ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-08-07 16:11ལ་འགྲུབ།

ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།

ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནི་ཀྲུང་གོའི་ཧྲང་ཧའེ་རུ་ཡོད་ལ། སྤྱི་ལོ2001ལོའི་ཟླ4པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཡིན། སློབ་གླིང་ནི་ཧྲང་ཧའེ་སྐྱེལ་འདྲེན། མཚོ་ཁའི་གྲུ་ཁ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་བཅས་ལས་རིགས་སློབ་གླིང་བཞི་མཉམ་དུ་བཙུགས་ནས་གྲུབ་ཅིང་། སྐམ་ས་དང་རྒྱ་མཚོ། གྲོང་ཁྱེར་བཅས་ཀྱི་འགྲིམ་འགྲུལ་སློབ་གསོ་གཞི་གཅིག་ཏུ་འདུས་པ་ཞིག་ཡིན། ཕྱོགས་བསྡུས་འགྲིམ་འགྲུལ་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིངབཅས་ད་ཆ་སློབ་གླིང་དུ་སློབ་ཁུལ་བཞི་བཙུགས་ཡོད་པ་སྟེ། གྲུ་ཁའི་སློབ་གླིང་དེ་ཕུའུ་ཏུང་ཁུལ་གསར་གྱི་ལམ་གྱི་ཨང55པར་གནས་ཡོད། ཕུའུ་ཏུང་སློབ་གླིང་ནི་ཕུའུ་ཏུང་ཁུལ་གསར་གྱི་ལམ2888ལ་གནས་ཤིང་འཁོར་ལམ་སློབ་གླིང་དེ་ཞུས་ཧུའེ་ཆུས་ཁའེ་ལམ་གྱི་ཨང2050པར་གནས་པ་དང་སློབ་གླིང་པའོ་ཧྲན་རི་ཁུལ་ཧུའུ་ལན་ལམ་གྱི་ཨང763དང་ཨང883པར་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上海交通职业技术学院
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲང་ཧའེ།
དབྱིན་ཡིག་གི་མིང་།
Shanghai Communications Polytechnic
བཙུགས་ལོ།
སྤྱི་ལོ2001ལོའི་ཟླ4པ།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
ངོ་བོ།
ཧྲང་ཧའེ་གྲོང་ཁྱེར་མཐོ་རིམ་སློབ་གྲྭ་ཆེན་མོ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲང་ཧའེ།
གཞུང་ཕྱོགས་དྲ་གནས།
http://www.scp.edu.cn
སློབ་གྲྭའི་དམ་ཚིག
གསར་གཏོད། ལས་ཞེན།
1 སློབ་གྲྭའི་གཞི་ཁྱོན།

ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་ལས་རིགས་སློབ་གསོའི་ལོ་རྒྱུས་རིང་ཤོས་ཀྱི་སློབ་གླིང་གྲས་ཤིག་ཡིན་ལ། སློབ་གླིང་གིས་སྟོབས་དང་ལྡན་པའི་སྐམ་མཚོ་མཁའ་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལ་བརྟེན་ཡོད། ཚོང་རར་གཞི་ཚུགས་པ་དང་ལས་རིགས་ལ་རྒྱབ་རྟེན་བཅོལ་ནས་རྒྱལ་སྤྱི་ཅན་དང་། དེང་རབས་ཅན། ཆ་འཕྲིན་ཅན་བཅས་ཀྱི་མཐོ་རིམ་ལས་རིགས་སློབ་གསོའི་སློབ་གཉེར་བྱེད་སྟངས་ནང་འདྲེན་བྱས་ཤིང་། རླངས་འཁོར་བཟོ་སྐྲུན་དང་། དཔལ་འབྱོར་དོ་དམ། ཆ་འཕྲིན་ལག་རྩལ། ཆུ་ཐོག་སྐྱེལ་འདྲེན་དོ་དམ། གྲུ་ཁའི་འཕྲུལ་ཆས་དང་། མཁའ་ཐོག་སྐྱེལ་འདྲེན་གྱི་ལས་གྲྭ་དང་དོ་དམ། ལྕགས་ལམ་འགྲིམ་འགྲུལ། དེང་རབས་ཀྱི་འགྲིམ་འགྲུལ་གཉེར་སྐྱོང་དང་དོ་དམ། སྦུག་ལམ་སྐྱེལ་འདྲེན། ལོ་འཁོར་མོར་སློབ་མ་བསྡུ་བའི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་འགྲིམ་འགྲུལ་རིགས་ཀྱི་ཆེད་ལས20བཙུགས་པའི་ནང《དོས་སྒམ་སྐྱེལ་འདྲེན་དོ་དམ》དང་། 《རླངས་འཁོར་བེད་སྤྱོད་ལག་རྩལ》《ཟོག་འགྲེམས་དོ་དམ》《ལྕགས་ལམ་འགྲིམ་འགྲུལ་རླངས་འཁོར》བཅས་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་དཔེ་སྟོན་རང་བཞིན་གྱི་འཛུགས་སྐྲུན་ཚོད་ལྟའི་ཆེད་ལས་ལ་ཞིབ་དཔྱད་གཏན་འཁེལ་བྱས། གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་གྱི་དཔེ་སྟོན་རང་བཞིན་གྱི་འཛུགས་སྐྲུན་ཚོད་ལྟའི་ཆེད་ལས་ལ་ཞིབ་དཔྱད་གཏན་འཁེལ་བྱས་ཤིང་། སློབ་གླིང་ནི་སློབ་གསོ་པུའུ་ཡི་རྒྱལ་ཁབ་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ(རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ)གསོ་སྦྱོང་རྟེན་གཞི་ཡིན། ཆེད་ལས་ལ་ནུས་ཁུངས་གསར་པའི་རླངས་འཁོར། གྲངས་འཛིན་ལག་རྩལ་དང་རླངས་འཁོར་ཚོང་དོན་བརྡ་ཁྱབ། ཆུ་ཐོག་སྐྱེལ་འདྲེན་ཁ་ལོ་བ། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་འདུས་ལ། ཧྲང་ཧའེ་གྲོང་ཁྱེར་མཐོ་རིམ་སློབ་གྲྭའི་སློབ་མའི་ཟོག་འགྲེམས་དོ་དམ་རིགས་ཀྱི་ལས་རིགས་རྩལ་ནུས་གསལ་འབྱེད་སོའོ་བཅས་ཡོད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2007ལོའི་ཟླ12པར་ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་སློབ་གསོ་ཚོགས་པ་བཙུགས།

