ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-05 08:44ལ་འགྲུབ།

ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་།

ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་།
ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་ནོར་དཔལ་རིགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་ཚན་རིམ་པའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་དང་དངུལ་རྩའི་ལས་རིགས་སློབ་གསོས་གཙོ་བོ་བྱེད་པའི་མཐོ་རིམ་ལས་རིགས་ཀྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་ཞིག་རེད། སློབ་གྲྭ་འདི་ནི་སྔར་སྤྱི་ལོ1978ལོར་བཙུགས་པའི“ཧྲན་ཞིའི་དངུལ་ཁང་སློབ་གྲྭ”ཡིན། སྤྱི་ལོ2002ལོའི་ཟླ5པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས“ཧྲན་ཞིའི་དངུལ་རྩའི་ལས་རིགས་སློབ་གླིང”གྲབས་འཛུགས་བྱེད་པར་ཆོག་མཆན་བཀོད། སྤྱི་ལོ2003ལོའི་ཟླ1པོར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ཏེ“ཧྲན་ཞིའི་དངུལ་རྩའི་ལས་རིགས་སློབ་གླིང”དངོས་སུ་བཙུགས། འབྲིང་རིམ་ཆེད་ལས་སློབ་གསོ་ནས་མཐོ་རིམ་ལས་རིགས་སློབ་གསོར་རིམ་སྤོར་བྱས་པ་དང་ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西金融职业学院
ཕྱི་ཡིག་གི་མིང་།
Shanxi Professional College of Finance
བཙུགས་ལོ།
སྤྱི་ལོ1978ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གཙོ།
ཐེན་ཞང་ཡུས།
ཁོངས་གཏོགས་ས་ཁུལ།
ཧྲན་ཞིའི་ཐའེ་ཡོན།
སློབ་གླིང་དང་ཚན་ཁག་གཙོ་བོ།
དངུལ་རྩའི་སྡེ་ཁག རྩིས་གཉེར་སྡེ་ཁག རྩིས་འཁོར་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག
ངོ་བོ།
ནོར་སྲིད་དཔལ་འབྱོར།
སློབ་གྲྭའི་རིགས་དབྱེ།
ནོར་སྲིད་དཔལ་འབྱོར་རིགས།
གཙོ་གཉེར་སྡེ་ཁག
ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་།
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་དེ་སྤྱི་ལོ1978ལོར་བཙུགས་པ་རེད། དེ་སྔའི་ཧྲན་ཞི་དངུལ་ཁང་སློབ་གྲྭ་ནི་ཧྲན་ཞི་ཞིང་ཆེན་གྱི་མངའ་འོག་གི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངུལ་རྩའི་འབྲིང་རིམ་ཆེད་ལས་སློབ་གྲྭ་གཅིག་པུ་དེ་ཡིན་པ་དང་སློབ་གྲྭ་བཙུགས་ཚུན་དངུལ་རྩའི་འཐབ་ཕྱོགས་དང་ལས་རིགས་གཞན་དག་ལ་འབྲིང་རིམ་ཆེད་ལས་ཤེས་ལྡན་པ་ཆིག་ཁྲི་ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཧྲན་ཞི་དངུལ་ཁང་སློབ་གྲྭ་ནི་སྤྱི་ལོ2001ལོར་མི་དམངས་དངུལ་ཁང་དང་འབྲེལ་ཐག་བཅད་དེ་ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་ཐད་གཏོགས་དོ་དམ་ལ་བསྒྱུར། སྤྱི་ལོ2003ལོའི་ཟླ1པོར། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གླིང་དངོས་སུ་བཙུགས་པ་དང་། སློབ་གྲྭ་འབྲིང་རིམ་ཆེད་ལས་སློབ་གསོ་ནས་མཐོ་རིམ་ལས་རིགས་སློབ་གསོར་རིམ་སྤོར་བྱས་བས། ཧྭ་པེ་ས་ཁུལ་གྱི་དངུལ་རྩའི་ལས་རིགས་སློབ་གླིང་གཅིག་པུ་དེར་གྱུར་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

2 སློབ་གླིང་དང་ཚན་ཁག ཆེད་ལས།

སྤྱི་ལོ2014ལོའི་བར་ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་དུ་དངུལ་རྩའི་ཚན་ཁག་དང་། རྩིས་གཉེར་ཚན་ཁག ཆ་འཕྲིན་ལག་རྩལ་ཚན་ཁག དཔལ་འབྱོར་དོ་དམ་ཚན་ཁག རྨང་གཞིའི་པུའུ། སྤྱི་ཚོགས་ཚན་རིག་པུའུ། དར་མའི་དྲ་རྒྱའི་སློབ་གསོ་པུའུ་སོགས་སློབ་ཁྲིད་སྡེ་ཚན་བདུན་བཙུགས་ཡོད། དངུལ་རྩའི་དོ་དམ་དང་། དོན་གཉེར། རྩིས་གཉེར། རྩིས་འཁོར་ཉེར་སྤྱོད་ལག་རྩལ། ཁྲོམ་རའི་ཚོང་གཉེར་སོགས་ཆེད་ལས15བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2014ལོའི་བར་ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་གི་སློབ་གྲྭར་ཡོད་པའི་སློབ་མ3600ཡོད་པ་རེད། དགེ་རྒན་དང་ལས་བཟོ་བ219ཡོད་པ་དང་། དགེ་རྒན་གྱི་བསྡུར་ཚད20.81:1ཡིན། ཞིབ་འཇུག་སློབ་མའི་བསླབ་གནས་ལྡན་པའི་ཆེད་བསྐོས་དགེ་རྒན་གྱིས་བཟུང་བའི་བསྡུར་ཚད60.24:1ཡིན་པ་དང་། སློབ་མ་རེར་ཆ་སྙོམས་སློབ་ཁྲིད་ཀྱི་སྲིད་འཛིན་ཁང་པ་སྨི་གྲུ་བཞི་མ5.74ཡོད། སློབ་མ་རེར་ཆ་སྙོམས་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་རེར་སྒོར5468.26ཡིན་པ་དང་སློབ་མ་རེར་ཆ་སྙོམས་དཔེ་དེབ54.35ཡོད་པ་རེད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་མའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་སློབ་གླིང་ལ་བྱ་དགའ་མང་པོ་ཐོབ་ཡོད།

