབྱམས་པའི་བསླབ་གནས་ཀྱི་དབང་ཆ་གན་བའི་རིམ་པ་དང་པོའི་རིག་ཚན13ཡོད་པའི་ནང་རིམ་པ་གཉིས་པའི་རིག་ཚན45(རིག་ཚན་གྱི་ཁ་ཕྱོགས)ཡོད་པ་དང་། ལས་གྲྭའི་རབ་འབྱམས་པའི་དབང་བཅོལ་ཁྱབ་ཁོངས8དང་ཆེད་ལས་བསླབ་གནས་སྤྲོད་དབང་ཡོད་ཁུལ4ཡོད།     

1_3 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2019ལོའི་ཟླ6པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1685ཡོད། དེའི་ནང་གདན་འདྲེན་ཞུས་པའི་ཡོན་ཧྲི1དང་། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན424ཡོད། མཐོ་རིམ་གོ་མིང་གི་ཆེད་བསྐོས་དགེ་རྒན546ཡོད། རྒྱལ་ཁབ་ཀྱི“ཤེས་ལྡན་མི་སྣའི་འདུ་འགོད”མི་བརྒྱའི་རིམ་པ་དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པ། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ”13བཅས་ཡོད། ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་། ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ། ཞིང་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན། ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་ཚན་རྩལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི། ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་ན་གཞོན་མཁས་དབང་འཚར་ལོངས་འཆར་གཞི། ཞིང་ཆེན་གྱི“ཤེས་ལྡན་མི་སྣ་ས་ཡ་མང་པོའི་འདུ་འགོད”མི་བརྒྱའི་རིམ་པ70ཡོད། ལེའོ་ཉིང་ཞིང་ཆེན་གྱི་གསར་གཏོད་ཚོགས་པ4བཅས་ཡོད་པ་རེད།

2  མཉམ་ལས་སྤེལ་རེས།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་གནས་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭས་ཨ་རི་དང་། ཨུ་རུ་སུ། དབྱིན་ཇི། ཁ་ན་ཏ། འཇར་མན། ཧྥ་རན་སེ། ཧྥིན་ལན་སོགས་རྒྱལ་ཁབ18ཀྱི་མཐོ་སློབ80དང་དེ་བཞིན་ཚན་ཞིབ་ཁང་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དང་ཕོ་ལན་ཤིས་ལི་ཤིས་ཡ་ལག་རྩལ་སློབ་ཆེན་དང་རྫས་འགྱུར་ལས་གྲྭ་དང་བཟོ་རྩལ་ཆེད་ལས་ཀྱི་ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་རྣམ་གྲངས་ལ་སློབ་གསོ་པུའི་དངོས་གཞིའི་ཚན་ཁག་གི་མཉམ་ལས་སློབ་གཉེར་རྣམ་གྲངས་ལ་ཆོག་མཆན་ཐོབ་པ་རེད། ཨུ་རུ་སུ་དང་པའེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གི་ཁོངས་སུ་གཏོགས་པའི་ཞིབ་འཇུག་ཁང9དང་མཉམ་དུ་སྒྲིག་ཆས་ལག་རྩལ་སྔོན་ཐོན་གྱི་མཉམ་ལས་ཚོད་ལྟ་ཁང4བཙུགས། དབྱིན་ཇི་དང་། ཨ་རི། ཁ་ན་ཏ། ཨུ་རུ་སུ། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་སློབ་ཆེན་དང་ལྷན་དུ2+1+1སྤེལ་བ། 2+2དང3+1སོགས་རྣམ་པ་མི་འདྲ་བའི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་རབ་འབྱམས་པའི་སློབ་མའི་མཉམ་འབྲེལ་སློབ་གཉེར་རྣམ་གྲངས་སྤེལ། ཨུ་རུ་སུའི་ཐུའོ་མུའུ་སི་ཁེ་རྒྱལ་བཙུགས་སློབ་ཆེན་དང་མཉམ་ལས་བྱས་ནས་ཁུང་ཙི་སློབ་གླིང་བཙུགས་པ་རེད།


དཔྱད་གཞིའི་ཡིག་ཆ།