ལེའོ་ཉིང་སྲིད་ཁྲིམས་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-09-14 14:12ལ་འགྲུབ།

ལེའོ་ཉིང་སྲིད་ཁྲིམས་ལས་རིགས་སློབ་གླིང་།

ལེའོ་ཉིང་སྲིད་ཁྲིམས་ལས་རིགས་སློབ་གླིང་།
ལེའོ་ཉིང་སྤྱི་བདེ་ཁྲིམས་འཛིན་དོ་དམ་ལས་བྱེད་པའི་སློབ་གླིང(ལེའོ་ཉིང་སྲིད་ཁྲིམས་ལས་རིགས་སློབ་གླིང)ནི་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ལིའོ་ཉིང་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་དཀྱུས་མ་དང་། དར་མའི་སློབ་གཉེར་བརྒྱུད་རིམ་སློབ་གསོ། ཞིང་ཆེན་ནང་ཁུལ་གྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་ཐོག་ལས་བྱེད་པ་དང་ཉེན་རྟོག་པ་གསོ་སྦྱོང་། མི་དམངས་ཉེན་རྟོག་པའི་གོ་རྟགས་བཅས་གཅིག་ཏུ་བསྡུས་པའི་མཐོ་རིམ་སློབ་གླིང་གཅིག་པུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁政法职业学院
ཕྱི་ཡིག་གི་མིང་།
LiaoNing Administraters College of Police and Justice
བཙུགས་ལོ།
སྤྱི་ལོ1948ལོ།
ཁོངས་གཏོགས་ས་ཁུལ།
ལེའོ་ཉིང་ཞིང་ཆེན།
རིགས་དབྱེ།
གཞུང་སྒྲུབ་དང་སྲིད་ཁྲིམས་སློབ་གླིང་།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས།
སློབ་གྲྭའི་ངོ་བོ།
ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གླིང་།
སྡེ་ཁག་གཙོ་བོ།
ཁྲིམས་ལུགས་སྡེ་ཁག སྤྱི་བདེ་སྡེ་ཁག
སློབ་གཙོ།
ཀོན་ཧྥེ།
ས་གནས།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཏུང་ལིན་ཁུལ་ཏུང་ལིང་ཤར་ལམ་ཨང82པ།
སློབ་གྲྭའི་ཚབ་ཨང་།
14398
གཙོ་གཉེར་སྡེ་ཁག
ལེའོ་ཉིང་ཞིང་ཆེན།
1 ​སློབ་གླིང་གི་གནས་ཚུལ།

ལེའོ་ཉིང་སྤྱི་བདེ་ཁྲིམས་འཛིན་དོ་དམ་ལས་བྱེད་པའི་སློབ་གླིང(ལེའོ་ཉིང་སྲིད་ཁྲིམས་ལས་རིགས་སློབ་གླིང)ནི་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ལིའོ་ཉིང་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་དཀྱུས་མ་དང་། དར་མའི་སློབ་གཉེར་བརྒྱུད་རིམ་སློབ་གསོ། ཞིང་ཆེན་ནང་ཁུལ་གྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་ཐོག་ལས་བྱེད་པ་དང་ཉེན་རྟོག་པ་གསོ་སྦྱོང་། མི་དམངས་ཉེན་རྟོག་པའི་གོ་རྟགས་བཅས་གཅིག་ཏུ་བསྡུས་པའི་མཐོ་རིམ་སློབ་གླིང་གཅིག་པུ་དེ་ཡིན། ཞིང་ཆེན་སྲིད་གཞུང་གི་ཁོངས་སུ་གཏོགས་པ་དང་ཞིང་ཆེན་སྤྱི་བདེ་ཐིང་གིས་དོ་དམ་བྱེད་འགན་འཁུར་ཡོད། སྤྱི་ལོ1948ལོར་སློབ་གླིང་དེ་སྔ་ལེའོ་པེ་སློབ་གླིང་བཙུགས་པ་དང་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྤྱི་ལོ1988ལོར་ད་ལྟའི་སློབ་གླིང་གི་མིང་དངོས་སུ་སྤྱོད་འགོ་བརྩམས། སྤྱི་ལོ1998ལོ་ནས་བཟུང་མཐོ་རིམ་ལས་རིགས་སློབ་གསོ་གཉེར་འགོ་ཚུགས་པ་དང་སྤྱི་ལོ2011ལོར་ལེའོ་ཉིང་སྲིད་ཁྲིམས་དངོས་སུ་བཙུགས། 

2 སློབ་གླིང་ངོ་སྤྲོད།

སློབ་གླིང་དུ་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དང་། ཕུལ་བྱུང་གི་དགེ་རྒན་དཔུང་སྡེ། ཕུལ་བྱུང་གི་སློབ་གཉེར་ཆ་རྐྱེན་བཅས་འཛོམས་ཡོད། ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཧྲེན་དབྱང་དུ་གནས་ཡོད། སློབ་ཁུལ་ནི་རྒྱལ་སྤྱིའི་མཛེས་ལྗོངས་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་བཙུགས་ཡོད་པ་དང་། ཤར་དུ་ཧྲིན་ཡང་ཧྲི་པའོ་གླིང་དང་། ནུབ་ཏུ་འཛམ་གླིང་རིག་གནས་ཤུལ་བཞག་ཏུང་ལིན་སྤྱི་གླིང་། བྱང་ཕྱོགས་སུ་ཧྲིན་ཆི་ལམ་དང་། ལྷོ་ཕྱོགས་སུ་ཧྲིན་ཡང་གི་མ་ཡུམ་ཆུ་བོ་ཧུན་ཧོ་ཆུ་བོ་བཅས་ཡོད། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ནི་སློབ་མ་རྣམས་ཀྱིས་ཤེས་བྱ་སློབ་སྦྱོང་དང་རྩལ་ནུས་ཆེ་རུ་གཏོང་བའི་གནས་ཡག་ཤོས་ཤིག་རེད། ས་ཆ་མུའུ400ལྷག་ཙམ་བཟུང་ཡོད། སློབ་ཁྲིད་ཀྱི་སྲིད་འཛིན་གཞུང་ལས་ཐོག་ཁང་དང་། ཉེན་རྟོག་དཔོན་གསོ་སྦྱོང་ལྟེ་གནས་དང་། ཉེན་རྟོག་ལུས་རྩལ་ཁང་། འཚོ་བའི་ཞབས་ཞུ་ལྟེ་གནས་སློབ་མའི་ལས་ཤག་དཔེ་མཛོད་ཁང་སོགས་ཡོད། སྤྱིའི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི12ཡོད་པ་དང་སློབ་ཁྲིད་ཡོ་བྱད་ཀྱི་སྒྲིག་ཆས་རིན་ཐང་བསྡོམས་འབོར་སྒོར་ཁྲི1425ཟིན་ཡོད། ཤོག་རིགས་དང་གློག་རྡུལ་དཔེ་དེབ་ཁྲི43ཡོད་པ་དང་དུས་དེབ་རིགས་སྣ་ཚོགས117ཡོད།

3 ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། དབྱང་ཅན་ཅུན།

སློབ་གཙོ། ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀོན་ཧྥེ།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ་གཞོན་པ། ཧྲི་ཞིན་ལི།

གླིང་གཙོ་གཞོན་པ། མོང་ཞང་ཧྥེ།

གླིང་གཙོ་གཞོན་པ། ཀའོ་ཕིན།

སྒྲིག་ཨུའི་ཧྲུའུ་ཅི། མན་ཤིའུ་ཁྲུན།



དཔྱད་གཞིའི་ཡིག་ཆ།