མཱ་ཞའོ་ཧུའེ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 11:27ལ་འགྲུབ།

མཱ་ཞའོ་ཧུའེ།

མཱ་ཞའོ་ཧུའེ།
མཱ་ཞའོ་ཧུའེ། སྤྱི་ལོ1966ལོའི་ཟླ1པོར་ཀྲེ་ཅང་ཚི་ཞི་ནས་སྐྱེས། སྤྱི་ལོ1988ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། སྤྱི་ལོ1984ལོའི་ཟླ2པར་ལས་ཀར་ཞུགས། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། ཧུའུ་ཀྲོའུ་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马晓晖
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀྲེ་ཅང་ཚི་ཞི།
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ1པོ།
མཐར་ཕྱིན་སློབ་གྲྭ།
་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1988ལོའི་ཟླ9པ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ02པ་ནས་སྤྱི་ལོ1991ལོའི་ཟླ03པའི་བར་ཚི་ཞི་རྫོང་ཧུའུ་ཧྲན་གྲོང་རྡལ་བཟོ་ཚོང་སུའོ་ཡི་ལས་བྱེད་པ་དང་། རྫོང་བཟོ་ཚོང་ཅུས་ཀྱི་ཁོའོ་ཀྲང་གཞོན་པ། ཅུས་ཀྱི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ1991ལོའི་ཟླ03པ་ནས་སྤྱི་ལོ1992ལོའི་ཟླ05པའི་བར་ཚི་ཞི་གྲོང་ཁྱེར་ཧེང་ཧོ་ཆུས་ཐེན་ཏུང་ཞང་གི་འགོ་འཛིན་གཞོན་པའི་འགན་བཞེས།

སྤྱི་ལོ1992ལོའི་ཟླ05པ་ནས་སྤྱི་ལོ1992ལོའི་ཟླ08པའི་བར་ཚི་ཞི་གྲོང་ཁྱེར་ཧུའུ་ཧྲན་གྲོང་རྡལ་ཏང་ཨུའི་ཨུ་ཡོན་ཡིན།

སྤྱི་ལོ1992ལོའི་ཟླ08པ་ནས་སྤྱི་ལོ1994ལོའི་ཟླ01པོའི་བར་ཧྥེང་ཧྭ་གྲོང་ཁྱེར་ཟམ་ཆེན་གྲོང་རྡལ་གྱི་ཀྲེན་ཀྲང་ལས་རོགས་པ་ཡིན།

སྤྱི་ལོ1994ལོའི་ཟླ01པ་ནས་སྤྱི་ལོ1994ལོའི་ཟླ06པའི་བར་ཚི་ཞི་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1994ལོའི་ཟླ6པ་ནས་སྤྱི་ལོ1995ལོའི་ཟླ8པའི་བར། ཚི་ཞི་གྲོང་ཁྱེར་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ8པ་ནས་སྤྱི་ལོ1997ལོའི་ཟླ9པའི་བར་ཉིང་པོ་གྲོང་ཁྱེར་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ09པ་ནས་སྤྱི་ལོ2000ལོའི་ཟླ12པའི་བར་ཉིང་པོ་གྲོང་ཁྱེར་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2000ལོའི་ཟླ12པ་ནས་སྤྱི་ལོ2004ལོའི་ཟླ08པའི་བར། ཉིང་ཧའེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ08པ་ནས་སྤྱི་ལོ2006ལོའི་ཟླ06པའི་བར་ཉིང་ཧའེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ལས་ཚབ་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ06པ་ནས་སྤྱི་ལོ2009ལོའི་ཟླ07པའི་བར་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (ཐིང་རིམ་པ་གཞོན་པ)

སྤྱི་ལོ2009ལོའི་ཟླ07པ་ནས་སྤྱི་ལོ2013ལོའི་ཟླ01པོའི་བར་ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ01པོ་ནས་སྤྱི་ལོ2013ལོའི་ཟླ05པའི་བར་ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ05པ་ནས་སྤྱི་ལོ2015ལོའི་ཟླ04པའི་བར་ཝུན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ04པ་ནས་སྤྱི་ལོ2017ལོའི་ཟླ02པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པ། ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཧང་ཀྲོའུ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ02པ་ནས་སྤྱི་ལོ2017ལོའི་ཟླ04པའི་བརཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ04པ་ནས་སྤྱི་ལོ2018ལོའི་ཟླ02པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ02པ་ནས་སྤྱི་ལོ2018ལོའི་ཟླ12པའི་བར། ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ12པ་ནས་ད་བར་དུ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་ཧུའུ་ཀྲོའུ་ཡན་ལག་དམག་ཁུལ་ཁང་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།

སྐབས་བཅུ་བཞི་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ12ཚེས11ཉིན་ནས་ཚེས12ཉིན་བར་ཀྲུང་གོ་གུང་ཁྲན་ཏང་ཧུའུ་ཀྲོའུ་ཡན་ལག་དམག་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ་རེད། ཡན་ལག་དམག་ཁུལ་ཏང་ཨུའི་ཡིས་སྐབས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཧུའེ་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོར་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་མི་སྣ།