ཧྲེན་དབྱང་དགེ་ཐོན་སློབ་ཆེན།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-09-08 17:22ལ་འགྲུབ།

ཧྲེན་དབྱང་དགེ་ཐོན་སློབ་ཆེན།

ཧྲེན་དབྱང་དགེ་ཐོན་སློབ་ཆེན།
ཧྲེན་དབྱང་དགེ་ཐོན་སློབ་ཆེན་ནི་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་གནས་ཡོད། ལིའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། སློབ་གསོ་པུའུ་ཡི“ཕུལ་བྱུང་ཁྲིམས་ལུགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི”དང“ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞིའི”ནང་བདམས་ཐོན་བྱུང་བ་རེད། སློབ་གསོ་པུའུ་ཡིས་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མའི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་མཐོ་སློབ་ཁག་དང་པོ་དང་རྒྱལ་ཡོངས་ཀྱི་གསར་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་ཁག་གཉིས་པ། མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་བཅས་རྣམ་གྲངས་ཆེ་གྲས་བཅུ་ལ་ཁྱབ་པའི་རིག་ཚན་མང་བའི་སློབ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳师范大学
ཕྱི་ཡིག་གི་མིང་།
ShenyangNormalUniversity
བསྡུས་མིང་།
SNU
བཙུགས་ལོ།
སྤྱི་ལོ1951ལོའི་ཟླ5པར།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
དགེ་ཐོན།
སློབ་གྲྭའི་ཁྱད་ཆོས།
ཕུལ་དུ་བྱུང་བའི་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། (སྤྱི་ལོ2012ལོར)    ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི། (སྤྱི་ལོ2014)
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཅ་ཡུས་མིང་། (ཏང་ཨུའི་ཧྲུའུ་ཅི། ) ཧའོ་ཏེ་ཡུང་། (སློབ་གཙོ།)
དངོས་གཞིའི་ཆེད་ལས།
76ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན་དབང་བཅོལ་བྱེད་གནས24དང་།    ཆེད་ལས་བསླབ་གནས་སྤྲོད་དབང་གནས11ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རིག་གནས་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། སློབ་གསོ་ཚན་རིག་སློབ་གླིང་སོགས།
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཧོང་ཧུ་བྱང་ལམ་ཨང253པ།
སློབ་གླིང་ཚབ་ཨང་།
10166
བྱ་དགའ་གཙོ་བོ།
ལིའོ་ཉིང་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་སྟེ་རང་བྱུང་ཚན་རིག་གི་བྱ་དགའ་ཨང་གསུམ་པ་ཐོབ།   (སྤྱི་ལོ2015ལོར)
གཞུང་ཕྱོགས་དྲ་གནས།
http://www.synu.edu.cn
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར།
1 སློབ་གྲྭའི་ངོ་སྤྲོད།

སྤྱི་ལོ2018ལོའི་ཟླ6པ་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1842ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་མུའུ1413ཟིན་ཡོད། སློབ་གྲྭར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ19293ཡོད། རབ་འབྱམས་པའི་ཞིབ་འཇུག་སློབ་མ2917ཡོད་པ་དང་། དུས་ཐུང་གི་ཕྱི་སྦྱོང་སློབ་མ1029ཡོད། སློབ་གྲྭར་ད་ལྟ་རིམ་པ་གཉིས་པའི་སློབ་གླིང26དང་དངོས་གཞིའི་ཚན་ཁག་གི་ཆེད་ལས76ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ཧྲེན་དབྱང་དགེ་ཐོན་སློབ་གླིང་དང་ལེའོ་ཉིང་སློབ་གསོའི་སློབ་གླིང་ཟླ་སྒྲིལ་བཏང་ནས་ཧྲེན་དབྱང་དགེ་ཐོན་སློབ་ཆེན་འཛུགས་རྒྱུར་དངོས་སུ་ཆོག་མཆན་སྤྲད་པ་རེད།     

སྤྱི་ལོ2012ལོའི་ཟླ11པར་སློབ་གྲྭ་སློབ་གསོ་པུའུ་ཡི“ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི”ཁག་དང་པོར་བདམས་པ་རེད།     

སྤྱི་ལོ2014ལོའི་ཟླ12པར་སློབ་གསོ་པུའུ་ཡི“ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི”ཁག་དང་པོར་བདམས་པ་རེད།     

སྤྱི་ལོ2017ལོའི་ཟླ6པར་སློབ་གྲྭ་སློབ་གསོ་པུའུ་ཡི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་ཁག་གཉིས་པའི་ནང་ཚུད་ཡོད་པ་རེད།    

