ལིའུ་ཧྥེ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-07-31 16:02ལ་འགྲུབ།

ལིའུ་ཧྥེ།

ལིའུ་ཧྥེ།
ལིའུ་ཧྥེ། ཕོ། རྒྱ་རིགས། སྤྱི་ལོ1969ལོའི་ཟླ9པར་སྐྱེས། ཅི་ལིན་ཁྲང་ཁྲུན་གྱི་ཡིན་པ་དང་། སྤྱི་ལོ1993ལོའི་ཟླ3པར་བྱ་བར་ཞུགས། སྤྱི་ལོ1990ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། འབུམ་རམས་པའི་ཞིབ་འཇུག་སློབ་མ་དང་དོ་དམ་རིག་པའི་འབུམ་རམས་པ་ཡིན། ད་ལྟ་ཧུའུ་ནན་ཞིང་ཆེན་གྱི་ལུའུ་ཧྲི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘非
སྐྱེས་ལོ།
སྤྱི་ལོ1969ལོའི་ཟླ9པར།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅི་ལིན་ཁྲང་ཁྲུན།
མཐར་ཕྱིན་སློབ་གྲྭ།
ཅི་ལིན་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ9པ་ན་སྤྱི་ལོ1990ལོའི་ཟླ8པའི་བར་ཅི་ལིན་བཟོ་ལས་སློབ་ཆེན་དོ་དམ་སློབ་གླིང་གི་དོ་དམ་ཆ་འཕྲིན་མ་ལག་ཆེད་ལས་ལ་སློབ་སྦྱོང་བྱས།     

སྤྱི་ལོ1990ལོའི་ཟླ8པ་ནས་སྤྱི་ལོ1993ལོའི་ཟླ3པའི་བར་ཅི་ལིན་བཟོ་ལས་སློབ་ཆེན་བཟོ་ལས་དོ་དམ་ལས་གྲྭའི་ཆེད་ལས་ཞིབ་འཇུག་སློབ་མ་ཡིན།     

སྤྱི་ལོ1993ལོའི་ཟླ3པ་ནས་སྤྱི་ལོ1993ལོའི་ཟླ5པའི་བར་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར793བཟོ་གྲྭའི་ལས་བྱེད་པ་ཡིན།     

སྤྱི་ལོ1993ལོའི་ཟླ5པ་ནས་སྤྱི་ལོ1993ལོའི་ཟླ8པའི་བར་ཅི་ལིན་ཞིང་ཆེན་ཚོང་འགུག་ཅུས་ཀྱི་ལས་བྱེད་པ་ཡིན།    

སྤྱི་ལོ1993ལོའི་ཟླ8པ་ནས་སྤྱི་ལོ1994ལོའི་ཟླ12པའི་བར་ཅི་ལིན་ཞིང་ཆེན་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཁོའོ་ཡོན་ཡིན།     

སྤྱི་ལོ1994ལོའི་ཟླ12པ་ནས་སྤྱི་ལོ1996ལོའི་ཟླ6པའི་བར་ཅི་ལིན་ཞིང་ཆེན་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཀྲུའུ་རེན་ཁོའོ་ཡོན་གཞོན་པའི་འགན་བཞེས།     

སྤྱི་ལོ1996ལོའི་ཟླ6པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་ཅི་ལིན་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་མཉམ་ལས་ཐིང་གི་ཀྲུའུ་རེན་ཁོའོ་ཡོན་གཞོན་པའི་འགན་བཞེས།     

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ9པའི་བར་ཅི་ལིན་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་མཉམ་ལས་ཐིང་གི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།     

སྤྱི་ལོ2000ལོའི་ཟླ9པ་ནས་སྤྱི་ལོ2004ལོའི་ཟླ6པའི་བར་ཅི་ལིན་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་མཉམ་ལས་ཐིང་གི་རྒྱལ་སྤྱིའི་འབྲེལ་བ་དང་དཔལ་འབྱོར་རོགས་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།     

སྤྱི་ལོ2004ལོའི་ཟླ6པ་ནས་སྤྱི་ལོ2004ལོའི་ཟླ9པའི་བར་ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་ཆ་འཕྲིན་ཅན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།     

སྤྱི་ལོ2004ལོའི་ཟླ9པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར་ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཁྲུའི་ཁྲུའུ་ཀྲང་གི་འགན་བཞེས།     

སྤྱི་ལོ2007ལོའི་ཟླ7པ་ནས་སྤྱི་ལོ2009ལོའི་ཟླ4པའི་བར་ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་མི་དོན་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གི་འགན་བཞེས།     

སྤྱི་ལོ2009ལོའི་ཟླ4པ་ནས་སྤྱི་ལོ2010ལོའི་ཟླ4པའི་བར་ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།     

སྤྱི་ལོ2010ལོའི་ཟླ4པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར་ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།     

སྤྱི་ལོ2013ལོའི་ཟླ5པ་ན་སྤྱི་ལོ2016ལོའི་ཟླ9པའི་བར་ཅི་ལིན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་གཞོན་པ་དང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།     

སྤྱི་ལོ2016ལོའི་ཟླ9པ་ནས་སྤྱི་ལོ2017ལོའི་ཟླ7པའི་བར་ཅི་ལིན་ཞིང་ཆེན་དཔལ་འབྱོར་ལག་རྩལ་མཉམ་ལས་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།     

སྤྱི་ལོ2017ལོའི་ཟླ7པ་ནས་སྤྱི་ལོ2017ལོའི་ཟླ8པའི་བར་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་གྱི་ཧྲི་ཀྲང་ལས་ཚབ་པ་བཅས་ཀྱི་འགན་བཞེས།     

སྤྱི་ལོ2017ལོའི་ཟླ8པ་ནས་སྤྱི་ལོ2019ལོའི་ཟླ12པའི་བར་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།     

སྤྱི་ལོ2019ལོའི་ཟླ12པ་ནས་སྤྱི་ལོ2020ལོའི་ཟླ1པོའི་བར་ཧུའུ་ནན་ཞིང་ཆེན་ལོའུ་ཏི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་མིང་འདོན་འོས་མིའི་འགན་བཞེས།     

སྤྱི་ལོ2020ལོའི་ཟླ1པོ་ནས་ད་ལྟའི་བར་ཧུའུ་ནན་ཞིང་ཆེན་ལོའུ་ཏི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།     

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡིན།

2 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2019ལོའི་ཟླ12པའི་ཚེས24ཉིན་ལོའུ་ཏི་གྲོང་ཁྱེར་ཏང་ཨུའི་གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ལོའུ་ཏི་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་ཆོད་དོན་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ལིའུ་ཧྥེ་ཡིས་ཀྲུང་གུང་ལོའུ་ཏི་གྲོང་ཁྱེར་གྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ་རེད།     

སྤྱི་ལོ2020ལོའི་ཟླ1པོའི་ཚེས7ཉིན་ལོའུ་ཏི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་བློ་མཐུན་ལིའུ་ཧྥེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྒྱུན་ཨུ། ཧྲུའུ་ཅི། བློ་མཐུན།