དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-05 08:44ལ་འགྲུབ།

དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་།

དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་།
དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་ནི་དབྱང་ཆོན་གྲོང་ཁྱེར་སྐྱེ་ཁམས་གྲོང་གསར་དུ་གནས་ཤིང་། གསོ་རིག་དང་། བཟོ་རིག དོ་དམ། སྒྱུ་རྩལ་སོགས་རིག་ཚན་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་ཆེན་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阳泉职业技术学院
དབྱིན་ཡིག་གི་མིང།
Yangquan Vocational And Technical College
བསྡུས་མིང་།
དབྱང་ཆོན་ལས་རིགས་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1958ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
ངོ་བོ།
མཐོ་རིམ་ལས་རིགས་སློབ་གླིང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲན་ཞིའི་དབྱང་ཆོན།
ད་ལྟའི་སློབ་གཙོ།
ཚའོ་ཞུའེ་རེན།
གཙོ་གཉེར་སྡེ་ཁག
དབྱང་ཆོན་གྲོང་ཁྱེར་སློབ་གསོ་ཅུས།
སློབ་གྲྭའི་དམ་ཚིག
ཀུན་སྤྱོད་གསལ་པོ། ཕུགས་བསམ་ཡར་བརྩོན། སློབ་སྦྱོང་ཧུར་ཐག ལག་རྩལ་སྟོབས་ལྡན།
སློབ་གླིང་དང་ཚན་ཁག་གཙོ་བོ།
གློག་བཟོ་སྐྲུན་སྡེ་ཁག ཆ་འཕྲིན་ལག་རྩལ་སྡེ་ཁག ནོར་སྲིད་དཔལ་འབྱོར་དོ་དམ་སྡེ་ཁག གསོ་རིག་ནད་སྐྱོང་སྡེ་ཁག ཨར་ལས་བཟོ་སྐྲུན་སྡེ་ཁག ནུས་ཁུངས་བདེ་འཇགས་སྡེ་ཁག
སློབ་གྲྭའི་གནས་ཡུལ།
དབྱང་ཆོན་གྲོང་ཁྱེར་སྐྱེ་ཁམས་གྲོང་གསར་གྱི་སྲང་ལམ་ཨང9པ།
སློབ་གྲྭའི་ཚབ་ཨང་།
4114012893
ཏང་ཨུའི་ཧྲུའུ་ཅི།
ཅིན་ཚུན་ཀྲུའུ།
མཉམ་འབྲེལ་ཁེ་ལས།
པེ་ཏུའུ་ཀུང་སི། ཀྲུང་ཞིན་འཕྲིན་སྐྱེལ།
ཞོར་གཏོགས་སྨན་ཁང་།
དབྱང་ཆོན་ཀྲུང་ལུགས་སྨན་ཁང་དང་། དབྱང་ཆོན་མི་དམངས་སྨན་ཁང་དང་པོ་སོགས།
1 སློབ་གླིང་ངོ་སྤྲོད།

དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2002ལོའི་ཟླ4པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་ཆེད་ལས་ཚན་ཁག་རིམ་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན། དེ་སྔའི་ཐའེ་ཡོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་དབྱང་ཆོན་སློབ་གླིང“སྒྲིག་གཞི་གཅིག་ལ་མིང་རྟགས་གཉིས”ཀྱི་དོ་དམ་བྱེད་སྟངས་ལག་བསྟར་བྱས། ཕྱིས་སུ་ཐའེ་ཡོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་དབྱང་ཆོན་སློབ་གླིང་དེ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ་ཞིག་ཏུ་གྱུརབ་དང་། ཧྲན་ཞིའི་བཟོ་སྐྲུན་ལག་རྩལ་སློབ་གླིང་ཞེས་མིང་བསྒྱུར། དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་དེའི་ཁྲོད་ནས་ཁ་གྱེས་བ་དང་ལོ་དེར་སློབ་མ་བསྡུ་མཚམས་བཞག་པ་རེད། སྤྱི་ལོ2014ལོའི་ཟླ9པར། ཧྲན་ཞི་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་ལ་ཆོག་མཆན་གནང་བ་དང་འབྲེལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ལོའི་ཟླ7པར། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་དེ་དབྱང་ཆོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དོ་དམ་བྱ་རྒྱུའི་ཆོག་མཆན་གནང་བ་དང་། དབྱང་ཆོན་གྲོང་ཁྱེར་བཟོ་ལས་སློབ་གྲྭ་དང་དབྱང་ཆོན་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭ་གཉིས་ཀྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་སྡེབ་སྒྲིག་བྱས་ནས་གྲུབ་པ་རེད། དབྱང་ཆོན་གྲོང་ཁྱེར་གྱི་མཐོ་རིམ་ལས་རིགས་སློབ་འབྲིང་དང་པོ་དང་། དབྱང་ཆོན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལས་རིགས་སློབ་གྲྭ་དུས་མཇུག་ཏུ་རིམ་བཞིན་དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་དུ་སྡེབ་སྒྲིག་བྱས།