སྤྱི་ལོ2018ལོའི་ཟླ11པར་སློབ་གསོ་པུའུ་ཡིས་ཁག་དང་པོའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞིའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་ཧྲེན་དབྱང་དགེ་ཐོན་སློབ་ཆེན་བདམས་ཐོན་བྱུང་བ་རེད།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།     

སྤྱི་ལོ2020ལོའི་བར། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང26དང་དངོས་གཞིའི་ཚན་ཁག་གི་ཆེད་ལས76ཡོད་པ་དང་སློབ་བསྡུའི་ཆེད་ལས57ཡོད་པ་རེད།     

3_2 དགེ་རྒན་གྱི་དཔུང་སྡེ།     

སློབ་གྲྭར་ད་ལྟ་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་དགེ་རྒན་དང་ལས་བཟོ་བ2271ཡོད་པའི་ནང་ཆེད་བསྐོས་དགེ་རྒན1286ཡོད། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེན་མོ225དང་དགེ་རྒན་ཆེན་མོ་གཞོན་པ520ཡོད་པ་དང་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན532ཡོད་པ་རེད། རྒྱལ་ཁབ་ཀྱི་བརྒྱ་སྟོང་ཁྲིའི་འཇོན་མིའི་ལས་གྲྭའི་འོས་མི3 རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1ཡོད། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་འོས་མི3ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ11ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན3རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན1 ད་ལྟ་ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ6ཡོད། ཞིང་ཆེན་གྱི“ཞིན་ལིའོ་ཤེས་ལྡན་མི་སྣའི་འཆར་གཞི”ཡི་འོས་མི24དང་། ཞིང་ཆེན་གྱི“ཤེས་ལྡན་མི་སྣ་ས་ཡ་མང་པོའི་ལས་གྲྭ”ཡི་འོས་མི95 ཞིང་ཆེན་མཐོ་རིམ་སློབ་གྲྭའི་དགེ་རྒན15ཡོད། ཞིང་ཆེན་མཐོ་རིམ་སློབ་གྲྭའི་གསར་གཏོད་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་འོས་མི38དང་། ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན8 ཞིང་ཆེན་གྱི་སློབ་གསོའི་ལས་སྒྲུབ་པ་ཕུལ་བྱུང1 ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱི“དགེ་རྒན་ཡག་ཤོས”1དང་ཞིང་ཆེན་ཧོང་ཏ་ཉན་གྱི་དགེ་རྒན་ཚོགས་པ2 ད་ལྟ་ཧྲིན་དབྱང་གྲོང་ཁྱེར་གྱི་མཐོ་རིམ་ཤེས་ལྡན་མི་སྣ306ཡོད། གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན7ཡོད་པ་དང་། དགེ་རྒན་ཀུན་སྤྱོད་དཔེ་དམག5ཡོད། ད་ལྟ་ཧྲེན་དབྱང་དགེ་ཐོན་སློབ་ཆེན་གྱི་མི་བརྒྱའི་འཆར་གཞིའི་འོས་མི48ཡོད།

4 ཕྱི་ཕྱོགས་སྤེལ་རེས།     

སྤྱི་ལོ2017ལོའི་ཟླ5པའི་བར། སློབ་གྲྭས་སྔ་རྗེས་སུ་ཨ་རི་དང་། དབྱིན་ཇི། ཁ་ན་ཏ། འཇར་པན། ཨུ་རུ་སུ། ཏེན་མག ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ58དང་དེ་བཞིན་ཚན་ཞིབ་སྒྲིག་གཞི་དང་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་མཉམ་ལས་གྲོས་མཐུན་བཞག་པ་དང་འབྲེལ་དགེ་སློབ་ཕན་ཚུན་སྤེལ་རེས་དང་འཆད་ཁྲིད་ཀྱང་བྱས་པ་རེད། ཚན་རིག་ཞིབ་འཇུག་མཉམ་ལས་བྱ་རྒྱུ། དབུས་ཤར་ས་ཁུལ་དུ་རང་རྒྱལ་གྱི་ཁུང་ཙི་སློབ་གླིང་གཉིས་ཡོད་པ་སྟེ་ལེ་པ་ནོན་གྱི་པེ་ལུའུ་ཐེ་ཧྲེང་གཡོད་སེ་ཕུའུ་སློབ་ཆེན་ཁུང་ཙི་སློབ་གླིང་དང་ཅོར་ཏན་ཨན་མནTAGཁུང་ཙི་སློབ་གླིང་འཛུགས་སྐྲུན་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།