ཧྲེན་དབྱང་ཞིང་ལས་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-08 17:21ལ་འགྲུབ།

ཧྲེན་དབྱང་ཞིང་ལས་སློབ་ཆེན།

ཧྲེན་དབྱང་ཞིང་ལས་སློབ་ཆེན།
ཧྲེན་དབྱང་ཞིང་ལས་སློབ་ཆེན་ནི་སྤྱི་ལོ1952ལོར་བཙུགས་པ་དང་སྐབས་དེའི་ཧྥུའུ་ཏན་སློབ་ཆེན་གྱི་ཞིང་ལས་སློབ་གླིང(ཇ་ལོ་ཆེད་ལས་ཕུད)དང་ཧྲེན་དབྱང་ཞིང་ལས་སློབ་གླིང་གི་ཆེད་ལས་ཁག་གཅིག་ཟླ་སྒྲིལ་བཏང་ནས་གྲུབ། སྤྱི་ལོ1985ལོའི་ཟླ10པར་ཧྲེན་དབྱང་ཞིང་ལས་སློབ་ཆེན་ཞེས་པར་མིང་བསྒྱུར། བློ་མཐུན་ཏེང་ཞའོ་ཕིན་གྱིས་དངོས་སུ་སློབ་གྲྭའི་མིང་ཕྱག་བྲིས་གནང་། སྤྱི་ལོ2000ལོར་སློབ་གྲྭ་དེ་ཞིང་ལས་པུའུ་ཡི་ཁོངས་གཏོགས་ནས་ལེའོ་ཉིང་ཞིང་ཆེན་གྱིས་དོ་དམ་གཙོ་བོ་བྱེད་བཞིན་ཡོད། ལེའོ་ཉིང་ཞིང་ཆེན་དང་ཀྲུང་དབྱང་གིས་མཉམ་སྐྲུན་བྱས་པའི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་དུ་བསྒྱུར། སྤྱི་ལོ2007ལོར་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་རྩེ་གྲས་གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་ནང་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳农业大学
ཕྱི་ཡིག་གི་མིང་།
Shenyang Agricultural University
བསྡུས་མིང་།
SYAU
བཙུགས་ལོ།
སྤྱི་ལོ1952ལོ།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་ཆེན།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ལིའུ་ཀོང་ལིན་དང་སློབ་གཙོ་ཁྲེན་ཆི་ཅུན།
ཆེད་བསྐོས་ཡོན་ཧྲི་གྲངས།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི2ཡོད།
དངོས་གཞིའི་ཆེད་ལས།
57ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན21དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན87ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན10དང་།    རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་གཉིས་པའི་རིག་ཚན61ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས8དང་།    རིམ་པ་དང་པོའི་རིག་ཚན3ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སྲུང་སྐྱོང་སློབ་གླིང་དང་། ལྡུམ་རའི་ལག་རྩལ་སློབ་གླིང་། ཆུ་བེད་སློབ་གླིང་། ལས་གྲྭའི་དོ་དམ་སློབ་གླིང་། རང་བྱུང་རིག་པའི་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང16ཡོད།
སློབ་གྲྭའི་དམ་ཚིག
མཐུན་སྒྲིལ་ཧུར་བརྩོན། བདེན་འཚོལ་གསར་གཏོད།
སློབ་གླུ།
《ང་ཚོ་ནི་ས་གཞི་ཆེན་པོའི་བུ་ཕྲུག་ཡིན། 》
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་ཧྲིན་ཧི་ཆུས་ཏུང་ལིན་ལམ་ཨང120པ།
སློབ་གླིང་ཚབ་ཨང་།
10157
གཞུང་ཕྱོགས་དྲ་གནས།
http://www.syau.edu.cn
1 ​སློབ་སྒྲུབ་ཆ་རྐྱེན།
1_1 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2018ལོའི་ལོ་མཇུག་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1711ཡོད། དེའི་ནང་ཆེད་བསྐོས་དགེ་རྒན1224དང་དགེ་རྒན་ཆེན་མོ189ཡོད། དགེ་རྒན་ཆེན་མོ་གཞོན་པ338ཡོད་པ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན127དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན573ཡོད། ཆེད་ལས་དགེ་རྒན་ཁྲོད་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི2ཡོད། ཆེད་བསྐོས་ཡོན་ཧྲི5རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན2 རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ་ཐོབ་མཁན་སོགས་རྒྱལ་ཁབ་རིམ་པའི་ན་གཞོན་ཤེས་ལྡན་མི་སྣ2ཡོད། རྒྱལ་ཁབ་ཀྱི་“བརྒྱ་སྟོང་ཁྲིའི་འཇོན་མིའི་ལས་གྲྭ”ཡི་རིམ་པ་དང་པོ་དང་གཉིས་པའི་འོས་མི3དང་། དུས་རབས་གསར་པའི་བརྒྱ་སྟོང་ཁྲིའི་འཇོན་མིའི་ལས་གྲྭའི་རྒྱལ་ཁབ་རིམ་པའི་འོས་མི2ཡོད། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་འདུ་འགོད་ཀྱི་འོས་མི1ཡོད་པ་རེད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་ཚན་དཔྱད་བསྡུར་ཚོ་ཆུང་གི་ཁོངས་མི3 སློབ་གསོ་པུའུ་ཡི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་འོས་མི4ཡོད་པ་རེད། ཚན་རྩལ་པུའུ་ཡི་ན་གཞོན་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ1སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པ1བཅས་ཡོད་པ་རེད། ཞིང་ལས་པུའུ་ཞིང་ལས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་དེའི་གསར་གཏོད་ཚོགས་པ1དང་། ལེའོ་ཉིང་ཞིང་ཆེན་རིག་ཚན་དཔྱད་མོལ་ཚོགས་ཆུང་གི་ཁོངས་མི4དང་ལེའོ་ཉིང་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན21ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ9ཡོད།

