ལུང་ཞའོ་ཧྭ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-07-31 16:50ལ་འགྲུབ།

ལུང་ཞའོ་ཧྭ།

ལུང་ཞའོ་ཧྭ།
ལུང་ཞའོ་ཧྭ། མོ། མིའོ་རིགས། སྤྱི་ལོ1963ལོའི་ཟླ12པར་སྐྱེས། ཧུའུ་ནན་ཞིང་ཆེན་ཧྭ་ཡོན་རྫོང་གི་མི་ཡིན། སྤྱི་ལོ1985ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1981ལོའི་ཟླ8པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་དོ་དམ་རིག་པའི་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཧུའུ་ནན་ཞིང་ཆེན་ཞང་ཞི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་གྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙晓华
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ12པར།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
མིའོ་རིགས།
སྐྱེས་ཡུལ།
ཧུའུ་ནན་ཞིང་ཆེན་ཧྭ་ཡོན་རྫོང་།
མཐར་ཕྱིན་སློབ་གྲྭ།
ཅི་ཧྲོའུ་སློབ་ཆེན་དང་ཧུའུ་ནན་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ9པ་ནས་སྤྱི་ལོ1981ལོའི་ཟླ8པའི་བར། ཞིང་ཞི་ཀྲོའུ་ཞིང་ལས་སློབ་གྲྭའི་ཇ་འབྲས་ཆེད་ལས་འབྲིང་རིམ་ཆེད་ལས་སློབ་སྦྱོང་བྱས།     

སྤྱི་ལོ1981ལོའི་ཟླ8ནས་སྤྱི་ལོ1984ལོའི་ཟླ8པའི་བར་ཅི་ཧྲོའུ་གྲོང་ཁྱེར་ཞིང་ལས་ཅུས་ཀྱི་ལག་རྩལ་པ་དང་ལས་རོགས་ཞིང་ལས་ལག་རྩལ་པ་ཡིན།     

སྤྱི་ལོ1984ལོའི་ཟླ8པ་ནས་སྤྱི་ལོ1989ལོའི་ཟླ7པའི་བར། ཅི་ཧྲོའུ་གྲོང་ཁྱེར་གྲོང་གསེབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་བྱེད་པ་ཡིན།     

སྤྱི་ལོ1989ལོའི་ཟླ7པ་ནས་སྤྱི་ལོ1990ལོའི་ཟླ6པའི་བར། ཞང་ཞི་ཀྲོའུ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ལས་མི་ཡིན།     

སྤྱི་ལོ1990ལོའི་ཟླ6པ་ནས་སྤྱི་ལོ1992ལོའི་ཟླ10པའི་བར་ཞང་ཞི་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་དྲུང་ཡིག་ཁོའོ་རིམ་པའི་དྲུང་ཡིག་གཡི་འགན་བཞེས།     

སྤྱི་ལོ1992ལོའི་ཟླ10པ་ནས་སྤྱི་ལོ1993ལོའི་ཟླ4པའི་ར་ཧུའུ་ནན་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་གི་ཁོའོ་རིམ་པའི་དྲུང་ཡིག་གི་འགན་བཞེས།     

སྤྱི་ལོ1993ལོའི་ཟླ8པ་ནས་སྤྱི་ལོ1994ལོའི་ཟླ9པའི་བར་ཧུའུ་ནན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཁོའོ་རིམ་པ་དངོས་གཞིའི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1994ལོའི་ཟླ9པ་ནས་སྤྱི་2000ལོའི་ཟླ10པའི་བར་ཧུའུ་ནན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཁྲུའུ་རིམ་པའི་དྲུང་ཡིག་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།     

སྤྱི་ལོ2000ལོའི་ཟླ10པ་ནས་སྤྱི་ལོ2002ལོའི་ཟླ1པོའི་བར་ཧུའུ་ནན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།     

སྤྱི་ལོ2002ལོའི་ཟླ1པོ་ནས་སྤྱི་ལོ2008ལོའི་ཟླ7པའི་བར་། ཧུའུ་ནན་ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པའི་འགན་བཞེས།     

སྤྱི་ལོ2008ལོའི་ཟླ7པ་ནས་སྤྱི་ལོ2010ལོའི་ཟླ11པའི་བར་ཧུའུ་ནན་ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།     

སྤྱི་ལོ2010ལོའི་ཟླ11པ་ན་སྤྱི་ལོ2016ལོའི་ཟླ12པའི་བར་ཧུའུ་ནན་ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།     

སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར། ཧུའུ་ནན་ཞིང་ཆེན་ཞང་ཞི་ཧོར་རིགས་མིའོ་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ལས་ཚབ་ཁུལ་དཔོན་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།     

སྤྱི་ལོ2017ལོའི་ཟླ1པོ་ནས་ད་ལྟའི་བར། ཧུའུ་ནན་ཞིང་ཆེན་ཞང་ཞི་ཧོར་རིགས་མིའོ་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།    

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཨུ་ཡོན།

2 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2018ལོའི་ཟླ་དང་པོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་ཐོན་བྱུང་བ་རེད།


དཔྱད་གཞིའི་ཡིག་ཆ།