ཧྲན་ཞི་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-05 08:44ལ་འགྲུབ།

ཧྲན་ཞི་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་།

ཧྲན་ཞི་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་།
ཧྲན་ཞི་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཤིང་། ཉེན་རྟོག་ཅན་གྱི་དོ་དམ་ལག་བསྟར་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཁྲིམས་འཛིན་ཉེན་རྟོག་དཔོན་གྱི་མཐོ་རིམ་སློབ་གླིང་ཞིག་ཡིན། སློབ་གླིང་དེ་ཧྲན་ཞི་ཞིང་ཆེན་བཙོན་ཁང་དོ་དམ་ཅུས་ཀྱི་ཁོངས་སུ་གཏོགས་པ་དང་། དེ་སྔ་སྤྱི་ལོ1964ལོར་བཙུགས་པའི་ཧྲན་ཞི་ཞིང་ཆེན་སྤྱི་བདེ་ལག་རྩལ་སློབ་གྲྭ་ཡིན་པ་རེད། རྒྱལ་ཡོངས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་བསྡུ་ལེན་གསོ་སྐྱོང་རྟེན་གཞི་དང་ཧྲན་ཞི་ཞིང་ཆེན་བཙོན་ཁང་ཁོངས་གཏོགས་དང་དུག་གཅོད་ཁོངས་གཏོགས་ཀྱི་མི་དམངས་ཉེན་རྟོག་པའི“ཁ་ཕྱོགས་གཏན་འཁེལ་གྱི་རྒྱུགས་ལེན”སློབ་གླིང་ཞིག་ཡིན། ཧྲན་ཞི་ཞིང་ཆེན་གྱི་བཙོན་ཁང་དང་བཙན་ཤེད་ཀྱིས་ལོགས་བཀར་དུག་གཅོད་ཁང་སོགས་སྲིད་ཁྲིམས་ཚན་པའི་མི་དམངས་ཉེན་རྟོག་པ་དང་སྤྱོད་སྒོ་ཆེ་བའི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་སློབ་གསོའི་རྟེན་གཞི་གཅིག་པུ་དེ་ཡིན། སྤྱི་ལོ1964ལོར་སློབ་གྲྭ་བཙུགས་ནས་ད་བར་དུ། སློབ་གླིང་གིས་སྔ་གཞུག་ཏུ་ལག་རྩལ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་ཆེད་ཚན་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་སློབ་གསོ། ལས་ཐོག་མི་དམངས་ཉེན་རྟོག་པ་གསོ་སྦྱོང་སོགས་འཕེལ་རྒྱས་ཀྱི་དུས་རིམ་འགའ་བརྒྱུད་དེ། ཧྲན་ཞི་ཞིང་ཆེན་གྱི་སྲིད་ཁྲིམས་འཐབ་ཕྱོགས་ལ་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་བཏང་བས། ཧྲན་ཞི་ཞིང་ཆེན་གྱི་གྲགས་ཅན་སློབ་གླིང་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西警官职业学院
ཕྱི་ཡིག་གི་མིང་།
Shanxi Police Officer Vocational College
བཙུགས་ལོ།
སྤྱི་ལོ1964ལོར།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས་རིགས།
གཙོ་གཉེར་ཚན་པ།
ཧྲན་ཞི་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཙོན་ཁང་དོ་དམ་སྡེ་ཁག་དང་། ཉེར་སྤྱོད་ཁྲིམས་ལུགས་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག བདེ་འཇགས་ཉེན་ཟོན་སྡེ་ཁག
སློབ་གྲྭའི་དམ་ཚིག
ཀུན་སྤྱོད་དང་བཅའ་ཁྲིམས་ལ་ཡིད་སྨོན་དང་། བློ་དཀར་ལས་བརྩོན།
སློབ་གྲྭའི་གནས་ཡུལ།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་གྱི་ཧྲོང་ཐ་ལྷོ་ལམ་ཨང34པ།
སློབ་གྲྭའི་ཚབ་ཨང་།
13693
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1964ལོར་ཧྲན་ཞི་ཞིང་ཆེན་ཞིང་ཆེན་སྤྱི་བདེ་ལག་རྩལ་སློབ་གྲྭ་བཙུགས།

སྤྱི་ལོ1980ལོར་ཧྲན་ཞི་ཞིང་ཆེན་ཞིང་ཆེན་སྤྱི་བདེ་ལག་རྩལ་སློབ་གྲྭ་དེ་ཧྲན་ཞི་ཞིང་ཆེན་སྤྱི་བདེ་ལག་རྩལ་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1983ལོར་ཧྲན་ཞི་ཞིང་ཆེན་སྤྱི་བདེ་ལག་རྩལ་སློབ་དེ་ཧྲན་ཞི་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་བྱ་བའི་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1986ལོར་ཧྲན་ཞི་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་བྱ་བའི་སློབ་གྲྭ་དེ་ཧྲན་ཞི་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ཉེན་རྟོག་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1995ལོར་ཧྲན་ཞི་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ཉེན་རྟོག་སློབ་གྲྭའི་མིང་དེ་ཧྲན་ཞི་ཞིང་ཆེན་མི་དམངས་ཉེན་རྟོག་པ་གཉིས་པའི་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ2004ལོར་ཧྲན་ཞི་ཞིང་ཆེན་མི་དམངས་ཉེན་རྟོག་པ་གཉིས་པའི་སློབ་གྲྭ་དེ་ཧྲན་ཞི་ཉེན་རྟོག་དཔོན་གྱི་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས་པ་རེད།