2 སློབ་གཉེར་འདུ་ཤེས།

སློབ་གླིང་གི་འགོ་ཁྲིད་འབྱོར་བ་ནས་བཟུང་། “འགོ་ཚུགས་ས་མཐོ་བའི་ཇུས་འགོད་དང་། ཆུ་ཚད་མཐོ་བའི་སློབ་གཉེར། སྤུས་ཚད་མཐོ་བའི་ལས་ཞུགས། ཁྱད་ལྡན་ཅན་གྱི་འཕེལ་རྒྱས”བཅས་ཀྱི་སློབ་གཉེར་འདུ་ཤེས་གཏན་འཁེལ་བྱས་པ་དང་། “ལོ་གཅིག་ནང་རྨང་གཞི་བརྟན་དུ་གཏོང་བ་དང་། ལོ་གཉིས་ནང་བརྟན་པོའི་ངང་མཐོ་རུ་གཏོང་བ། ལོ་གསུམ་ནང་ཕྱོགས་ཡོངས་ནས་ཚད་ལོན་པ”བཅས་ཀྱི་འཕེལ་རྒྱས་དམིགས་ཚད་གཞིར་བཟུང་། “རྨང་གཞིའི་འཛུགས་སྐྲུན་གྱི་ནུས་པ་འབྲེལ་མཐུད་དང་། སློབ་གླིང་ནང་ཁུལ་འཛུགས་སྐྱོང་། སློབ་གྲྭ་གཉིས་བསྡུ་སྒྲིལ”བཅས་ཀྱི་ལས་དོན་ཆེན་པོ་གསུམ་གཅིག་གྱུར་འཆར་འགོད་མཐའ་འཁྱོངས་བྱས།

3 མ་རྩའི་གནས་ཚུལ།

དབྱང་ཆོན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ319671ཡོད། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ123323.44ཡོད་པའི་ནང་སྐྲུན་བཞིན་པའི་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ12864ཡོད། སློབ་གླིང་གི་སློབ་གྲྭའི་ཐོན་དབང་རྒྱུ་ནོར་དུང་ཕྱུར7.88ཡོད། དེབ་ཐོག་གཏན་འཇགས་རྒྱུ་ནོར་སྒོར་ཁྲི7265.6928ཡོད་པའི་ནང་སློབ་ཁྲིད་དང་དངོས་སྦྱོང་ཡོ་ཆས་སྒྲིག་ཆས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2208.822ཡོད་པ་རེད། སློབ་མ་རེར་ཆ་སྙོམས་སློབ་ཁྲིད་ཚན་རིག་ཞིབ་འཇུག་གི་དཔྱད་ཆས་སྒྲིག་ཆས་སྒོར8430.61ཡོད།

4 དགེ་རྒན་གྱི་སྟོབས་ཤུགས།

དབྱང་ཆོན་གྲོང་ཁྱེར་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་མཆན་འགོད་བཀའ་ལན་ལ་གཞིགས་ནས་དབྱང་ཆོན་སློབ་གླིང་དུ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་པ252ཡོད། དེའི་ནང་དོ་དམ་མི་སྣ37དང་ཆེད་ལས་ལག་རྩལ་མི་སྣ215ཡོད། ད་ལྟ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ211ཡོད་པའི་ནང་དོ་དམ་མི་སྣ22ཡོད་པ་དང་། ཆེད་ལས་ལག་རྩལ་མི་སྣ179(དེའི་ནང་ཆེད་བསྐོས་དགེ་རྒན162ཡོད) ལས་ཞབས་པ10ཡོད། ཆེད་བསྐོས་དགེ་རྒན་དཔུང་ཁག་ནང་ཞིབ་འཇུག་སློབ་མ་ཡན་གྱི་སློབ་གཉེར་བརྒྱུད་རིམ་དང་སློབ་གནས་ལྡན་པའི་དགེ་རྒན13ཡོད། སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན155ཡོད། ད་ཆ་མཐོ་རིམ་འཆད་ཁྲིད་དགེ་རྒན41(མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་འཁུར་བའི་ཐོབ་ཐང་ལྡན་པའི་ཆེད་བསྐོས་དགེ་རྒན61)དང་། “གཉིས་མཁས་རྣམ་པའི”དགེ་རྒན65གདན་ཞུ་བྱས་ཡོད།

5 སྒྲིག་ཆས།

ད་ཆ་སློབ་གླིང་གི་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ17150ཡོད་པ་དང་དངོས་སྦྱོང་ཁང118ཡོད་པ་རེད། བཟོ་སློབ་དང་འཕྲོད་བསྟེན་སློབ་གྲྭ་གཉིས་ཀྱི་ཤོག་བུའི་དཔེ་དེབ་སྡེབ་སྒྲིག་བྱས་རྗེས། ཁྱོན་བསྡོམས་དེབ62822ཡོད་པ་དང་ད་ཆ་ཡོད་པའི་སློབ་མ2173(དེའི་ནང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ621ཡོད། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ1552)སློབ་མ་རེར་ཆ་སྙོམས་དཔེ་དེབ29ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།