ཧོ་ཀྲུང་ཝེ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 14:40ལ་འགྲུབ།

ཧོ་ཀྲུང་ཝེ།

ཧོ་ཀྲུང་ཝེ།
ཧོ་ཀྲུང་ཝེ། སྤྱི་ལོ1970ལོའི་ཟླ10པར་ཧོ་པེ་ཀྲའོ་རྫོང་ནས་སྐྱེས། སྤྱི་ལོ1993ལོའི་ཟླ8པར་ལས་ཀར་ཞུགས་ཤིང་། ཀྲུང་གུང་ཏང་ཡོན་ཡིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། དཔལ་འབྱོར་རིག་པའི་འབུམ་རམས་ཡིན། ད་ལྟ་ཀྲེ་ཅང་ཞིང་ཆེན་གྱི་ཀྲོའུ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི(ཀྲེ་ཅང)རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
何中伟
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧོ་པེ་ཀྲའོ་རྫོང།
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ10པ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1993ལོའི་ཟླ08པ་ནས་སྤྱི་ལོ1993ལོའི་ཟླ12པའི་བར་ངར་ལྕགས་ཞིབ་འཇུག་སྤྱི་ཁྱབ་ཁང་དྲོད་མཐོ་བསྲེས་ལྕགས་ཞིབ་འཇུག་ཁང་གི་ལག་རྩལ་པ་ཡིན།

སྤྱི་ལོ1993ལོའི་ཟླ12པ་ནས་སྤྱི་ལོ1998ལོའི་ཟླ03པའི་བར་ངར་ལྕགས་ཞིབ་འཇུག་སྤྱི་ཁྱབ་ཁང་གི་གཞུང་ལས་ཁང་དྲུང་ཡིག་ཁོའོ་ཡི་ཁོའོ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ03པ་ནས་སྤྱི་ལོ2000ལོའི་ཟླ09པའི་བར་ངར་ལྕགས་ཞིབ་འཇུག་སྤྱི་ཁྱབ་ཁང་གཞུང་ལས་ཁང་གི་དྲུང་ཡིག་ཁོའོ་ཡི་ཁོའོ་ཀྲང་དང་སློབ་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་ལས་རོགས་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ09པ་ནས་སྤྱི་ལོ2002ལོའི་ཟླ02པའི་བར་ངར་ལྕགས་ཞིབ་འཇུག་སྤྱི་ཁྱབ་ཁང་མི་ཤུགས་ཐོན་ཁུངས་པུའུ་ཡི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ02པ་ནས་སྤྱི་ལོ2007ལོའི་ཟླ04པའི་བར་ཀྲུང་གོ་བཟོ་སྐྲུན་ཁང་གཞུང་ལས་ཐིང་གི་ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་རྒན་པའི་རིམ་པའི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ04པ་ནས་སྤྱི་ལོ2008ལོའི་ཟླ06པའི་བར་ཀྲུང་གོ་བཟོ་སྐྲུན་ཁང་གཞུང་ལས་ཐིང་གི་ཅུས་ཀྲང་གཞོན་པའི་རིམ་པའི་ལས་བྱེད་པ་པའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ06པ་ནས་སྤྱི་ལོ2011ལོའི་ཟླ06པའི་བར་ཧྲའོ་ཤིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ03པ་ནས་སྤྱི་ལོ2017ལོའི་ཟླ04པའི་བར་ཀྲེ་ཅང་ཞིང་ཆེན་གོང་སྤེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2017ལོའི་ཟླ04པ་ནས་སྤྱི་ལོ2018ལོའི་ཟླ02པའི་བར་ཀྲེ་ཅང་ཞིང་ཆེན་གོང་སྤེལ་འཆར་འགོད་ཞིབ་འཇུག་ཁང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ02པ་ནས་ད་བར་དུ་ཀྲོའུ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི(ཀྲེ་ཅང)རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

2 ​གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ3པར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཧོ་ཀྲུང་ཝུའེ་ནི་ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོའི(ཀྲེ་ཅང)རང་མོས་ཚོང་དོན་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར་རྒྱུ་དང་དེའི་ཀྲེ་ཅང་ཞིང་ཆེན་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲེ་ཅང་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་གོ་གནས་འཐེན་རྒྱུའི་གཏན་འབེབས་བྱས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་མི་སྣ།