སྤྱི་ལོ2012ལོར་སློབ་གླིང་ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་སྔོན་ཐོན་ཞབས་ཞུའི་མཉམ་སྡེབ་ལ་བདམས།

སྤྱི་ལོ2012ལོར་སློབ་གླིང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁྱད་ལྡན་སློབ་གླིང་འཛུགས་སྐྲུན་ཚན་པ་དང་ཧྲང་ཧའེ་ཡི་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞིར་བདམས།

སྤྱི་ལོ2014ལོའི་ཟླ6པར་ཧྲང་ཧའེ་སློབ་ཆེན་གྱི་སྤྱི་སྤྱོད་རླངས་འཁོར་རླངས་འཁོར་སློབ་གླིང་ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་ཟླ་སྒྲིལ་བཏང་།

3 ཆེད་ལས་ངོ་སྤྲོད།

ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་ཡོད་པའི་ཆེད་ལས་ལ་རླངས་འཁོར་གྱི་གློག་ལམ་དང་གློག་རྡུལ་མ་ལག་གི་བརྟག་དཔྱད་དང་ཉམས་གསོ། སྒུལ་བྱེད་འཕྲུལ་འཁོར་གྱི་འཕྲུལ་ཆས་མ་ལག་གི་བརྟག་དཔྱད་དང་ཉམས་གསོ། རླངས་སྣུམ་སྒུལ་བྱེད་འཕྲུལ་འཁོར་གྱི་གློག་འགོག་ཚོད་འཛིན་མ་ལག་བརྟག་དཔྱད་དང་ཉམས་གསོ། རླངས་འཁོར་བརྒྱུད་སྒུལ་མ་ལག་བརྟག་དཔྱད་དང་ཉམས་གསོ། རླངས་འཁོར་འཁོར་སྐྱོད་རྒྱུ་ཆ། རླངས་འཁོར་ཆེད་ལས་ཀྱི་དབྱིན་ཡིག་བསླབ་ཚན། རླངས་འཁོར་བེད་སྤྱོད་དང་ལག་རྩལ་དོ་དམ། རླངས་འཁོར་གྱི་དྲོད་སྙོམས་འཕྲུལ་ཆས་གྲུབ་ཚུལ་དང་ཉམས་གསོ། རླངས་འཁོར་ཞིག་གསོའི་སྤུས་ཚད་ཞིབ་དཔྱད། གསང་འཕྲིན་ཞིབ་བཤེར། རླངས་འཁོར་བེད་སྤྱོད་ནུས་པ། རླངས་འཁོར་གཉེར་སྐྱོང་ལག་རྩལ། ཁོར་ཡུག་སྲུང་སྐྱོང་ལག་རྩལ། 

4 བསླབ་ཚན་གཙོ་བོ།

ཧྲང་ཧའེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་ཆེད་ལས་ལ་རླངས་འཁོར་གྱི་དབྱིན་ཡིག་ཆེད་ལས་དང་། རླངས་འཁོར་གྱི་གློག་ཤུགས་གློག་རྡུལ་ལག་རྩལ། རླངས་འཁོར་གྱི་གྲུབ་ཆ་དང་ནུས་པ། རླངས་འཁོར་གྱི་གློག་འཕྲུལ་ཚོད་འཛིན་ལག་རྩལ། སྒུལ་ཤུགས་གློག་རྫས་དང་དེ་བཞིན་ནུས་ཚད་དོ་དམ་ལག་རྩལ། འཕྲུལ་ཆས་ཀྱི་རྨང་གཞི། གློག་ལས་གློག་རྡུལ་རིག་པ། རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་དང་ཞིབ་བཤེར་བཟོ་བཅོས། རླངས་འཁོར་གྱི་གློག་ཆས་སྒྲིག་ཆས། གློག་སྒུལ་རྐྱང་པའི་རླངས་འཁོར་གྱི་གྲུབ་ཆ་དང་ཚོད་འཛིན། སྒུལ་ཤུགས་རྐྱང་པའི་རླངས་འཁོར་གྱི་གྲུབ་ཆ་དང་ཚོད་འཛིན། རླངས་འཁོར་གྱི་དྲ་རྒྱའི་ལག་རྩལ། རླངས་འཁོར་བེད་སྤྱོད་དང་སྲུང་སྐྱོབ། སྒུལ་ཤུགས་མཉམ་བསྲེས་ཀྱི་རླངས་འཁོར་བརྟག་དཔྱད་དང་ལག་རྩལ། རླངས་འཁོར་ཉམས་གསོའི་སྤུས་ཚད་ཞིབ་བཤེར། རླངས་འཁོར་གྱི་རྒྱུ་ཆ་དང་བཟོ་རྩལ་བཅས་འདུས་ཡོད།

དཔྱད་གཞིའི་ཡིག་ཆ།