2 སློབ་གླིང་དང་ཚན་པ། ཆེད་ལས།

སློབ་གླིང་དུ་སློབ་ཁྲིད་སྒྲིག་གཞི8དང་། བཙོན་ཁང་དོ་དམ་སྡེ་ཁག་དང་། ཉེར་སྤྱོད་བཅའ་ཁྲིམས་སྡེ་ཁག ཆ་འཕྲིན་འདུ་འགོད་སྡེ་ཁག བདེ་འཇགས་དོགས་ཟོན་སྡེ་ཁག སྤྱི་པའི་རྨང་གཞིའི་སློབ་ཁྲིད་ཚན་པ། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཁྲིད་ཞིབ་འཇུག་ཚན་པ། ཉེན་རྟོག་ལུས་རྩལ་སློབ་ཁྲིད་ཚན་པ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་ཚན་པ་བཅས་བཙུགས་ཡོད། སློབ་གྲྭས་བཙུགས་པའི་ཆེད་ལས་ནི། ཉེས་དོན་ལག་བསྟར་དང་། སྲིད་འཛིན་ལག་བསྟར(བཙན་ཤེད་ཀྱིས་ལོགས་བཀར་དུག་གཅོད་དོ་དམ་བྱེད་པའི་ཕྱོགས)སྡེ་ཁུལ་ཡོ་བསྲང་། བཅའ་ཁྲིམས་ལས་དོན། ཁྲིམས་འཛིན་ཉེན་དོན། རྩིས་འཁོར་ཉེར་སྤྱོད་ལག་རྩལ། ཆ་འཕྲིན་བདེ་འཇགས་དང་དོ་དམ། (དྲ་བའི་མ་ལག་དོ་དམ་བྱེད་པའི་ཕྱོགས)ཆ་འཕྲིན་བདེ་འཇགས་དང་དོ་དམ་སོགས་ཡོད།

3 དགེ་རྒན་གྱི་འཛུགས་སྐྲུན།

སློབ་གླིང་ལ་ཆེད་ལས་བྱང་ཚད་ཅུང་མཐོ་བ་དང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་བྱེད་ནུས་ཅུང་ཆེ་བ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། གྲུབ་ཚུལ་ལུགས་མཐུན་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་ཡོད། ད་ཆ་རྒ་དགེ་རྒན200ལྷག་ཙམ་ཡོད་པ་དང80%ཡན་ལ་རིམ་པ་མཐོ་འབྲིང་གི་གོ་མིང་ཡོད། གཞོན་ནུའི་དགེ་རྒན་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་མཁན་གྱིས་ན་གཞོན་དགེ་རྒན་བསྡོམས་གྲངས་ཀྱི40%བཟུང་ཡོད་ལ། སློབ་ཁྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པས་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་ཐུབ།

4 ཤེས་ལྡན་མི་སྣ་གསོ་སྐྱོང་།

ཧྲན་ཞི་ཉེན་རྟོག་དཔོན་གྱི་ལས་རིགས་སློབ་གླིང་གིས་མི་གཙོ་བོར་འཛིན་པ་དང་། ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ཐུབ་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས། “བཙོན་ཁང་མ་ལག་ལ་གཞི་ཚུགས་པ་དང་སྲིད་ཁྲིམས་ལས་རིགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དགོས་མཁོར་ཁ་ཕྱོགས་པ་དང་། གཞི་རིམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སློབ་གཉེར་མཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཁྱད་ཆོས་ལྡན་པའི་སློབ་གྲྭ་དར་རྒྱས་དང་སྤུས་ཚད་ལེགས་པའི་སློབ་གྲྭ་སྟོབས་ལྡན། སྣ་མང་འཕེལ་རྒྱས”ཀྱི་སློབ་གཉེར་བྱེད་ཕྱོགས་ཀྱིས“སྤྱི་ཚོགས་ཡིད་ཚིམ་པའི་མཐོ་རིམ་ལས་རིགས་དཔེ་སྟོན་སློབ་གླིང”བརྩོན་ལེན་བྱ་རྒྱུ་དེ་སྤྱིའི་དམིགས་འབེན་དུ་བཟུང་ཡོད། “ཆབ་སྲིད་དང་བསམ་བློའི་བྱང་ཚད་ཅུང་མཐོ་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའི་ཤེས་བྱ་ཅུང་ཆེ་བ། ཆེད་ལས་གོ་ཆོད་རྩལ་ནུས་ཅུང་ཆེ་བ་བཅས་ཀྱི་འབྲིང་རིམ་དང་མཐོ་རིམ་གྱི་དོ་དམ་ཞབས་ཞུའི་ཤེས་ལྡན་མི་སྣ”འབད་བརྩོན་གྱིས་གསོ་སྐྱོང་བྱེད་བཞིན་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།