ཝང་ཀང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 14:38ལ་འགྲུབ།

ཝང་ཀང་།

ཝང་ཀང་།
ཝང་ཀང་། སྤྱི་ལོ1972ལོའི་ཟླ1པོར་ཀྲེ་ཅང་ཝུའུ་དབྱི་ནས་སྐྱེས། སྤྱི་ལོ1972ལོའི་ཟླ1པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་ཤིང་། སྤྱི་ལོ1996ལོའི་ཟླ8པར་ལས་ཀར་ཞུགས། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲི་ཀྲང་གི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王纲
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀྲེ་ཅང་ཝུའུ་དབྱི།
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ1པོ།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1972ལོའི་ཟླ1པོ།
1 ​བྱ་བའི་བརྒྱུད་རིམ།

ཀྲེ་ཅང་ཉིན་རེའི་ཚགས་པར་གྱི་ཚན་སློབ་འཕྲོད་བསྟེན་གསར་འགྱུར་པུའུ་ཡི་ཀྲུའུ་རེན་གཞོན་པ་དང་ཅ་ཞིན་གསར་འགྱུར་འགོད་མཁན་ས་ཚིགས་ཀྱི་ཀྲན་ཀྲང་། ཤིན་ཅང་གྲོང་ཁྱེར་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། ཀྲེ་ཅང་ཉིན་རེའི་ཚགས་པར་བཅར་འདྲི་ལྟེ་གནས་དཔལ་འབྱོར་གསར་འགྱུར་པུའུ་ཡི་ཀྲུའུ་རེན་གཞོན་པ། ཝུན་ཀྲོའུ་ཡན་ལག་ཁང་གི་འགོ་འཛིན། བཅར་འདྲི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་རིག་གནས་གསར་འགྱུར་བཅར་འདྲི་པུའུ་ཡི་ཀྲུའུ་རེན། ཆན་ཅང་ཚགས་པར་སྡེ་ཚོགས་ཨུ་ལྷན་གྱི་ཨུ་ཡོན། དེ་རིང་གི་ཞོགས་པའི་ཚགས་པར་སྤྱི་ཁྱབ་རྩོམ་སྒྲིག་པ། ཀྲེ་ཅང་ཉིན་རེའི་ཚགས་པར་ཚགས་པར་ལས་རིགས་ཚོགས་པའི་འགོ་འཛིན་གཞོན་པ། ཏང་ཨུའི་ཨུ་ཡོན་དང་ཀྲེ་ཅང་ཚགས་པར་སྨྱན་སྦྱོར་མ་རྐང་ཚོད་འཛིན་ཚོགས་པ(ཞང་ཀང)ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། ཀྲེ་ཅང་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་སོགས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ2པར་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པའི་འགན་ཁུར།

སྤྱི་ལོ2017ལོའི་ཟླ7པར་ཀྲེ་ཅང་ཞིང་ཆེན་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་ཁུར།

སྤྱི་ལོ2018ལོའི་ཟླ3པར་ཀྲེ་ཅང་ཞིང་ཆེན་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་གི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ2019ལོའི་ཟླ12པར་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་བཅས་ཀྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ4པར་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲི་ཀྲང་གི་འགན་བཞེས།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ4པའི་ཚེས29ཉིན་གྱི་ཕྱི་དྲོར། ཧུའུ་ཀྲོའུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། བློ་མཐུན་ཝང་ཀང་ནི་ཧུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས་ཐོན་བྱུང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་མི་སྣ།