ལིན་ཧྥུན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-05 08:44ལ་འགྲུབ།

ལིན་ཧྥུན་ལས་རིགས་ལག་རྩལ་སློབ་གླིང་།

ལིན་ཧྥུན་ལས་རིགས་ལག་རྩལ་སློབ་གླིང་།
ལིན་ཧྥུན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ལིན་ཧྥུན་དུ་གནས་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ཤིང་། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བཞིན་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གླིང་ཞིག་ཡིན། རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་སྟེ་ཧྲན་ཞི་ཞིང་ཆེན་ལིན་ཧྥུན་འཕྲོད་བསྟེན་སློབ་གྲྭ་དང་། ལིན་ཧྥུན་ཞིང་ལས་འཕྲུལ་ཆས་སློབ་གྲྭ། ལིན་ཧྥུན་ཞིང་ལས་སློབ་གྲྭ། ལིན་ཧྥུན་བཟོ་ལས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་བཙུགས་པ་རེད། སློབ་གླིང་གིས་སློབ་གསོ་དཀྱུས་མ་དང་། ལས་རིགས་སློབ་གསོ། དར་མའི་སློབ་གསོ། ཡིག་སྤྲིངས་སློབ་གསོ་བཅས་གཞི་གཅིག་ཏུ་བསྡུས། གཙོ་བོ་ཐོན་སྐྱེད་དང་། འཛུགས་སྐྲུན། དོ་དམ། ནོར་སྲིད་དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་འཐབ་ཕྱོགས་དང་པོར་ཁ་ཕྱོགས་པའི་རིམ་པ་མཐོ་བའི་ཉེར་སྤྱོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临汾职业技术学院
དབྱིན་ཡིག་གི་མིང་།
linfen vocational and technical college
བསྡུས་མིང་།
ལིན་ཧྥུན་ལས་རིགས་སློབ་གླིང་།
བཙུགས་ལོ།
སྤྱི་ལོ2002ལོར།
རིགས་དབྱེ།
ཕྱོགས་བསྡུས་རིགས་ཀྱི་གཞུང་གཉེར་སློབ་གྲྭ
སློབ་གྲྭའི་རིགས་དབྱེ།
སྤྱིར་བཏང་གི་མཐོ་རིམ་ལས་རིགས་སློབ་གླིང་གི་རིགས།
ངོ་བོ།
གྲོང་ཁྱེར་ཁོངས་གཏོགས་སློབ་གླིང་།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་ཡའོ་ཏུའུ་ཆུས།
གཙོ་གཉེར་སྡེ་ཁག
ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་།
གཞུང་ཕྱོགས་དྲ་གནས།
www.lfvtc.cn
1 སློབ་ཁྲིད་ཀྱི་སྒྲིག་བཀོད།

སློབ་གླིང་གི་རྒྱ་ཁྱོན་ལ་མུའུ456ཡོད་པ་དང་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་ཚོད་ལྟའི་ཐོག་བརྩེགས་ཁང་ཆེན། ཚན་རྩལ་དཔེ་དེབ་ཁང་། རིག་རྩལ་བྱེད་སྒོའི་ལྟེ་གནས། ཚད་ལྡན་ཅན་གྱི་ལུས་རྩལ་ཐང་། སློབ་མའི་ལས་ཤག་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་རབ་དང་རིམ་པ་བཙུགས་ཡོད། སློབ་གླིང་ལ་དགེ་རྒན་གྱི་སྟོབས་ཤུགས་ཆེན་པོ་ལྡན། ད་ལྟ་དགེ་རྒན་ཆེ་མོ་བ་དང་། དགེ་རྒན་ཆེན་མོ་གཞོན་པ། ཀྲུའུ་རེན་སྨན་པ། ཀྲུའུ་རེན་སྨན་པ་གཞོན་པ་བཅས81དང་། འཆད་ཁྲིད་དགེ་རྒན230 རབ་འབྱམས་པའི་བསླབ་གནས་ཐོབ་པའི་དགེ་རྒན7ཡོད་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན་པའི་དགེ་རྒན34ཡོད། སློབ་ཆེན་ཆེད་ཚན་པུའུ་དང་། འབྲིང་རིམ་ཆེད་ཚན་པུའུ། ཧྲན་ཤིས་གསོ་རིག་ཚན་རིག་སློབ་ཆེན་བཅས་དང་མཉམ་འབྲེལ་ཐོག་སློབ་གཉེར་བྱས་ཡོད། ནད་ཐོག་གསོ་རིག་དང་ནད་གཡོག་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་མ་བསྡུ་བཞིན་ཡོད། རིག་གཞུང་ཚན་ཁག་ཆེ་གྲས་བདུན་གྱིས་ཆེད་ལས35བཙུགས་ཡོད་པ་དང་། ལས་ཁུངས་ཀྱི་དགོས་མཁོར་གཞིགས་ནས། ངེད་སློབ་གླིང་གི་འབྲིང་རིམ་ཆེད་ལས་སྡེ་ཁག་གིས་མུ་མཐུད་དུ་སྔར་གྱི་ནད་གཡོག་ཆེད་ལས་དང་ཁྱད་ཆོས་ལྡན་པའི་ནད་གཡོག་ཆེད་ལས་བཙུགས་པ་དང་དུས་མཚུངས་སུ། དབྱིན་ཡིག་གི་ནད་གཡོག་འཛིན་གྲྭ་དང་། དམིགས་བསལ་ལས་གནས་ནད་གཡོག་ཆེད་ལས་ཁ་སྣོན་བྱས། ཆེད་ལས་ཁག་གི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ8000ལྷག་ཙམ་དང་དར་མའི་མཐོ་རིམ་སློབ་གཉེར་རྒྱུད་རིམ་ལྡན་པའི་སློབ་མ1600ལྷག་ཙམ་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1958ལོར་ཧུང་ཏུང་ཞིང་ལས་སློབ་གྲྭ་བཙུགས།

སྤྱི་ལོ1964ལོར་ལིན་ཧྥུན་ས་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་བཙུགས།

སྤྱི་ལོ1981ལོར་ལིན་ཧྥུན་ས་ཁུལ་གྱི་བཟོ་ལས་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཙུགས།

སྤྱི་ལོ202ལོར་ཧུང་ཏུང་ཞིང་ལས་སློབ་གྲྭ་དང་། ལིན་ཧྥུན་ཞིང་ལས་འཕྲུལ་ཆས་སློབ་གྲྭ། ལིན་ཧྥུན་འཕྲོད་བསྟེན་སློབ་གྲྭ། ལིན་ཧྥུན་ས་ཁུལ་བཟོ་ལས་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ལིན་ཧྥུན་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤར་བྱས།

སློབ་གླིང་དུ་ཞོར་གཏོགས་སྨན་ཁང་གཉིས་དང་ཡུན་རིང་མཉམ་ལས་བྱས་པའི་སློབ་ཁྲིད་སྨན་ཁང24ཡོད་ལ། སྙིང་གི་ཁྲག་རྩ་དང་ཁ་ནད། བྱིས་པའི་ཚན་ཁག་སོགས་ཀྱི་ཞིབ་འཇུག་ཁང་། ཞིང་ར་དང་སྤུས་ལེགས་ཀྱི་བྱ་གསོ་ར་བ། ཕག་ར་དང་ཕྱུགས་རིགས་སྨན་པའི་སྒོ་བསྟེན་སྨན་བཅོས་ཁང་། སྔོ་ཚལ་དྲོད་ཁང་། བཟའ་བྱའི་ཤ་མོ་དང་མེ་ཏོག་འདེབས་གསོ་རྟེན་གཞི། རིགས་ཁག་གི་ཆེད་ལས་ཚོད་ལྟ་ཁང60ལྷག་ཙམ་ཡོད་པ་མ་ཟད། རྩིས་འཁོར་སློབ་གྲྭའི་ཁྱབ་ཆུང་དྲ་རྒྱ་དང་རྒྱལ་སྤྱིའི་དྲ་སྦྲེལ་དང་ཀྲུང་གོའི་སློབ་གསོའི་དྲ་བ་དྲ་སྦྲེལ་བྱས་ཡོད། རྩིས་འཁོར་ལྟེ་གནས་དང་། དྲ་རྒྱའི་ཆ་འཕྲིན་ལྟེ་གནས། རྒྱང་ཁྲིད་སློབ་གསོའི་ལྟེ་གནས། གློག་རྡུལ་ལྟ་ཀློག་ཁང་སོགས་ཡོད།

