སྔ་རྗེས་སུ་ཀྲེ་ཅང་ཞིང་ཆེན་གྱི་ཀྲོའུ་ཧྲན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གྲྭའི་ཁྲུའུ་ཡི་འགོ་འཛིན་དང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར། ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། གུང་གཞོན་སྡེ་ཚོགས་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཏང་ཙུའུ་ཡི་ཧྲུའུ་ཅི། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས། ཀྲོའུ་ཧྲན་གྲོང་ཁྱེར་ཏིང་ཧའེ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ(རྫོང་དང་ཁྲུའུ་རིམ་པ་རྒན་པ)དང་། ཆུས་སྒྲིག་ཨུའི་ཧྲུའུ་ཅི། རྒྱུན་ལས་ཆུས་ཀྲང་གཞོན་པ། ཀྲོའུ་ཧྲན་གྲོང་ཁྱེར་ཕུའུ་ཐུའོ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་ཀྲང་། ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་བཞེས།
སྤྱི་ལོ2006ལོའི་ཟླ12པར་ཀྲོའུ་ཧྲན་གྲོང་ཁྱེར་ཕུའུ་ཐུའོ་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2012ལོའི་ཟླདང་པོར་ཧྲའོ་ཤིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།
སྤྱི་ལོ2015ལོའི་ཟླ11པར་ཧྲའོ་ཤིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2017ལོའི་ཟླ3པར་ཧྲའོ་ཤིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་ཧྲུའུ་ཅི་གཞོན་པ་དང་།
སྤྱི་ལོ2018ལོའི་ཟླ1པོར་ལི་ཧྲུའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པ། ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།
སྤྱི་ལོ2018ལོའི་ཟླ3པར། ལི་ཧྲུའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་། ཀྲེ་ཅང་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན།
སྤྱི་ལོ2018ལོའི་ཟླ3པའི་ཚེས26ཉིན་ལི་ཧྲུའེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བློ་མཐུན་ཝུའུ་ཞའོ་ཏུང་ནི་ལི་ཧྲུའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས།