ཧྲེན་དབྱང་གསོ་རིག་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-28 10:38ལ་འགྲུབ།

ཧྲེན་དབྱང་གསོ་རིག་སློབ་གླིང་།

ཧྲེན་དབྱང་གསོ་རིག་སློབ་གླིང་།
ཧྲེན་དབྱང་གསོ་རིག་སློབ་གླིང་ནི་ཧྲེན་དབྱང་བྱང་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་དུ་གནས་ཡོད། སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ་ཞིག་ཡིན་ཞིང་། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པ་རེད། ཧྲེན་དབྱང་གསོ་རིག་སློབ་གླིང་ནི་སྤྱི་ལོ1949ལོར་བཙུགས་པ་དང་། སྐབས་དེ་དུས་ཧྲེན་དབྱང་གྲོང་ཁྱེར་དུ་མཐོ་རིམ་ནད་གཡོག་སློབ་གྲྭ་བཙུགས། སྤྱི་ལོ1978ལོའི་ཟླ12པར་ཧྲེན་དབྱང་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭའི་རྨང་གཞིའི་ཐོག་ཧྲེན་དབྱང་གསོ་རིག་ཆེད་སྦྱོང་སློབ་གྲྭར་བསྒྱུར། སྤྱི་ལོ1987ལོར་ཧྲེན་དབྱང་གསོ་རིག་ཆེད་སྦྱོང་སློབ་གྲྭར་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་སྤོར་བྱས་ནས་ཧྲེན་དབྱང་གསོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳医学院
ཕྱི་ཡིག་གི་མིང་།
Shenyang Medical College
བཙུགས་ལོ།
སྤྱི་ལོ1949ལོར།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
རྣམ་པ།
གསོ་སྨན།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཐའོ་ཆིང་ཚའེ།    ཡོན་ཀྲང་། རེན་ཕུའུ།
མཐོ་རིམ་ལས་རིགས་ཆེད་ལས།
14ཡོད།
དངོས་གཞིའི་ཆེད་ལས།
17ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་བའི་རིམ་པ་དང་པོའི་རིག་ཚན3ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་ལས་དོན་ས་ཚིགས1ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སྤྱི་པའི་འཕྲོད་བསྟེན་སློབ་གླིང་དང་། ནད་གཡོག་སློབ་གླིང་། གསོ་རིག་ཉེར་སྤྱོད་ལག་རྩལ་སློབ་གླིང་སོགས་སློབ་གླིང་དང་པུའུ13ཡོད།
སློབ་གླུ།
《ཧྲེན་དབྱང་གསོ་རིག་སློབ་གླིང་གི་གླུ་དབྱངས།》
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་རྨ་ཆུའི་བྱང་ལམ་ཨང146པ།
སློབ་གླིང་ཚབ་ཨང་།
10164
གཞུང་ཕྱོགས་དྲ་གནས།
http://www.symc.edu.cn
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1978ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྲེན་དབྱང་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭའི་རྨང་གཞིའི་ཐོག་ཧྲེན་དབྱང་གསོ་རིག་ཆེད་སྦྱོང་སློབ་གྲྭར་བསྒྱུར།     

སྤྱི་ལོ1987ལོའི་ཟླ5པར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས་དེ་སྔའི་གསོ་རིག་ཆེད་སྦྱོང་སློབ་གྲྭའི་རྨང་གཞིའི་ཐོག་ཧྲེན་དབྱང་གསོ་རིག་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།    

སྤྱི་ལོ1997ལོར་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་ལ་ཚད་ལོན་དཔྱད་དཔོག་བདེ་བླག་ངང་བྱས་པ་རེད།     

སྤྱི་ལོ2009ལོར་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་རྣམ་གྲངས་འཛུགས་པའི་ཚན་པར་གྱུར་ཡོད།     

སྤྱི་ལོ2013ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པ་རེད།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།     

