སློབ་གླིང་དེ་ལེའོ་ཉིང་ཞིང་ཆེན་གྱི་ལེའོ་ཉིང་ཞིང་ཆེན་ཏ་ལེན་ཀྲོང་ཧོ་གྲོང་ཁྱེར་དུ་གནས་ཡོད། ས་ཁྱོན་སྨི་གྲུ་བཞི་མ་ཁྲི51.4(མུའུ770.2ཙམ)ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི18.5ཡོད། དེའི་ནང་སློབ་ཁྲིད་ཐོག་ཁང་དང་། ཟ་ཁང་། ཉལ་ཁང་། སློབ་ཆེན་སློབ་མའི་བྱེད་སྒོའི་ལྟེ་གནས་སོགས་བཟོ་སྐྲུན་རྐྱང་པ་མང་པོ་ཚུད་ཡོད། སློབ་གླིང་དུ་སྔོན་ཐོན་དང་ཆ་ཚང་བའི་སློབ་ཁྲིད་སྒྲིག་བཀོད་བཀོད་སྒྲིག་བྱས་པ་དང་སློབ་ཁྲིད་སྒྲིག་བཀོད་ཁག་ཅིག་སློབ་གསོ་པུའུ་ཡི་ཕུལ་བྱུང་ཚད་གཞིར་སླེབས་ཡོད། སློབ་གླིང་གིས་སྔོན་ཐོན་གྱི་རྩིས་འཁོར་སློབ་ཁྲིད་ལྟེ་གནས་བཙུགས་པ་རེད། གྲངས་འཛིན་སྨྱན་སྦྱོར་དང་གྱོན་ཆསCADཆེད་སྤྱོད་འཕྲུལ་འཁོར་ཁང་དང་། འཕྲུལ་གློག་རིགས་ཀྱི་རྨང་གཞིའི་ཚོད་ལྟ་ཁང་། གྱོན་ཆས་བཟོ་རྩལ་ཆེད་ལས་ཚོད་ལྟ་ཁང་བཅས་ཚུད་ཡོད། རྩིས་འཁོར་དང་། གྲངས་འཛིན་སྨྱན་སྦྱོར་སྒྱུ་རྩལ། སྒྱུ་རྩལ་ཇུས་འགོད། པར་ལེན། གྱོན་ཆས་ཇུས་འགོད་དང་བཟོ་རྩལ། རྫ་ཆས་སྒྱུ་རྩལ་སོགས་ཆེད་ལས་ལས་དོན་ཁང་དང་སློབ་ཆེན་སློབ་མའི་ཚན་ཞིབ་ལས་གཏོད་བྱེད་སྒོའི་ལྟེ་གནས་མང་པོ་བཙུགས་ཡོད། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི3781.74ཡོད། སློབ་གླིང་དུ་དཔེ་མཛོད་ཁང་གསར་པ་བཙུགས་པ་དང་དེབ་ཁྲི30.48ཡོད་པ་དང་། ཆེད་སྤྱོད་དཔྱད་གཞི་ཁང་དང་དེ་བཞིན་སྨྱན་མང་གཟུགས་ལྟ་ཀློག་ཁང་མང་པོ་ཞིག་བཙུགས། སློབ་གླིང་གིས་སློབ་གྲྭའི་དྲ་བ་བཙུགས་པ་དང་། ལུས་རྩལ་ཐང་དང་སྤྲོ་སྐྱིད་ཁང་སོགས་ཆ་རྐྱེན་ལེགས་པའི་སློབ་མའི་རིག་རྩལ་བྱེད་སྒོ་དང་འཚོ་བའི་སྒྲིག་བཀོད་གཞན་ཡོད་པ་རེད།
སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སློབ་ཁྲིད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ལྟེ་བའི་ལས་དོན་དུ་བརྩིས་ནས་སློབ་གཉེར་གཟབ་ནན། ཚན་རིག་དང་མཐུན་པའི་དོ་དམ་བཅས་བྱས་ཏེ་སློབ་ཁྲིད་ཀྱི་སྒྲིག་ལམ་བརྟན་པོ་དང་། རྒྱུན་གཏན། སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན་བྱས། སློབ་གླིང་གིས་མཉམ་འདུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། འཇར་པན་སྐད་དང་ལྷོ་ཁོ་རེ་ཡའི་སྐད་སོགས་ཞོར་སྦྱོང་སློབ་ཚན་དང“བཟོ་ཚོང་དོ་དམ”དང“གྲངས་འཛིན་སྨྱན་སྦྱོར་སྒྱུ་རྩལ”སོགས་ཞོར་སྦྱོང་ཆེད་ལས་མང་པོ་བཀོད་སྒྲིག་བྱས་ནས་རྣམ་པ་སྣ་ཚོགས་བརྒྱུད་སློབ་མ་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་པ་རེད། སློབ་མའི་ལག་ལེན་བྱེད་ནུས་དང་བཀོལ་སྤྱོད་ནུས་རྩལ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། ལོ་བཅུ་བདུན་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སློབ་གླིང་ལ་སློབ་གཉེར་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སློབ་མ་འབོར་ཆེན་ཞིག་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་སྣ་ཚོགས་ཁྲོད་བྱ་དགའ་ཐོབ་པ་དང་། མཐར་ཕྱིན་སློབ་མ་མང་པོ་ཞིག་གིས་ཆིན་ཧྭ་སློབ་ཆེན་དང་། ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སོགས་སློབ་གྲྭར་རབ་འབྱམས་པའི་བསླབ་གནས་བླངས།
སློབ་གླིང་གིས་ཤེས་བྱ་དང་ནུས་པ་གཅིག་གྱུར་དང་། སྒྱུ་རྩལ་དང་ལག་རྩལ་གལ་ཆེ་མཉམ་བརྩི། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད། ལས་སྒྲུབ་ཁང་གཙོ་བོར་བྱེད་པ་དང་སློབ་སྐར་ལམ་ལུགས་ཁྱད་ཆོས་སུ་བྱེད་པའི་སློབ་ཁྲིད་བྱེད་སྟངས་སྤྱད། སློབ་ཁང་གི་སློབ་ཁྲིད་དང་དངོས་སྦྱོང་ལག་ལེན། ལས་ཁང་གི་སློབ་ཁྲིད་བཅས་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས། སློབ་གྲྭའི་ནང་གི་སློབ་ཁྲིད་དང་སློབ་གྲྭའི་ཕྱིའི་དངོས་སྦྱོང་རྟེན་གཞིའི་སློབ་ཁྲིད་ཟུང་འབྲེལ་བྱས། སྔ་རྗེས་སུ་ཏ་ལེན་ཧྭ་ནན་ཚོགས་པ་དང་། ཏ་ལེན་འགྲིམ་འགྲུལ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་། ཀྲུང་གོའི་གྱོན་ཆས་ཇུས་འགོད་མཐུན་ཚོགས་ཀྱི་གསོ་སྦྱོང་ལྟེ་གནས་སོགས་ཁེ་ལས་དང་། བྱ་གཞག་ཚན་པ་བཅུ་གྲངས།འཐབ་ཇུས་མཉམ་ལས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། སློབ་མའི་དངོས་སྦྱོང་ལག་ལེན། ཚན་རིག་ཞིབ་འཇུག་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་ཡུན་རིང་ལ་རྒྱ་ཆེ་བའི་མཉམ་ལས་བྱས། ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་ལ་ལས་སྟེགས་རྒྱ་ཆེན་པོ་འདོན་སྤྲོད་བྱས་ཡོད།
དགེ་རྒན་བསྡོམས་གྲངས464ཡོད་པའི་ནང་ཆེད་བསྐོས་དགེ་རྒན383ཡོད། མཐོ་རིམ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན121དང་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཡོད་པའི་དགེ་རྒན278ཡོད། “གདན་ཞུ་ལེགས་པ་དང་། སློབ་གསོ་ལེགས་པ། ཐོབ་ཆ་ལེགས་པ”བཅས་ཀྱི་ནང་རྐྱེན་ལ་བརྟེན། ཏ་ལེན་བཟོ་ལས་སློབ་ཆེན་གྱི་འབྲེལ་ཡོད་ཆེད་ལས་ཁག་དང་མཐོ་སློབ་གཞན་དག་ཏུ་མཁས་དབང་དང་། དགེ་རྒན་ཆེན་མོ། ཕུལ་བྱུང་དགེ་རྒན་བཅས་ཁག་གཅིག་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག་པས་ཆེད་ལས་ཁག་གི་སློབ་ཁྲིད་ཀྱི་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱིན་ཡོད།