4 སློབ་གླིང་གི་སྒྲིག་བཀོད།

ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་ལ་དེང་རབས་ཅན་གྱི་སློབ་ཁྲིད་དང་འཚོ་བའི་སྒྲིག་ཆས་ཡོད། སྨྱན་མང་གཟུགས་ཀྱི་སྤེལ་རེས་རྣམ་པའི་སློབ་ཁྲིད་མ་ལག་དང་། སློབ་ཁྲིད་དཔྱད་དཔོག་དང་ལྟ་སྐུལ་ཚོད་འཛིན་མ་ལག དེང་རབས་ཅན་གྱི་ཆེད་ལས་ཚོད་ལྟ་ཁང་། གློག་རྡུལ་ལྟ་ཀློག་ཁང་། པི་ཐིན—4ཡན་གྱི་རྩིས་འཁོར་ཆུང་གྲས800ལྷག་ཙམ་དང་། ཤོང་ཚད210ཡོད་པའི་སྐད་སྒྲའི་སློབ་ཁང་། སྨྱན་མང་རིག་གཞུང་སྙན་ཞུ་ཁང་། དྲ་སྦྲེལ་གྱི་སྤེལ་རེས་རྣམ་པའི་སློབ་ཁྲིད་སློབ་ཁང38བཅས་བཙུགས་ཡོད་པ་མ་ཟད། མ་དངུལ་སྒོར་ཁྲི700བཏང་ནས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་དྲ་བའི་མ་ལག་བསྐྲུན་ཡོད་པ་རེད།

5 གཟི་བརྗིད་མཚན་སྙན།
5_1 ཚན་རིག་ཞིབ་འཇུག་གི་ཐད།

ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་གིས་ཚན་རིག་ཞིབ་འཇུག་གི་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད། སྤྱི་ལོ2007ལོ་ནས་བཟུང་སློབ་གླིང་དེའི་དགེ་རྒན་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚགས་པར་དང་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ300ལྷག་ཙམ་སྤེལ་བ་དང་། གཙོ་སྒྲིག་པ་དང་རྩོམ་སྒྲིག་ནང་ཞུགས་པའི་སློབ་དེབ36 ཚན་ཞིབ་ཞིབ་འཇུག་བྱ་གཞི10ལྷག་ཙམ་རེ་ཞུ་བྱས་པ་དང་རྣམ་གྲངས་གཉིས་ལ་ཧྲན་ཞི་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་བྱ་དགའ་ཐོབ་ཡོད།

5_2 གཞན་ཕྱོགས།

ཧྲན་ཞི་དངུལ་རྩའི་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་གྱི“ཞིང་ཆེན་ཡོངས་ཀྱི་སློབ་གསོའི་སྔོན་ཐོན་ཚན་པ”དང་། སྤྱི་ལོ1997ལོའི“ཧྲན་ཞི་ཞིང་ཆེན་གྱི་ཤེས་དཔལ་སློབ་གྲྭ”སྤྱི་ལོ1998ལོའི“ཧྲན་ཞི་ཞིང་ཆེན་གྱི་ཀུན་སྤྱོད་སློབ་གསོའི་དཔེ་སྟོན་སློབ་གྲྭ” སྤྱི་ལོ1997ལོ་ནས་སྤྱི་ལོ2001ལོའི་བར་ཞིང་ཆེན་ཐད་གཏོགས་ཀྱི“ཤེས་དཔལ་ཚན་པའི་དཔེ་དམག”“སྤྱི་ལོ2003ལོ་འཁོར་གྱི་ལས་རིགས་སློབ་གསོའི་སྔོན་ཐོན་ལས་ཁུངས” “སྤྱི་ལོ2003ལོའི་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་སྔོན་ཐོན་སློབ་གྲྭ” “སྤྱི་ལོ2002ལོ་དང་སྤྱི་ལོ2003ལོའི་ཧྲན་ཞི་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ”བཅས་ཡིན། སྤྱི་ལོ2004ལོར་སློབ་གསོ་པུའུ་ཆ་འཕྲིན་ཐོན་ལས་པུའུ་ཡིས“རྩིས་འཁོར་བཀོལ་སྤྱོད་དང་མཉེན་ཆས་ལག་རྩལ་ཆེད་ལས་ཁྱབ་ཁོངས་ཀྱི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་རྟེན་གཞིར”གཏན་འཁེལ་བྱས་པ་རེད། སྤྱི་ལོ2005ལོར་ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས“བཞི་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི“ཁྲིམས་ལུགས་སློབ་གསོའི་སྔོན་ཐོན་ཚན་པ”དང“ཧྲན་ཞི་ཞིང་ཆེན་གྱིས་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭའི”མཚན་སྙན་སྤྲད་པ་རེད།


དཔྱད་གཞིའི་ཡིག་ཆ།