ཡུས་ཏུང་ལའེ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 15:31ལ་འགྲུབ།

ཡུས་ཏུང་ལའེ།

ཡུས་ཏུང་ལའེ།
ཡུས་ཏུང་ལའེ། སྤྱི་ལོ1963ལོའི་ཟླ10པར་ཀྲེ་ཅང་ཧང་ཀྲོའུ་ནས་སྐྱེས། སྤྱི་ལོ1986ལོའི་ཟླ11པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་ཤིང་། སྤྱི་ལོ1981ལོའི་ཟླ11པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། ཀྲུང་གོའི(ཀྲེ་ཅང)རང་མོས་ཚོང་དོན་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཀྲུང་གུང་ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲེ་ཅང་ཞིང་ཆེན་རྒྱ་མཚོ་གྲུ་ཁ་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
俞东来
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀྲེ་ཅང་ཧང་ཀྲོའུ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ10པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1986ལོའི་ཟླ11པ།
1 ​བྱ་བའི་བརྒྱུད་རིམ། 

སྤྱི་ལོ1981ལོའི་ཟླ12པ་ནས་སྤྱི་ལོ1988ལོའི་ཟླ10པའི་བར་ཧང་ཀྲོའུ་པར་འདེབས་ཚོས་རྒྱག་བཟོ་གྲྭའི་གློག་ལས་པ་དང་པར་འདེབས་ཚོས་རྒྱག་བཟོ་གྲྭ་གཉིས་པའི་ལས་བྱེད་པ་ཡིན།

སྤྱི་ལོ1988ལོའི་ཟླ10པ་ནས་སྤྱི་ལོ1993ལོའི་ཟླ03པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཆུས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་དྲུང་ཡིག་དང་། བརྟག་ཞིབ་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས། 

སྤྱི་ལོ 1993ལོའི་ཟླ03པ་ནས་སྤྱི་ལོ1996ལོའི་ཟླ04པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཁུལ་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། སྲིད་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ04པ་ནས་སྤྱི་ལོ1997ལོའི་ཟླ11པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཁུལ་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་དང་། སྲིད་དཔྱོད་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1997ལོའི་ཟླ11པ་ནས་སྤྱི་ལོ2002ལོའི་ཟླ5པའི་བར། ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཆུས་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2002ལོའི་ཟླ05པ་ནས་སྤྱི་ལོ2003ལོའི་ཟླ03པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཀོང་ཀྲོའུ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཚབ་བྱེད་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2003ལོའི་ཟླ03པ་ནས་སྤྱི་ལོ2006ལོའི་ཟླ12བར་ཧང་ཀྲོའུ་གྲོང་ཁྱེར་ཀུང་ཀྲོའུ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཀུང་ཀྲོའུ་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2012ལོའི་ཟླ04པའི་བར་ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པའི་འགན་བཞེས། (ཐིང་རིམ་པ་གཞོན་པ)

སྤྱི་ལོ2012ལོའི་ཟླ04པ་ནས་སྤྱི་ལོ2013ལོའི་ཟླ05པའི་བར། ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ05པ་ནས་སྤྱི་ལོ2013ལོའི་ཟླ05པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཞའོ་ཧྲན་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ05པ་ནས་སྤྱི་ལོ2013ལོའི་ཟླ12པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་ཞའོ་ཧྲན་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ12པ་ནས་སྤྱི་ལོ2016ལོའི་ཟླ10པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་ཞའོ་ཧྲན་ཆུས་ཏང་ཨུའི་ཧྲུའུ་ཅི་དང་། ཧང་ཀྲོའུ་ཏ་ཅང་ཏུང་ཐོན་ལས་གཅིག་སྡུད་ཁུལ་དོ་དམ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ11པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ11པ་ནས་སྤྱི་ལོ2017ལོའི་ཟླ02པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ02པ་ནས་སྤྱི་ལོ2017ལོའི་ཟླ08པའི་བར་ཀྲོའུ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། ཀྲུང་གུང་ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲེ་ཅང་ཞིང་ཆེན་རྒྱ་མཚོ་གྲུ་ཁ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ08པའི་བར་ཀྲོའུ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། ཀྲུང་གོའི(ཀྲེ་ཅང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཀྲུང་གུང་ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲེ་ཅང་ཀྲོའུ་ཧྲན་གླིང་ཚོམ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲེ་ཅང་ཞིང་ཆེན་རྒྱ་མཚོ་གྲུ་ཁ་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་། ཀྲེ་ཅང་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན། ཀྲེ་ཅང་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ8པར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་བློ་མཐུན་ཡུས་ཏུང་ལའེ་ནི་ཀྲུང་གོའི(ཀྲེ་ཅང)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་མི་སྣ།