ཕེང་ཅ་ཞུའེ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-07-31 15:51ལ་འགྲུབ།

ཕེང་ཅ་ཞུའེ།

ཕེང་ཅ་ཞུའེ།
ཕེང་ཅ་ཞུའེ། ཕོ། རྒྱ་རིགས། སྤྱི་ལོ1965ལོའི་ཟླ5པར་སྐྱེས། ཨན་ཧུའེ་ཆན་ཧྲན་གྱི་མི་ཡིན། སྤྱི་ལོ1987ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1989ལོའི་ཟླ7པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
彭佳学
སྐྱེས་ལོ།
སྤྱི་ལོ1965ལོའི་ཟླ5པར།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཨན་ཧུའེ་ཆན་ཧྲན།
མཐར་ཕྱིན་སློབ་གྲྭ།
ཝུའུ་ཧན་ཆུ་བེད་གློག་ཤུགས་སློབ་གླིང་།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1982ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་ཝུའུ་ཧན་ཆུ་བེད་གློག་ཤུགས་སློབ་གླིང་ཞིང་ཆུ་ཚན་ཁག་གི་ཞིང་ནང་ཆུ་བེད་ལས་གྲྭའི་ཆེད་ལས་ལ་སློབ་སྦྱོང་བྱས།     

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ7པའི་བར་ཝུའུ་ཧན་ཆུ་བེད་གློག་ཤུགས་སློབ་གླིང་ཞིང་ཆུ་ཚན་ཁག་གི་ཞིང་ནང་ཆུ་བེད་ལས་གྲྭའི་ཆེད་ལས་ཞིབ་འཇུག་སློབ་མ་ཡིན།     

སྤྱི་ལོ1989ལོའི་ཟླ7པ་ནས་སྤྱི་ལོ1993ལོའི་ཟླ5པའི་བར་ཀྲེ་ཅང་ཞིང་ཆེན་ཞིང་ནང་ཆུ་བེད་སྤྱི་ཁྱབ་ས་ཚིགས་ཀྱི་ལས་རོགས་ལག་རྩལ་ཆེན་མོ་བ་དང་ལག་རྩལ་ཆེན་མོ་བའི་འགན་བཞེས།     

སྤྱི་ལོ1993ལོའི་ཟླ5པ་ནས་སྤྱི་ལོ1995ལོའི་ཟླ7པའི་བར་ཁྲང་ཧྲན་རྫོང་གིས་ཚན་རྩལ་རྫོང་དཔོན་གཞོན་པའི་འགན་བཞེས།     

སྤྱི་ལོ1995ལོའི་ཟླ7པ་ནས་སྤྱི་ལོ1996ལོའི་ཟླ1པོའི་བར། ཀྲེ་ཅང་ཞིང་ཆེན་ཆུ་གློག་འཛུགས་སྐྲུན་མ་འཇོག་སྤྱི་ཁྱབ་ཀུང་སིའི་གྲ་སྒྲིག་ཚོ་ཆུང་གི་འགོ་འཛིན་གཞོན་པའི་འགན་བཞེས།     

སྤྱི་ལོ1996ལོའི་ཟླ1པོ་ནས་སྤྱི་ལོ1999ལོའི་ཟླ4པའི་བར། ཀྲེ་ཅང་ཞིང་ཆེན་ཆུ་བེད་ཐིང་འཆར་འགོད་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།     

སྤྱི་ལོ1999ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ8པའི་བར། ཀྲེ་ཅང་ཞིང་ཆེན་ཆུ་བེད་ཐིང་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།     

སྤྱི་ལོ2003ལོའི་ཟླ8པ་ན་སྤྱི་ལོ2009ལོའི་ཟླ3པའི་བར་ཀྲེ་ཅང་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།     

སྤྱི་ལོ2009ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ4པའི་བར་ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་ཡི་འགན་བཞེས།     

སྤྱི་ལོ2009ལོའི་ཟླ4པ་ནས་སྤྱི་ལོ2012ལོའི་ཟླ4པའི་བར་ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པའི་འགན་བཞེས།     

སྤྱི་ལོ2012ལོའི་ཟླ5པ་ནས་སྤྱི་ལོ2013ལོའི་ཟླ3པའི་བར་ཀྲེ་ཅང་ཞིང་ཆེན་ཆུ་བེད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པའི་འགན་བཞེས།     

སྤྱི་ལོ2013ལོའི་ཟླ3པ་ནས་སྤྱི་ལོ2015ལོའི་ཟླ10པའི་བར། ཀྲེ་ཅང་ཞིང་ཆེན་རྒྱ་མཚོ་དང་ཉ་ལས་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།     

སྤྱི་ལོ2015ལོའི་ཟླ10པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།     

སྤྱི་ལོ2018ལོའི་ཟླ1པོ་ནས་སྤྱི་ལོ2018ལོའི་ཟླ2པའི་བར། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཧྲའོ་ཞིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།     

སྤྱི་ལོ2018ལོའི་ཟླ2པ་ནས་ད་ལྟའི་བར་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།     

སྐབས་བཅུ་གསུམ་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བཞི་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀྲེ་ཅང་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།

2 ལས་བགོས།

ཆུ་བེད་དང་། ཞིང་ལས། གྲོང་གསེབ། འབྲུ་རིགས་དང་དངོས་ཟོག་གསོག་འཇོག རང་བྱུང་ཐོན་ཁུངས། ནགས་ལས་སོགས་ཐད་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།     

གཞན་ཡང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན། ཞིང་ཆེན་འབྲུ་རིགས་དངོས་རྫས་ཅུས། ཞིང་ཆེན་ས་གཤིས་རྩད་ཞིབ་ཅུས། ཞིང་ཆེན་ནགས་ལས་ཅུས། ཞིང་ཆེན་ཞིང་ལས་ཚན་རིག་ཁང་བཅས་ལ་ལས་བགོས་འགན་གཉེར་བྱེད་དགོས།     

ཞིང་ཆེན་གྱི་མཁོ་ཚོང་ཁང་དང་། ཞིང་ཆེན་གྱི་ས་ཡོམ་ཅུས། ཞིང་ཆེན་གྱི་གནམ་གཤིས་ཅུས་བཅས་དང་འབྲེལ་གཏུག་བྱེད་པར་གའན་འཁུར་དགོས།

3 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས30ཉིན་ཀྲེ་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཕེང་ཅ་ཞུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པར་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།