ཆི་ཆི་ཧར་བཟོ་སྐྲུན་སློབ་གླིང་།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-08-27 15:39ལ་འགྲུབ།

ཆི་ཆི་ཧར་བཟོ་སྐྲུན་སློབ་གླིང་།

ཆི་ཆི་ཧར་བཟོ་སྐྲུན་སློབ་གླིང་།
ཆི་ཆི་ཧར་བཟོ་སྐྲུན་སློབ་གླིང་ནི(QiqiharInstituteofEngineering)ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་དུ་གནས་ཡོད། མཐོ་རིམ་སློབ་གཉེར་བརྒྱུད་རིམ་ལྡན་པའི་སློབ་གསོའི་སློབ་བསྡུའི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་བཙུགས་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ་ཞིག་ཡིན། སློབ་གྲྭ་འདི་ནི་དེ་སྔའི་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི་འཁོར་སྟེགས་བཟོ་སྐྲུན་སློབ་གླིང་ཡིན། སྤྱི་ལོ1958ལོར་བཙུགས། དེ་རྗེས་ཧེ་ལུང་ཅང་ཨེ་ཤེ་ཡ་ཤར་མའི་སློབ་ཆེན་དང་ཆི་ཆི་ཧར་ལས་རིགས་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2011ལོར་སློབ་གླིང་དེ་ཆི་ཆི་ཧར་བཟོ་སྐྲུན་སློབ་གླིང་དུ་འཕར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐齐哈尔工程学院
ཕྱི་ཡིག་གི་མིང་།
HiqiharInstituteofEngineering
བཙུགས་ལོ།
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
མཐོ་རིམ་ལས་རིགས་ཆེད་ལས།
14ཡོད།
དངོས་གཞིའི་ཆེད་ལས།
17ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
རིམ་པ་གཉིས་པའི་སློབ་ཁྲིད་ལས་ཁུངས10ཡོད།
ས་གནས།
ཆི་ཆི་ཧར་གྲོང་ཁྱེར་ནན་ཡོན་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ།
སློབ་གླིང་ཚབ་ཨང་།
12729
1 ​ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2019ལོའི་ཟླ10པའི་བར་དུ་སློབ་གླིང་གི་ས་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་ཁྲི87ཟིན་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི23ལྷག་ཙམ་ཡོད་པའི་ནང་དུ་སློབ་ཁྲིད་སྲིད་འཛིན་ཁང་པ་སྨི་གྲུ་བཞི་མ་ཁྲི15ལྷག་ཙམ་དང་འཚོ་བའི་ཁང་པ་སྨི་གྲུ་བཞི་མ་ཁྲི8ལྷག་ཙམ་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི4842.19ཟིན་ཡོད། ཉར་ཚགས་བྱས་པའི་ཤོག་བུའི་དཔེ་དེབ་ཁྲི82.12དང་གློག་རྡུལ་དཔེ་དེབ་ཁྲི25.4ཡོད། སློབ་ཁྲིད་ཚན་ཞིབ་ལས་ཁུངས10དང་དངོས་གཞིའི་ཚན་ཁག་གི་ཆེད་ལས17ཡོད། ཆེད་བསྐོས་དགེ་རྒན242ཡོད། ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ6291ཡོད་པའི་ནང་དུ་དངོས་གཞིའི་ཚན་ཁག་གི་སློབ་མ5675ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི་འཁོར་སྟེགས་བཟོ་སྐྲུན་སློབ་གླིང་བཙུགས་པ་དང་། རིག་གནས་གསར་བརྗེ་ཆེན་མོའི་སྔོན་ལ་ལོ་དྲུག་ལམ་ལུགས(ལས་ཞོར)ཀྱི་དངོས་གཞིའི་ཚན་ཁག་དང་ལོ་བཞིའི་ལམ་ལུགས(ལས་ཞོར)ཀྱི་ཆེད་སྦྱོང་སློབ་གསོ་ལག་བསྟར་བྱས། དེའི་རིང་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི“བདུན་གཉིས་གཅིག”བཟོ་པའི་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ1979ལོར་ཆི་ཆི་ཧར་གྱི“བདུན་གཉིས་གཅིག”བཟོ་པའི་སློབ་ཆེན་དེ་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི་ལས་བཟོའི་འཕྲུལ་གློག་སློབ་གླིང་དུ་བསྒྱུར།

སྤྱི་ལོ1984ལོར་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི་ལས་བཟོའི་འཕྲུལ་གློག་སློབ་གླིང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས།

སྤྱི་ལོ1991ལོའི་ཟླ3པར། སྐབས་དེར་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཚའོ་ཡུང་ཨན་གྱིས་སྤྱི་ཚོགས་ཀྱི་ལས་མེད་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དམངས་གཉེར་རང་རྒྱུགས་སློབ་རོགས་སློབ་གྲྭ་བཙུགས།