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་སློབ་ཁྲིད་ཚན་པ13དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས17དང་མཐོ་རིམ་ལས་རིགས་ཆེད་ལས14བཙུགས་ཡོད། ཐད་གཏོགས་ཞོར་གཏོགས་སྨན་ཁང2དང་ཐད་གཏོགས་མིན་པའི་ཞོར་གཏོགས་སྨན་ཁང17ཡོད།     

2_2 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ4547ཡོད་པའི་ནང་ཆེད་བསྐོས་དགེ་རྒན671ཡོད། སློབ་གྲྭ་རང་གི་ཆེད་གཉེར་དགེ་རྒན་ནང་། རབ་འབྱམས་པའི་མིང་བཏགས་ཡན་གྱི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད་ཀྱི་བརྒྱ་ཆའི82ཟིན་པ་དང་། འབུམ་རམས་པའི་མིང་བཏགས་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད་བརྒྱ་ཆའི29ཟིན་ཡོད། དེའི་ནང་སློབ་གྲྭའི་གཙོ་གནད་རིག་ཚན་གྱི་འབུམ་རམས་པའི་དགེ་རྒན་གྱི་བསྡུར་གྲངས70%ཟིན་པ་དང་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་མཚན་འཛིན་དགེ་རྒན་ཆེན་མོ་བ་དང་གདན་ཞུའི་དགེ་རྒན་ཆེན་མོ70ལྷག་ཙམ་གདན་ཞུ་བྱས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན9 ཞིང་ཆེན་དང་གྲོང་ཁྱེར་གྱི་ཕུལ་བྱུང་ཆེད་མཁས་པ14དང་ཧྲེན་དབྱང་གྲོང་ཁྱེར་གྱི་དགེ་རྒན10ཡོད། ལེའོ་ཉིང་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ4ཡོད།

3 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ལེའོ་ཉིང་ཞིང་ཆེན་གྱི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་གཙོ་གནད་རིག་ཚན1དང་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིག་ཚན3ཡོད། རྒྱལ་ཡོངས་ཀྱི་འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་དོན་ས་ཚིགས1བཅས་བཙུགས་ཡོད།     

4 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས1དང་། ལེའོ་ཉིང་ཞིང་ཆེན་གྱི་དཔེ་སྟོན་ཆེད་ལས1ལེའོ་ཉིང་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས3ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས3བཅས་ཡོད། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན9བཅས་ཡོད་པ་རེད།

5 མཉམ་ལས་སྤེལ་རེས།     

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་སྔ་རྗེས་སུ་ཨ་རི་དང་། དབྱིན་ཇི། འཇར་པན། ཧོ་ལན། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ་སོགས་རྒྱལ་ཁབ་ཀྱི་སློབ་ཆེན་དང་ཞིབ་འཇུག་སྒྲིག་གཞི་ཉི་ཤུ་ལྷག་ཙམ་དང་མཛའ་གྲོགས་འབྲེལ་བ་བཙུགས་ནས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱས་པ་དང་། རྒྱལ་སྤྱི་དང་རྒྱལ་ཡོངས་ཀྱི་རིག་གཞུང་གྲོས་ཚོགས་ཐེངས་མང་སྒྲུབ་འགན་ཁུར།

6 འགོ་ཁྲིད།
གོ་གནས།

མིང་།

ཏང་ཨུའི་ཧྲུའུ་ཅི། ཐའོ་ཆིན་ཚའེ།
ཡོན་ཀྲང་། རེན་ཕུའུ།
ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཁའེ་ཅུན།
ཡོན་ཀྲང་གཞོན་པ། ཀྲུའུ་ཆི་ཝུན། ལིའུ་ཁྲིན་གོ རེན་པིན། ཧན་སུང་། པི་ཅན།
སྒྲིག་ཨུའི་ཧྲུའུ་ཅི། ཀྲའོ་ཤིན་མིང་།


དཔྱད་གཞིའི་ཡིག་ཆ།