ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-05 15:34ལ་འགྲུབ།

ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་།

ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་།
ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། དེ་ནི་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཆེད་སྦྱོང་ཚན་ཁག་རིམ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་གཉེར་མཐོ་རིམ་སློབ་གླིང་ཞིག་ཡིན་ལ། ཧྲན་ཞི་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་གཏོད་གསོ་སྦྱོང་གི་དམིགས་འཛུགས་ལས་ཁུངས་ཀྱི་གྲས་ཤིག་ཡིན། ཧྲན་ཞི་ཡུལ་སྐོར་ལས་རིགས་ནི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ལག་རྩལ་ནུས་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཚོད་ལྟ་བྱ་ཡུལ་གཙོ་བོ་ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ཡིན་པ་དང་། ཧྲན་ཞི་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ལས་ཁུངས་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西旅游职业学院
ཕྱི་ཡིག་གི་མིང་།
Shanxi Vocational College of Tourism
བཙུགས་ལོ།
སྤྱི་ལོ1980ལོར།
རིགས་དབྱེ།
གཞུང་གཉེར་མཐོ་སློབ།
རྣམ་པ།
ཕྱོགས་བསྡུས།
ངོ་བོ།
ཧྲན་ཞི་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ལས་ཁུངས།
གཙོ་གཉེར་ཚན་པ།
ཧྲན་ཞི་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ཝུའུ་ཅུན་ཧྲེང་། གླིང་གཙོ། ཧོ་ཆའོ་སུའོ།
སློབ་གླིང་དང་ཚན་པའི་སྒྲིག་བཀོད།
ཡུལ་སྐོར་དོ་དམ་ཚན་ཁག་དང་། ཡུལ་སྐོར་ཕྱི་སྐད་ཚན་ཁག རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་ཚན་ཁག
སློབ་གྲྭའི་དམ་ཚིག
སྤྱོད་བཟང་རང་གཅུན། ལས་བརྩོན་གསར་གཏོད།
སློབ་བཙུགས་དུས་ཆེན།
ཟླ12པའི་ཚེས6ཉིན།
སློབ་གྲྭའི་གནས་ཡུལ།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཞུས་ཐན་ཏུང་སྲང་ལམ་ཨང29པ།
སློབ་གླིང་གི་ཚབ་ཨང་།
19697
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1980ལོའི་ཟླ5པར། ཧྲན་ཞི་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཧྲན་ཞི་ཞིང་ཆེན་གྱི་འཆར་གཞི་བསྡོམས་རྩིས་སློབ་གྲྭ་བཙུགས།

སྤྱི་ལོ1983ལོའི་ཟླ9པར། ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲན་ཞི་སློབ་ཆེན་ཡན་ལག་སློབ་གྲྭ་དང་ཧྲན་ཞི་ནོར་དཔལ་སློབ་གླིང་ཡན་ལག་སློབ་གྲྭ་དེ་ཞིང་ཆེན་འཆར་འགོད་གཅིག་གྱུར་སློབ་གྲྭར་བཙུགས་ནས་འཆར་གཞིའི་བསྡོམས་རྩིས་དང་། དཔལ་འབྱོར་དོ་དམ། དཔལ་འབྱོར་ཆ་འཕྲིན་དོ་དམ་བཅས་ཆེད་ལས་གསུམ་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་འགོ་ཚུགས།

སྤྱི་ལོ1992ལོར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་རུ་བདམས།

སྤྱི་ལོ1994ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སློབ་གྲྭ་དེ་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་རུ་བདམས།

སྤྱི་ལོ1999ལོར་ཧྲན་ཞི་ཞིང་ཆེན་སློབ་གསོ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭས་རྒྱལ་སྤྱིའི་ཉོ་ཚོང་དང་། དཔལ་འབྱོར་ཚོང་དོན་དབྱིན་ཡིག རྩིས་འཁོར་ཚན་རིག ལས་གྲྭའི་རགས་རྩིས། འཆར་གཞིའི་བསྡོམས་རྩིས། བཅའ་ཁྲིམས་སོགས་ཆེད་ལས6གི་མཐོ་རིམ་ལས་རིགས་སློབ་མ་བསྡུས།

སྤྱི་ལོ2001ལོའི་ཟླ8པར། ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲན་ཞི་ནོར་དཔལ་སློབ་ཆེན་དང་ཧྲན་ཞི་ཞིང་ཆེན་འཆར་གཞི་བསྡོམས་རྩིས་སློབ་གྲྭས་མཉམ་འབྲེལ་ཐོག་ནོར་དཔལ་སློབ་ཆེན་གྱི་དཔལ་འབྱོར་ཆ་འཕྲིན་སློབ་གླིང་གཉེར་བ་དེ་ཧྲན་ཞི་ནོར་དཔལ་སློབ་ཆེན་གྱི་རིམ་པ་གཉིས་པའི་སློབ་གླིང་ཞིག་ཡིན་པ་རེད། མཐོ་རིམ་ལས་རིགས་སློབ་གསོ་སྤེལ་མགོ་བརྩམས།

