ཧུའུ་ཧའེ་ཧྥེང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 14:39ལ་འགྲུབ།

ཧུའུ་ཧའེ་ཧྥེང་།

ཧུའུ་ཧའེ་ཧྥེང་།
ཧུའུ་ཧའེ་ཧྥེང་། སྤྱི་ལོ1972ལོའི་ཟླ11པར་ཨན་ཧུའེ་ཅི་ཞི་ནས་སྐྱེས། སྤྱི་ལོ1995ལོའི་ཟླ5པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་ཤིང་། སྤྱི་ལོ1998ལོའི་ཟླ5པར་ལས་ཀར་ཞུགས། བྱང་ཕྱོགས་འགྲིམ་འགྲུལ་སློབ་ཆེན་ནས་མཐར་ཕྱིན་པ་དང་བསླབ་གནས་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
胡海峰
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཨན་ཧུའེ་ཅི་ཞི།
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ11པ།
མཐར་ཕྱིན་སློབ་གྲྭ།
བྱང་ཕྱོགས་འགྲིམ་འགྲུལ་སློབ་ཆེན།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1995ལོའི་ཟླ5པ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ2005ལོའི་ཟླ9པར་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་གྱི་འགན་ཁུར།

སྤྱི་ལོ2009ལོའི་ཟླ12པར་ཀྲེ་ཅང་ཆིང་ཧྭ་འབྲི་ཆུའི་ཟུར་གསུམ་གླིང་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2010ལོའི་ཟླ4པར། ཀྲེ་ཅང་ཆིང་ཧྭ་འབྲི་ཆུའི་ཟུར་གསུམ་གླིང་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ཡོན་ཀྲང་གི་འགན་བཞེས། 

སྤྱི་ལོ2013ལོའི་ཟླ5པར་ཀྲེ་ཅང་ཞིང་ཆེན་ཅ་ཞིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2013ལོའི་ཟླ8པར་ཀྲེ་ཅང་ཞིང་ཆེན་ཅ་ཞིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་ཏང་ཨུའི་སློབ་གྲྭའི་སློབ་གཙོའི་འགན་བཞེས།

སྤྱི་ལོ2014ལོའི་ཟླ3པར་ཀྲེ་ཅང་ཞིང་ཆེན་ཅ་ཞིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ3པར་ཀྲེ་ཅང་ཞིང་ཆེན་ཅ་ཞིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་པ། གྲོང་ཁྱེར་གྱི་འགོ་འཛིན་བཅས་ཀྱི་འགན་ཁུར།

སྤྱི་ལོ2018ལོའི་ཟླ7པར་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི(ཀྲེ་ཅང་ཞིང་ཆེན)དང་། སྐབས་བཅུ་བཞི་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཡིན།

2 ​གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ7པའི་ཚེས10ཉིན་ཅ་ཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་ཤིང་། གྲོས་ཚོགས་ཐོག་བློ་མཐུན་ཧུའུ་ཧའེ་ཧྥེང་གིས་བཏོན་པའི་ཅ་ཞིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་འགོ་འཛིན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་དང་ལེན་བྱ་རྒྱུའི་གྲོས་ཐག་བཅད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་མི་སྣ།