ཧྲེན་དབྱང་རོལ་དབྱངས་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-28 09:32ལ་འགྲུབ།

ཧྲེན་དབྱང་རོལ་དབྱངས་སློབ་གླིང་།

ཧྲེན་དབྱང་རོལ་དབྱངས་སློབ་གླིང་།
ཧྲེན་དབྱང་རོལ་དབྱངས་སློབ་གླིང་ནི་རྒྱལ་ཁབ་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི་དང་། མཐོ་རིམ་སློབ་གྲྭའི་གསར་བརྗེའི་ཕུལ་བྱུང་སྒྱུ་རྩལ་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཚན་པ། ལེའོ་ཉིང་ཞིང་ཆེན་སྒྱུ་རྩལ་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི། ལེའོ་ཉིང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི་བཅས་རེད། སྤྱི་ལོ2016ལོར། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལེའོ་ཉིང་ཞིང་ཆེན་གྱི་རྩེར་སོན་སློབ་ཆེན་གྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ་ཏུ་གཏན་འཁེལ་བྱས་པ་དང“རོལ་དབྱངས་དང་ཞབས་བྲོ་རིག་པ”ལེའོ་ཉིང་ཞིང་ཆེན་གྱི་རྩེར་སོན་འཛུགས་སྐྲུན་རིག་ཚན་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2019ལོར་རང་རེའི་སློབ་གླིང་ཞིང་ཆེན་སྲིད་གཞུང་གིས་ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གྲྭའི“རྩེ་གྲས་གཉིས”ཀྱི་རིག་ཚན་འཛུགས་སྐྲུན་གྱི་གཙོ་གནད་རྒྱབ་སྐྱོར་མཐོ་སློབ13གྱི་གྲས་སུ་གཏན་འཁེལ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈阳音乐学院
ཕྱི་ཡིག་གི་མིང་།
Shenyang Conservatory of Music
བཙུགས་ལོ།
སྤྱི་ལོ1938ལོར།
སློབ་གཉེར་ངོ་བོ།
གཞུང་གཉེར་སློབ་གྲྭ།
སློབ་གྲྭའི་རིགས་དབྱེ།
སྒྱུ་རྩལ་གྱི་སྐོར།
སློབ་གྲྭའི་ཁྱད་ཆོས།
ལིའོ་ཉིང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོ།
གཙོ་གཉེར་ཚན་པ།
ལིའོ་ཉིང་ཞིང་ཆེན།
འགོ་ཁྲིད།
ཅི་ཧུའེ་པིན། (སློབ་གཙོ།)
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
2ཡོད།
སློབ་གླིང་དང་སྡེ་ཁག་གི་བཀོད་སྒྲིག
གཞས་གདངས་སྡེ་ཁག སྒྲ་དབྱངས་སྡེ་ཁག མི་རིགས་སྒྲ་དབྱངས་སྡེ་ཁག སྦུག་རྒྱུད་སྡེ་ཁག རོལ་དབྱངས་སློབ་གསོའི་སྡེ་ཁག ཞབས་བྲོའི་སྡེ་ཁག སྨྱན་སྦྱོར་སྡེ་ཁག འཁྲབ་སྟོན་སྡེ་ཁག་སོགས།
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་ཧའོ་ཕིང་ཆུས་སན་ཧའོ་སྲང་ལམ་ཨང61པ།
སློབ་གླིང་ཚབ་ཨང་།
10177
བྱ་དགའ་གཙོ་བོ།
རྒྱལ་ཡོངས་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཚན་པ། (སྤྱི་ལོ2000ལོར)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལེའོ་ཉིང་ཧྲེན་དབྱང་།
གཞུང་ཕྱོགས་དྲ་གནས།
http://www.sycm.com.cn
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2008ལོའི་ཟླ3པར་སློབ་གླིང་གིས་མཉམ་གཞས་བཀོད་འདོམས་ཆེད་ལས་ཀྱི་ཁ་ཕྱོགས་དང་ཟློས་གར་གློག་བརྙན་བརྙན་འཕྲིན་མཛེས་རྩལ་ཇུས་འགོད་ཆེད་ལས་བཙུགས་ཡོད།     

སྤྱི་ལོ2009ལོའི་ཟླ3པར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གླིང་གིས་སྒྲ་ཕབ་སྒྱུ་རྩལ་ཆེད་ལས་བཙུགས་ཡོད།

སྤྱི་ལོ2017ལོའི་ཟླ་དང་པོར་ཧྲེན་དབྱང་རོལ་དབྱངས་སློབ་གླིང་ལེའོ་ཉིང་ཞིང་ཆེན་རྩེར་སོན་སློབ་ཆེན་གྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ་ནང་ཚུད་པ་རེད།

