ནན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 11:06ལ་འགྲུབ།

ནན་ཆུས།

ནན་ཆུས།
ནན་ཆུས་ནི་ཞང་ཀང་གླིང་ཕྲན་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་ཤར་དུ་ཏ་ལང་མཚོ་ཁུག་དང་འབྲེལ་ཞིང་ནུབ་ངོས་པོ་ཧྥུའུ་ཞིན་དང་འབྲེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
སྲིད་དབང་རང་བཞིན་མིན་པའི་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ།
ས་ཁོངས་ཁ་པར་ཨང་རྟགས།
00852
སྦྲག་སྲིད་ཨང་རྟགས།
999077
ས་གནས།
ཞང་ཀང་གླིང་ཕྲན་གྱི་ལྷོ་རྒྱུད།
མི་གྲངས།
278655
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ38.95
རླངས་འཁོར་ཚབ་ཨང་།
ཡུའེ(粤)Z
1 ​ལོ་རྒྱུས་འཕེལ་རིམ།

ཞང་ཀང་གྲུ་ཁ་འབྱེད་སྐབས། ཁྲི་ཀྲུའུ་ནི་སྐབས་དེར་ཞང་ཀང་གླིང་ཕྲན་ཆེས་དར་རྒྱས་ཆེ་བའི་ས་ཁུལ་ཡིན་ཞིང་། དབྱིན་ཇི་བས་ཁྲི་ཀྲུའུ་འཕེལ་རྒྱས་ཀྱི་རྟེན་གཞི་བྱེད་རྩིས་ཡོད། འོན་ཀྱང་། ཁྲི་ཀྲུའུ་ས་རྒྱ་ཆུང་་དང་སྐབས་དེར་ཡུལ་དེར་རིམས་ནད་བྱུང་བས། དབྱིན་ཇི་བས་རྟེན་གཞི་དེ་ཞང་ཀང་གླིང་ཕྲན་གྱི་བྱང་ངོགས་སུ་བསྒྱུར་རྒྱུ་ཐག་བཅད། ཁྲི་ཀྲུའུ་མུ་མཐུད་དུ་ཀྲུང་གོ་བའི་འདུས་སྡོད་ས་གནས་ཀྱི་གྲས་ཤིག་ཏུ་གྱུར།

ཕྱོགས་གཞན་ཞིག་ནས་ཞང་ཀང་འཛུགས་སྐུན་གྱི་ལོ་དང་པོ་ནས་བཟུང་ནན་ཆུས་རྒྱུད་དུའང་བཟོ་ལས་ཁུལ་གྱི་འགན་འཁུར་གཙོ་བོ་ཁུར་ཡོད། སྤྱི་ལོ1857ལོར་བསྐྲུན་པའི་ཞ་ཕུའུ་གྲུ་གཟིངས་གྲུ་ཁ། དེ་ནི་ཤང་ཀང་གི་གྲུ་གཟིངས་འདུག་ས་ཆེ་གྲས་ཐོག་མ་དེ་ཡིན་པ་དང་། རྗེས་སུ་སྤྱི་ལོ1860ལོར་ཧོང་ཕུའུ་གྲུ་གཟིངས་གྲུ་ཁ་ཉོ་སྒྲུབ་བྱས་ཏེ་ཤང་ཀང་གི་སྐམ་ཤས་ཆེ་བ་གྲུ་ཁ་ཞིག་ཏུ་གྱུར་ཡོད། སྤྱི་ལོ1950ལོ་ནས་བཟུང་ཞང་ཀང་གི་བཟོ་ལས་མྱུར་དུ་འཕེལ་རྒྱས་བྱུང་ཞིང་། ཧོང་ཀྲུའུ་ཁེང་ཆུས་དེ་བཟོ་ལས་ཁུལ་དུ་འཕེལ་རྒྱས་བྱུང་།

