སྤྱི་ལོ1979ལོའི་ཟླ9པ་ནས་སྤྱི་ལོ1983ལོའི་ཟླ7པའི་བར་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ཏུ་སློབ་གཉེར་བྱས།
སྤྱི་ལོ1983ལོའི་ཟླ7པ་ནས་སྤྱི་ལོ1987ལོའི་ཟླ9པའི་བར་ཉིང་པོ་དགེ་འོས་སློབ་གླིང་གི་རམ་འདེགས་དགེ་རྒན་གྱི་འགན་བཞེས།
སྤྱི་ལོ1987ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ7པའི་བར། ཧྭ་ཤར་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱས་ནས་རབ་འབྱམས་པའི་བསླབ་གནས་བླངས།
སྤྱི་ལོ1990ལོའི་ཟླ7པ་ནས་སྤྱི་ལོ1993ལོའི་ཟླ11པའི་བར་ཉིང་པོ་དགེ་འོས་སློབ་གླིང་གི་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས།
སྤྱི་ལོ1993ལོའི་ཟླ11པ་ནས་སྤྱི་ལོ1997ལོའི་ཟླ9པའི་བར། ཉིང་པོ་གྲོང་ཁྱེར་གྱི་ཆབ་གྲོས་སུ་ཕྱག་ལས་གནང་ཞིང་། རིག་གནས་དང་ལོ་རྒྱུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་གི་འགན་བཞེས།
སྤྱི་ལོ1997ལོའི་ཟླ9པ་ནས་སྤྱི་ལོ2002ལོའི་ཟླ4པའི་བར་ཉིང་པོ་གྲོང་ཁྱེར་ཧའེ་ཧྲུའུ་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2002ལོའི་ཟླ4པ་ནས་སྤྱི་ལོ2012ལོའི་ཟླ4པའི་བར་ཉིང་པོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2012ལོའི་ཟླ4པ་ནས་སྤྱི་ལོ2013ལོའི་ཟླ12པའི་བར་ཉིང་པོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།
སྤྱི་ལོ2013ལོའི་ཟླ12པ་ནས་སྤྱི་ལོ2015ལོའི་ཟླ12པའི་བར་ཀྲེ་ཅང་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་དང་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས།
སྤྱི་ལོ2015ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར་ཀྲེ་ཅང་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་དང་། དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ཨུ། དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་འགན་བཞེས།
སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2017ལོའི་ཟླ4པའི་བར། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་། དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་འགན་བཞེས།
སྤྱི་ལོ2017ལོའི་ཟླ4པར། ཀྲེ་ཅང་ཞིང་ཆེན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཡི་འགན་བཞེས་ཡོད།
སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། ལུས་རྩལ། སྨན་བཅོས་འགན་སྲུང་སོགས་ཐད་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས་ལ།
གཞན་ཡང་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་བཅས་ཀྱི་བྱ་བར་འགན་འཁུར་དགོས།
ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས། ཞིང་ཆེན་རིག་དངོས་ཅུས། ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་བཅས་དང་འབྲེལ་གཏུག་བྱ་རྒྱུར་འགན་འཁུར་དགོས།
སྤྱི་ལོ2018ལོའི་ཟླ1པོའི་ཚེས30ཉིན། ཀྲེ་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དང་ཁྲེང་ཡུའེ་ཁྲུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པར་བདམས་པ་རེད།