1_2 སློབ་གླིང་དང་སྡེ་ཁག་ཆེད་ལས།    

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭར་སློབ་གླིང16དང་སློབ་ཁྲིད་པུའུ4(སྤྱི་ཚོགས་ཚན་རིག་པུའུ་དང་། ལུས་རྩལ་སློབ་ཁྲིད་པུའུ། ཕྱི་སྐད་སློབ་ཁྲིད་པུའུ། དབྱེ་ཞིབ་ཚད་ལེན་ལྟེ་གནས་བཅས་)ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས57བཙུགས་ཡོད།     

1_3 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ21རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ10 འབུམ་རམས་པའི་འཁོར་སྐྱོད་ས་ཚིགས8 རིམ་པ་དང་པོའི་རིག་ཚན3 རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན3དང་། ཞིང་ལས་པུའུ་ཡི་གཙོ་གནད་རིག་ཚན3བཅས་ཡོད། ལེའོ་ཉིང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་རིག་ཚན་རྩེ་གྲ6དང་ལེའོ་ཉིང་ཞིང་ཆེན་གྱི་གཙོ་གནད་རིག་ཚན22བཅས་ཡོད་པ་རེད།

2 རིག་གཞུང་ཞིབ་འཇུག     
2_1 ཚན་རིག་ཞིབ་འཇུག་ལས་ཁུངས།     

སྤྱི་ལོ2018ལོའི་ལོ་མཇུག་བར་སློབ་གྲྭར་རྒྱལ་ཁབ་པུའུ་ཨུའི་ཚན་ཞིབ་ལས་སྟེགས26དང་། ཞིང་ཆེན་རིམ་པའི་ཚན་ཞིབ་ལས་སྟེགས48གྲོང་ཁྱེར་རིམ་པའི་ཚན་ཞིབ་ལས་སྟེགས11སློབ་གྲྭ་རིམ་པའི་ཚན་ཞིབ་ལས་སྟེགས30བཅས་ཡོད་པ་རེད།     

2_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།     

སྤྱི་ལོ2000ལོ་ནས་སྤྱི་ལོ2018ལོ་བར། སློབ་གྲྭས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཚན་ཞིབ་རྣམ་གྲངས་སྣ་ཚོགས6600ལྷག་ཙམ་གྱི་འགན་འཁུར་བ་དང་གྲུབ་འབྲས288ལ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་བྱ་དགའ་ཐོབ་ཡོད། ཐོན་སྐྱེད་བྱེད་རིང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བརྒྱ་ཆའི78ཁྱབ་སྤེལ་དང་བེད་སྤྱོད་རྒྱ་ཆེན་པོ་བྱུང་ཡོད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ2པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“སྐབས་བཞི་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།


དཔྱད་གཞིའི་ཡིག་ཆ།