སྤྱི་ལོ2015ལོའི་ཟླ6པའི་བར། སློབ་གྲྭ་དེར་ཞིབ་འཇུག་སློབ་མའི་སློབ་གླིང་དང་། རྨང་གཞིའི་གསོ་རིག་སློབ་གླིང་། སྤྱི་པའི་འཕྲོད་བསྟེན་སློབ་གླིང་། ཁྲིམས་ལུགས་གསོ་རིག་སློབ་གླིང་། ནད་གཡོག་སློབ་གླིང་། སྨན་བཅོས་སློབ་གླིང་། པེར་ཧྥ་སི་ཐེ་རྒྱལ་མོ་སློབ་ཆེན་བཅས་ཀྱི་མཉམ་འབྲེལ་སློབ་གླིང་དང་། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ནད་ཐོག་སློབ་གླིང་དང་པོ། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ནད་ཐོག་སློབ་གླིང་གཉིས་པ། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ནད་ཐོག་སློབ་གླིང་བཞི་པ། ནད་ཐོག་གསོ་རིག་སློབ་གླིང་། རྒྱལ་སྤྱིའི་གསོ་རིག་སློབ་གླིང་། སློབ་གསོ་རིག་པའི་སློབ་གླིང་། གསོ་རིག་སློབ་གླིང་། གསོ་རིག་ཆ་འཕྲིན་རིག་པའི་ཚན་ཁག་དང་། ནད་ལུགས་རིག་པའི་ཚན་ཁག་དང་། གསོ་རིག་ཞིབ་བཤེར་རིག་པའི་ཚན་ཁག རང་བྱུང་རིག་པ་དང་བཟོ་རིག་པ། ཕྲ་ཕུང་སྐྱེ་དངོས་རིག་པའི་ཚན་ཁག མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་། དྲ་རྒྱའི་སློབ་གསོའི་སློབ་གླིང་། རྒྱུན་མཐུད་སློབ་གསོ(དར་མའི་སློབ་གསོ)སློབ་གླིང་། ཚོད་ལྟའི་སྲོག་ཆགས་པུའུ། ཀྲུང་གོ་གསོ་རིག་སློབ་ཆེན་པེ་ཅིང་ཡན་ལག་སློབ་གྲྭ་སོགས་སློབ་གླིང་དང་། ཚན་ཁག པུའུ33ཡོད།
སྤྱི་ལོ2015ལོའི་ཟླ6པའི་བར་སློབ་གྲྭ་དེ་གའི་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ1462ཡོད་པ་རེད། སློབ་གྲྭ་ཡོངས(ཞོར་གཏོགས་སྨན་ཁང་ཚུད)ཀྱི་ཆེད་ལས་ལག་རྩལ་མི་སྣས་ལས་བཟོ་པའི་བསྡོམས་གྲངས་ཀྱི་བརྒྱ་ཆའི85.1ཟིན། དེའི་ནང་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི1ཡོད། ལས་ཐོག་ཏུ་ཡོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན52ཡོད་པ་དང་། ལིའོ་ཉིན་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་མི་ཐེངས4ཡོད། ལེའོ་ཉིང་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བ25དང་ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་རིགས་ཆེད་མཁས་པ་མི་ཐེངས18ཡོད་པ་རེད། སློབ་གྲྭ་ཡོངས་ཀྱི་སློབ་ཁྲིད་རིམ་པ708ཡོད། དགེ་རྒན་ཆེན་མོ་གཞོན་པ1008དང་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན982ཡོད་པའི་ནང་འབུམ་རམས་པའི་མཛུབ་ཁྲིད་དགེ་རྒན383ཡོད།
སྤྱི་ལོ2015ལོའི་ཟླ6པའི་བར། སློབ་གྲྭ་དེའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་རྣམ་གྲངས་ལ་ལོ་ལྔའི་ལམ་ལུགས་ཀྱི་ནད་ཐོག་གསོ་རིག་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1དང་ནད་ཐོག་སྨན་བཅོས་གསོ་རིག་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1ཡོད་པ་རེད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1བཅས་བཙུགས་ཡོད། ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན་བྱེད་ས5དང་། ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཆེད་ལས1 སྤུས་ལེགས་སློབ་ཚན11དང་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་བསླབ་ཚན9བཅས་ཡོད་པ་རེད། སློབ་ཁྲིད་ཚོགས་པ2དང་སྐད་གཉིས་སློབ་ཁྲིད་དཔེ་སྟོན་སློབ་ཚན1བཅས་ཡོད་པ་རེད། ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2དང་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1 སྤུས་ལེགས་སློབ་དེབ2དང་། “ལོ་ལྔའི་འཆར་འགོད་ཨང་བཅུ་གཉིས་པའི”འཆར་འགོད་སློབ་དེབ16བཅས་ཡོད།
སྤྱི་ལོ2015ལོའི་ཟླ6པའི་བར། སློབ་གྲྭ་དེས་དབྱིན་ཇིའི་པེར་ཧྥ་སི་ཐེ་རྒྱལ་མོ་སློབ་ཆེན་དང་མཉམ་ལས་བྱས་ནས་མཉམ་འབྲེལ་སློབ་གླིང་བཙུགས་པ་དང་། ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། འཇར་པན། ཨུ་རུ་སུ། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། དབྱི་ཐ་ལི། ཏེན་མག སི་ཕེན། ཁྲའོ་ཞན། ཧྥིན་ལན་བཅས་དང་དེ་བཞིན་ཨའོ་མོན་དང་ཐའེ་དབན་སོགས་རྒྱལ་ཁབ་དང་ས་ཁུལ87གྱི་སློབ་ཆེན་དང་ཚན་ཞིབ་སྒྲིག་གཞི་དང་སྤེལ་རེས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད། འཛམ་གླིང་དངུལ་ཁང(WBG)དང་། ཨ་རིའི་ཀྲུང་ཧྭ་གསོ་རིག་ཐེབས་རྩ་ལྷན་ཚོགས(CMB)འཇར་པན་རྒྱལ་སྤྱིའི་གཞོགས་འདེགས་བྱ་གཞག་ཚོགས་པ(JICA)སོགས་སྒྲིག་གཞི་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་བྱས་ཡོད། རྒྱལ་སྤྱིའི་གྲགས་ཅན་ཆེད་མཁས་པ་དང་མཁས་དབང315སློབ་གྲྭའི་གཟི་བརྗིད་མཚན་སྙན་གྱི་གོ་མིང་ལ་གདན་ཞུ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་གལ་ཆེན61དངCMBརྣམ་གྲངས35སྤེལ་ཡོད།