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།  

སྤྱི་ལོ2014ལོའི་ཟླ9པ་བར་སློབ་གྲྭའི་སློབ་གཞིར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན1དང་ལེའོ་ཉིང་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན8ཡོད། རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་བ13ཡོད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན5ཡོད། ལེའོ་ཉིང་ཞིང་ཆེན་རིམ་པའི་ཕུལ་བྱུང་ཆེད་མཁས་པ2དང་གྲོང་ཁྱེར་རིམ་པའི་ཕུལ་བྱུང་ཆེད་མཁས་པ6ཡོད། ལེའོ་ཉིང་ཞིང་ཆེན་གྱི“ཁག་གཉིས་པའི”སྣེ་ཁྲིད་ཤེས་ལྡན་པ1ཡོད། ལེའོ་ཉིང་ཞིང་ཆེན་གྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི“ཁག་གཅིག་བཞིའི”ཤེས་ལྡན་མི་སྣ3ཡོད། ལེའོ་ཉིང་ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་ལས་སྣེ་ཁྲིད་པ3 ལིའོ་ཉིང་ཞིང་ཆེན་གྱི“དུས་རབས་གསར་པའི་ཤེས་ལྡན་མི་སྣ་ས་ཡ་མང་པོའི་ལས་གྲྭ”ཡི་འོས་མི། “རིམ་པ་བརྒྱ”དང་། “རིམ་པ་སྟོང”7ཡོད། ལེའོ་ཉིང་ཞིང་ཆེན་མཐོ་སློབ་ཀྱི་གཞོན་ནུའི་ཕུལ་བྱུང་མཁས་དབང་བདུན་འཚར་ལོངས་འཆར་གཞི། ལེའོ་ཉིང་ཞིང་ཆེན་གྱི་གཞོན་ནུ་རྐང་འཛིན་དགེ་རྒན14དང་། ལེའོ་ཉིང་ཞིང་ཆེན་རིམ་པའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ5བཅས་ཡོད་པ་རེད། འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན15ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི4.13%བཟུང་། རབ་འབྱམས་པའི་བསླབ་གནས་ལྡན་པའི་དགེ་རྒན178ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི49.04%བཟུང་ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན212ཡོད་པ་དེས་བསྡུར་ཚད58.4%བཟུང་ཡོད། སྒྱུ་རྩལ་སློབ་གླིང་དུ་དགེ་རྒན572ཡོད་པ་དེའི་ནང་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན251ཡོད། སྒྱུ་རྩལ་སློབ་གླིང་གི་དགེ་རྒན་དཔུང་ཁག་ནང་རབ་འབྱམས་པའི་བསླབ་གནས་ལྡན་པའི་དགེ་རྒན131ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི52.19%བཟུང་། འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན8ཡོད། ཆེད་བསྐོས་དགེ་རྒན་བསྡོམས་གྲངས་ཀྱི་བརྒྱ་ཆའི3.19ཟིན་པ་དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན51ཡོད། ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད་ནི20.32%ཟིན་ཡོད།

2_2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།     

སྤྱི་ལོ2016ལོའི་ཟླ6པར་གཞུང་ཕྱོགས་དྲ་གཔས་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་སློབ་གྲྭའི་ལྟེ་གནས་དང་། ཁྲང་ཆིང་སློབ་ཁུལ(སྒྱུ་རྩལ་སློབ་གླིང)ཐའོ་ཤན་སློབ་ཁུལ(ཞབས་བྲོ་སློབ་གླིང)ཏ་ལེན་སློབ་ཁུལ(ཏ་ལེན་ཡན་ལག་སློབ་ཁང)བཅས་སློབ་ཁྲིད་སློབ་ཁུལ4ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས12བཙུགས་ཡོད།     སློབ་ཁྲིད་འཛུགས་སྐྲུན།     སྤྱི་ལོ2014ལོའི་ཟླ9པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས2ཡོད་པ་རེད། ལེའོ་ཉིང་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས4དང་ལེའོ་ཉིང་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས2 ལེའོ་ཉིང་ཞིང་ཆེན་གྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས4དང་ལེའོ་ཉིང་ཞིང་ཆེན་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་གསོ་སྒྱུར་བཅོས་རྣམ་གྲངས་ཀྱི་སྤྱིར་བཏང་རྣམ་གྲངས8ཡོད། ལེའོ་ཉིང་ཞིང་ཆེན་རིམ་པའི་སྤུས་ལེགས་བསླབ་ཚན7ཡོད་པ་རེད། ལེའོ་ཉིང་ཞིང་ཆེན་རིམ་པའི་བརྙན་ལམ་སྤུས་ལེགས་ཡོངས་བསྒྲགས་སློབ་ཚན1དང་ལེའོ་ཉིང་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1ཡོད་པ་རེད།

3 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2014ལོའི་ཟླ9པའི་བར། སློབ་གླིང་དུ་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ2ཡོད་པ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་སྤྲད་པའི་སྒྱུ་རྩལ་རབ་འབྱམས་པ(MFA)སྤྲོད་དབང་ཡོད་པའི་སློབ་གྲྭ་ཁག་དང་པོ་དེ་རེད།     

4 མཉམ་ལས་སྤེལ་རེས།     

སྤྱི་ལོ2016ལོའི་ཟླ6པར་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་འཛམ་གླིང་གི་སྒྱུ་རྩལ་སློབ་གླིང་དང་སྒྱུ་རྩལ་ཚོགས་པ70ལྷག་ཙམ་དང་མཛའ་གྲོགས་འབྲེལ་བ་བཙུགས་ཡོད། དེའི་ནང་འཇར་མན་གྱི་སི་ཐུའུ་ཅ་ཐེའི་རོལ་དབྱངས་སློབ་གླིང་དང་། ཨ་རིའི་པོ་ཧྲི་ཏུན་སློབ་ཆེན་རོལ་དབྱངས་སློབ་གླིང་། འཇར་པན་ཐོ་ཁེའོ་རོལ་དབྱངས་སློབ་ཆེན་སོགས་ཕྱི་རྒྱལ་གྱི་གྲགས་ཅན་མཐོ་རིམ་རོལ་དབྱངས་སློབ་གླིང30ལྷག་ཙམ་དང་མཛའ་གྲོགས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།


དཔྱད་གཞིའི་ཡིག་ཆ།