སྤྱི་ལོ2007ལོའི་ཟླ5པར།     གཞི་རྩའི་སློབ་གཉེར་ཆ་རྐྱེན་འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱའི་ཚད་མི་ལོན་པའི་རྐྱེན་གྱིས་སློབ་མ་བསྡུ་ཚད(རྟགས་སེར)ལ་ཚད་བཀག་ཡོད་པའི་མཐོ་རིམ་སློབ་གྲྭར་གཏན་འཁེལ་བྱས། སློབ་གླིང་གིས་སློབ་གསོའི་འདུ་ཤེས་གསར་པ་མཛུབ་ཁྲིད་བྱས་ཏེ་རིམ་པ་མང་བ་དང་ཐབས་ལམ་མང་པོས་མཐོ་རྒྱུགས་སློབ་མ་བསྡུ་བ་དང་འབྲིང་རྒྱུགས་དཀྱུས་མ་གཙོ་ཁྲིད་དུ་བྱས་ཏེ་ཁ་གཏད་སློབ་རིམ་འཕར་བ་དང་དར་མའི་སློབ་མ་བསྡུ་བ་རམ་འདེགས་སུ་བྱེད་པ་ཡིན། རྒྱུགས་སྤྲོད་མི་དགོས་པར་འོས་སྦྱོར་དང་ལས་རིགས་འབྲིང་རིམ་ཆེད་ལས་འཛིན་གྲྭས་ཁ་གསབ་བྱེད་པའི་སློབ་གཉེར་བྱེད་སྟངས་ཤིག་ཡིན། པེ་ཅིན་སློབ་ཆེན་དང་། ཧྲན་ཞིའི་གསོ་རིག་སློབ་ཆེན། ཧྲན་ཞིའི་ཀྲུང་ལུགས་གསོ་རིག་སློབ་གླིང་། ཧྲན་ཞིའི་ཞིང་ལས་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཅི་ལིན་སློབ་ཆེན། ཅང་སུའུ་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ་གྲགས་ཅན་དང་མཉམ་འབྲེལ་གྱིས་སློབ་གཉེར་བྱས་ཏེ། སློབ་མ་སློབ་གྲྭར་ཟབ་སྦྱོང་བྱེད་པ་དང་སློབ་རྒྱུས་ཀྱི་རིམ་པ་མཐོ་རུ་བཏང་ནས་མཐུན་རྐྱེན་བསྐྲུན་ཡོད།

3 སློབ་ཁྲིད་སྡེ་ཁག

ནད་སྐྱོང་ཚན་ཁག གསོ་རིག་ཚན་ཁག འཕྲུལ་གློག་ཚན་ཁག ཞིང་ལས་ཚན་ཁག ཕྱུགས་རིགས་སྨན་པའི་ཚན་ཁག ཕྱི་སྐད་ཚན་ཁག སྤྱི་པའི་སློབ་ཁྲིད་པུའུ།

4 ཆེད་ལས།

འཕྲོད་བསྟེན་བདེ་སྲུང་།

སྨན་སྦྱོར།

སྐྱེ་གཡོག

ཀྲུང་ལུགས་གསོ་རིག

ནད་གཡོག

རྩིས་འཁོར་ཉེར་སྤྱོད་ལག་རྩལ།

རྩིས་གཉེར་པ།

ཕྱུགས་བཅོས་སྨན་པ།

ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་།

འཕྲུལ་གློག་ལག་རྩལ་ཉེར་སྤྱོད།

རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ།

གཏེར་ཁྲོན་རླུང་འགྲོ་དང་བདེ་འཇགས།

གཏེར་འདོན་ལས་གྲྭ།

གློག་རྡུལ་ཉེར་སྤྱོད་དང་ཞིག་གསོ།

ལྡུམ་རའི་ལག་རྩལ།

བཟོ་ལས་དབྱེ་ཞིབ་དང་ཞིབ་བཤེར།

ཞིང་སྡེའི་དཔལ་འབྱོར་དོ་དམ།

ཐོན་ཁུངས་ཁོར་ཡུག

ཞིང་ཞོར་ཐོན་རྫས་ལས་སྣོན།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

ཚོང་དོན་དབྱིན་ཡིག

ཡུལ་སྐོར་དབྱིན་ཡིག

ཕྱི་ཕྱོགས་དང་འབྲེལ་བའི་མགྲོན་བྲང་ཞབས་ཞུ།

ཡུལ་སྐོར་དོ་དམ།

བདེ་འཇགས་ལག་རྩལ་དོ་དམ།

བཟའ་བཅའི་འཚོ་བཅུད་དང་ཞིབ་དཔྱད་ཚད་ལེན་བྱེད་ཕྱོགས།


དཔྱད་གཞིའི་ཡིག་ཆ།