སྤྱི་ལོ2004ལོའི་ཟླ་དང་པོར་ཧྲན་ཞི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧྲན་ཞི་ཞིང་ཆེན་འཆར་གཞི་བསྡོམས་རྩིས་སློབ་གྲྭ་རྨང་གཞིར་བྱས་ཏེ་ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།

སྤྱི་ལོ2008ལོར་སློབ་གྲྭས་རེས་སྐོར་དང་པོའི་མཐོ་རིམ་ལས་རིགས་སློབ་གླིང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

སྤྱི་ལོ2008ལོའི་ཟླ1པོར། སློབ་གྲྭས་ལས་འཛིན་འགོ་གཙོ་ཡིན་པའི་ཆ་ནས་སྣེ་ཁྲིད་དེ་ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གསོའི་ཚོགས་པ་བཙུགས།

སྤྱི་ལོ2014ལོར་ཧྲན་ཞི་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་ཁྲོད་སློབ་གྲྭར་ཕུལ་བྱུང་གི་རིམ་པ་ཐོབ་པ་རེད།

སྤྱི་ལོ2014ལོའི་ལོ་སྨད་དུ་སློབ་གླིང་དེ་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གིས་ཁ་གསབ་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་གི་གནས་གཏན་འཁེལ་གྱི་ཚན་པའི་གྲས་ཤིག་ཏུ་གྱུར།

སྤྱི་ལོ2015ལོར་ཧྲན་ཞི་ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་སྣེ་ཁྲིད་དང་། སློབ་གླིང་གིས་གཙོ་ཁྲིད་བྱས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཚོད་ལྟའི་ལས་དོན་ལ་རྒྱལ་ཁབ་སློབ་གསོ་པུའུ་ཡི་རྣམ་གྲངས་བཙུགས་པ་དང་། ཧྲན་ཞི་ཡུལ་སྐོར་ལས་རིགས་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་རྣམ་པའི་ལག་རྩལ་ནུས་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཚོད་ལྟའི་ལག་བསྟར་ཚན་པ་གཙོ་བོར་གྱུར།

སྤྱི་ལོ2018ལོར་ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་དང་ཧྲན་ཞི་ཞིང་ཆེན་ནོར་སྲིད་ཐིང་གིས་ཧྲན་ཞི་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པར་གཏན་འཁེལ་བྱས་པ་རེད།

2 སློབ་གླིང་དང་སྡེ་ཁག ཆེད་ལས།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭ་རུ་སྡེ་ཁག7དང་ཚན་པ2 སློབ་གླིང1ཡོད་པ་དང་མཐོ་རིམ་ལས་རིགས་ཆེད་ལས35བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ260ཡོད་པའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པའི་གོ་མིང་ཡོད་པའི་དགེ་རྒན59དང་། འཆད་ཁྲིད་དགེ་རྒན47 གཉིས་མཁས་རྣམ་པའི་དགེ་རྒན75ཡོད་པ་རེད། འབུམ་རམས་པ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་གྲངས་ཀྱི20%ཡན་ཟིན་པ་དང་། སློབ་གྲྭས་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སློབ་གསོའི་ཆེད་མཁས་40གདན་འདྲེན་ཞུས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཞིབ་འཇུག་གྲུབ་འབྲས།
4_1_1 ཞིབ་འཇུག་རྣམ་གྲངས།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་དང་དེ་བཞིན་གྲོང་ཁྱེར་རིམ་པ་དང་། ཐིང་རིམ་པ། ཅུས་རིམ་པ་བཅས་ཀྱི་སྲིད་གཞུང་སྡེ་ཚན་གྱི་ཚན་ཞིབ་རྣམ་གྲངས་བཅུ་ལྷག་ཙམ་ཡོད་པ་རེད།

4_1_2 ཆེད་ཁེའི་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཀྱི་གྲུབ་འབྲས་མང་པོ་ཡོད་པ་རེད།

4_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་ལ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི46ལྷག་ཙམ་དང་གྲངས་གཞིའི་ཐོན་ཁུངས96000 ཚད་བརྒལ་སྐར་མའི་གློག་རྡུལ་དཔེ་དེབ71600ཡོད། དུས་ལས་ཡོལ་བའི་དུས་དེབ་ཁྲི4ལྷག་ཙམ་དང་། བལྟ་བྱ་ཉན་བྱའི་དཔྱད་གཞི6825 དུས་དེབ530 ཚགས་པར130བཅས་ཡོད།

སློབ་གྲྭའི་དཔེ་མཛོད་ཁང་དུ་ཀྲུང་གོ་ཤེས་རྟོགས་དྲ་བ་དང་། དབན་ཧྥང་དུས་དེབ་གྲངས་གཞིའི་མཛོད། སྐར་བརྒལ་གློག་རྡུལ་དཔེ་དེབ་སོགས་གྲངས་གཞིའི་ཐོན་ཁུངས་ཡོད།


དཔྱད་གཞིའི་ཡིག་ཆ།