སྤྱི་ལོ1981ལོའི་ཟླ11པའི་ཚེས25ཉིན་ཀྲུང་གོའི་ཉེས་དོན་ཉེན་རྟོག་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་སྤྲད་དེ་སྤྱི་བདེ་པུའུ་ཡི་མི་དམངས་ཉེན་རྟོག་པའི་ལས་བྱེད་པའི་སློབ་གྲྭ་དང་མཉམ་དུ་གཞུང་དོན་སྒྲུབ་པའི་ཆོག་མཆན་སྤྲད་པ་རེད།
སྤྱི་ལོ1983ལོར་མེ་ཟོན་ཆེད་ལས་ལོགས་སུ་དབྱེ་ནས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སློབ་གླིང་དུ་ཟླ་སྒྲིལ་བཏང་བ་རེད།
སྤྱི་ལོ1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གླིང་དེ་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཚན་པར་ཆོག་མཆན་གནང་བ་རེད།
སྤྱི་ལོ1999ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་འགོ་བརྩམས།
སྤྱི་ལོ2011ལོར་དངོས་གཞིའི་ཚན་ཁག་གཙོ་བོར་རིམ་སྤོར་བྱས་ནས་སློབ་གླིང་རྒྱ་བསྐྱེད་ཀྱི་འཆར་གཞི་བཀོད་པ་དང་། དངོས་གཞིའི་ཚན་ཁག་གི་སློབ་མ་དང་། བསླབ་གནས་གཉིས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ། ལས་ཐོག་ཉེན་རྟོག་པ། དམག་དཔུང་གི་བདེ་སྲུང་སྡེ་ཁག་དང་། ཕྱི་རྒྱལ་གྱི་ཉེན་རྟོག་པ། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གསོ་སྦྱོང་སོགས་ཀྱི་ལས་འགན་ཡོད།
སྤྱི་ལོ2016ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་རིམ་པ་གཉིས་པའི་ཚན་ཁག(པུའུ)16ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས11དང་ཤེས་རམས་པའི་བསླབ་གནས་གཉིས་པའི་ཆེད་ལས8བཙུགས་ཡོད།
སྤྱི་ལོ2016ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེའི་མཐོ་རིམ་རྒན་པའི་གོ་མིང་མི91དང་། མཐོ་རིམ་གཞོན་པའི་གོ་མིང་མི129འབྲིང་རིམ་གྱི་གོ་མིང་མི112བཅས་ཡོད། དགེ་རྒན་དཔུང་སྡེ་ཁྲོད་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་ཆེད་མཁས་པ5དང་སྤྱི་བདེ་པུའུ་ཡི་རིམ་པའི་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་ཆེད་མཁས་པ15ཡོད། སྤྱི་བདེ་པུའུ་ཡིས་ཉེས་དོན་མྱུལ་ཞིབ་ཆེད་མཁས་པ1ཆེད་མངགས་གདན་ཞུ་བྱས་ཡོད། རྒྱལ་ཡོངས་ཀྱི་སྤྱི་བདེའི་ཚན་རྩལ་སྔོན་ཐོན་མི་སྒེར5རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་ལག་རྩལ་གྱི་ཆེད་མཁས་པ9ཡོད་པ་རེད། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི1ཡོད། སྤྱི་བདེ་པུའུ་ཡི་སློབ་ཁྲིད་དགེ་རྒན་གྲགས་ཅན2དང་། རྒྱལ་ཡོངས་སྤྱི་བདེ་སློབ་གསོའི་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན5 ལེའོ་ཉིང་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན6ཡོད། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་ཚོགས་པ4དང་ལེའོ་ཉིང་ཞིང་ཆེན་གྱི་ཆེད་ལས་སྣེ་ཁྲིད་པ4ཡོད་པ་རེད། དགེ་རྒན3ལ་“རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་ཡོད། དགེ་རྒན2ལ་“རྒྱལ་ཡོངས་སྤྱི་བདེའི་ཚན་རྩལ་མཛངས་མི”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། ད་དུང་སྤྱི་བདེ་ཁྲིམས་འཛིན་ལས་ཁུངས་ནས་ཡོང་བའི་ཕྱི་རྒྱལ་གྱི་གདན་ཞུས་སློབ་ཁྲིད་དམག་དཔོན་ཁག་གཅིག་ཀྱང་ཡོད། ཆེད་བསྐོས་དགེ་རྒན་དང་ཕྱི་ནས་གདན་དྲངས་པའི་སློབ་ཁྲིད་དམག་དཔོན་ཟུང་འབྲེལ་བྱེད་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཆགས་ཡོད།
སྤྱི་ལོ2016ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་གིས་ཨ་རི་དང་། ཁ་ན་ཏ། དབྱིན་ཇི། འཇར་མན། ཧྥ་རན་སེ། ཧོ་ལན། ཨུ་རུ་སུ། ཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར་སོགས་རྒྱལ་ཁབ10ལྷག་ཙམ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཉེན་རྟོག་སྒྲིག་གཞི་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ལོ་ལྟར་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་ཆེ་གྲས་གཉེར་གྱིན་ཡོད། སློབ་གླིང་གིས་དབྱིན་ཇིའི་ཨའོ་སི་ཐེ་སློབ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་ཁྲར་སི་ཐེ་སློབ་ཆེན་དང་མཉམ་འབྲེལ་ཐོག་ཤེས་རམས་པའི་བསླབ་གནས་གཉིས་ལྡན་གྱི་སློབ་གྲྭའི་དབར་གྱི་སྤེལ་རེས་རྣམ་གྲངས་སྤེལ་བ་རེད། རྒྱལ་སྤྱི་ཅན་དང་སྣ་འཛོམས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། སྤྱི་ལོ2007ལོ་ནས་བཟུང་ཚོང་དོན་པུའུ་དང་སྤྱི་བདེ་པུའུ་ཡི་མངགས་བཅོལ་ལྟར། སློབ་གླིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉེན་རྟོག་པའི་གསོ་སྦྱོང་ལས་དོན་སྒྲུབ་འགན་འཁུར་འགོ་བཙུགས་ནས་རྒྱལ་ཁབ70ལ་ཉེས་དོན་མྱུལ་ཞིབ་ལག་རྩལ་ཤེས་ལྡན་པ་ཆིག་སྟོང་ཙམ་གསོ་སྐྱོང་བྱས་ཡོད།