སྤྱི་ལོ1993ལོར། སློབ་གྲྭས་གཞུང་ཁོངས་ཁེ་ལས་ཀུང་སི་སྒྱུར་བཀོད་དང་ཁེ་ལས་བར་དཔལ་འབྱོར་ལོགས་དབྱེའི་གན་རྒྱ་འཇོག་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོའི་གཞུང་ཁོངས་ཁེ་ལས་སློབ་གྲྭ་དང་པོ་དང་ཁེ་ལས་ལོགས་དབྱེའི་དཔེ་མཚོན་དུ་བདམས། མིང་ལ་ཧེ་ལུང་ཅང་ཨེ་ཤ་ཡ་ཤར་མའི་སློབ་གྲྭ་ཆེན་མོ་ཟེར།

སྤྱི་ལོ1994ལོར་ཆི་ཆི་ཧར་འཁོར་སྟེགས་བཟོ་གྲྭ་དང་པོའི་ལས་བཟོའི་འཕྲུལ་གློག་སློབ་གླིང་ཧེ་ལུང་ཅང་ཨེ་ཤེ་ཡ་ཤར་མའི་སློབ་ཆེན་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2001ལོར་ཧེ་ལུང་ཅང་ཨེ་ཤེ་ཡ་ཤར་མའི་སློབ་ཆེན་གྱི་རྨང་གཞིའི་ཐོག་ཆི་ཆི་ཧར་ལས་རིགས་སློབ་གླིང་བཙུགས།

སྤྱི་ལོ2011ལོའི་ཟླ4པར། ཆི་ཆི་ཧར་ལས་རིགས་སློབ་གླིང་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་འཕར་བྱས། ཆི་ཆི་ཧར་བཟོ་སྐྲུན་སློབ་གླིང་དུ་མིང་བསྒྱུར།

སྤྱི་ལོ2013ལོར་སློབ་གླིང་གིས་སན་ཡ་གྲོང་ཁྱེར་ལས་རིགས་སློབ་གླིང་ཚབ་གཉེར་བྱས།

སྤྱི་ལོ2014ལོར་སློབ་གླིང་གིས་ཀན་ལྷོ་རྫོང་གི་གྲོང་གསེབ་ཀྱི་ལས་རིགས་སློབ་གསོར་དོ་དམ་བྱས།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ6པའི་བར་དུ་སློབ་གླིང་དུ་སློབ་ཁྲིད་སྒྲིག་གཞི9བཙུགས། དངོས་གཞིའི་ཚན་ཁག་གི་ཆེད་ལས21དང་མཐོ་རིམ་ལས་རིགས་ཆེད་ལས29ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ12པའི་བར་དུ། སློབ་གླིང་དུ་ཆེད་བསྐོས་དགེ་རྒན233དང་ཕྱི་རྒྱལ་དུ་གདན་ཞུས་དགེ་རྒན193ཡོད་པ་དེ་དགེ་རྒན་གྱི་བསྡོམས་འབོར329.5ཟིན་ཡོད། དགེ་སློབ་ཀྱི་བསྡུར་ཚད19.41ཡིན། ཆེད་བསྐོས་དགེ་རྒན་ཁྲོད“ཉིས་འཇོན”དགེ་རྒན59ཡོད་པ་དེས་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད25.32%བཟུང་ཡོད། ཞིབ་འཇུག་སློབ་མའི་བསླབ་གནས(རབ་འབྱམས་པ་དང་འབུམ་རམས་པ)ཀྱི་ཆེད་བསྐོས་དགེ་རྒན163ཡོད། ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད69.96%ཟིན་ཡོད། མཐོ་རིམ་གོ་མིང་ཡོད་པའི་ཆེད་བསྐོས་དགེ་རྒན60ཡོད། གཞན་ཡང1:1ལྟར་ཆེད་བསྐོས་དགེ་རྒན་གྱི་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན61ཡོད།

5 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2016ལོའི་ལོ་མཇུག་བར་དུ་སློབ་གླིང་དཔེ་མཛོད་ཁང་དུ་ཤོག་རིགས་དཔེ་དེབ753857ཡོད་ལ། དཔེ་དེབ49327གསར་སྣོན་བྱས་པ་དང་སློབ་མ་རེའི་ཆ་སྙོམས་ཤོག་བུའི་དཔེ་དེབ117.85ཟིན་ཡོད། དཔེ་མཛོད་ཁང་ལ་ད་དུང་གློག་རྡུལ་དཔེ་དེབ186,000དང་གཞི་གྲངས་རིག་མཛོད1ཡོད། པོ་ཧྲོ་དཔྱད་རྩོམ་ཐོན་ཁུངས་རིག་མཛོད་སོགས་གཞི་གྲངས་ཐོན་ཁུངས་གྲངས་གཞིའི་སྤྱིའི་ཤོང་ཚད9.6TBལས་བརྒལ་ཡོད།

དཔྱད་གཞིའི་ཡིག་ཆ།