ནན་ཆུས་སུ་སྤྱི་ལོ1960ལོའི་གོང་དུ་ཉ་པའི་སྡོད་གནས་གཙོ་བོ་ཡིན། སྤྱི་ལོ1961ལོའི་ཞང་ཀང་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་གཞིགས་ན། ད་ལྟའི་ནན་ཆུས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཉ་པ28000ཡོད་པ་དེས་སྐབས་དེའི་ཞང་ཀང་གི་ཉ་པའི་བསྡོམས་གྲངས་ཀྱི་བཞི་ཆའི་གཅིག་གི་ཡན་ཟིན་ཡོད། ཐ་ན་སྤྱི་ལོ1960ལོར་སྲིད་གཞུང་གིས་ནན་ཆུས་གསར་སྤེལ་བྱས་པའི་སྔ་རྗེས་སུ་ཡུས་ཀོང་གྲོང་ཚོ་དང་། ཧྲི་ཕའི་ཝན། ཧྭ་ཧྥུ་ཝན་སོགས་སྤྱི་པའི་ཁང་པ་གསར་སྐྲུན་བྱས་ཏེ། ཉ་པ་མི་ཉུང་བ་ཞིག་མཚོ་འགྲམ་དུ་གཞིས་ཆགས་སུ་བཅུག འོན་ཀྱང་ཉ་པ་ཕྱུག་པོ་ཁ་ཤས་ནི་ཡ་ཙི་ཀྲོའུ་བྱང་ངོགས་ཀྱི་ཡ་ཙི་ཀྲོའུ་ཁྲོམ་ལམ་དུ་གཞིས་ཆགས་ནས་ཚོང་ཁང་བཙུགས་ཡོད་པ་རེད།

2 ས་ཁམས་ཆ་རྐྱེན།

ནན་ཆུས་ནི་ཞང་ཀང་གླིང་ཕྲན་གྱི་ལྷོ་ཕྱོགས་སུ་གནས་པ་དང་། ཤར་དུ་ཏ་ལང་མཚོ་ཁུག་ཏུ་གནས་ཡོད། ནུབ་ནི་པོ་ཧྥུའུ་ཞིན་གྱི་བར་དུ་གནས་། དེའི་ཁོངས་སུ་ཞང་ཀང་ཙེ་དང་། ཡ་ཙི་ཀྲོའུ། ཀང་ཞན་མཚོ་ཁུག པོ་ཧྥུའུ་ལིན། ཧོང་ཀྲུའུ་ཁེང་། ཧྲིན་ཧྲུའེ་མཚོ་ཁུག ཆན་ཧྲུའེ་མཚོ་ཁུག ཁྲེ་ཀྲུའུ། ཏ་ཐན་དང་ཧྲི་ཨའོ་སོགས་ས་ཁུལ་མང་པོ་འདུས་ཡོད།

3 དཔལ་འབྱོར་ཡོངས་འབབ།

སྤྱི་ལོ2011ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་ལས་མངོན་པར་གཞིགས་ན། ནན་ཆུས་ཀྱི་་ཁྱིམ་དུད་ཁྱིམ་དུད་ཀྱི་ཡོང་སྒོའི་ནང་ནས་ཀྲུང་ཏ་གྲུ་ཁ་ཡོངས་ཀྱི་ཨང་བཞི་པར་གནས་ཡོད། ཁྱིམ་ཚང་གི་ཡོང་སྒོའི་ཁྲོད་དུ་ཞང་ཀང་གི་སྒོར183500ཟིན་ཡོད། གྲུ་ཁ་ཡོངས་ཀྱི་ཆེས་མཐོ་བའི་ཆེད་དུD1-D15དངD17ནི་ཅུང་དམངས་བདེ་ཅན་ཡིན། གཞི་རིམ་མི་ཉུང་བ་ཞིག་ཏུ་བསྡད་ཡོད་པ་མ་ཟད། སྤྱི་པའི་སྡོད་ཁང་དགུ་ཡོད་པ་རེད། གཞུང་གི་སྡོད་ཁང་དང་དེ་བཞིན་སྡོད་ཁང་གི་སྟུག་ཚད་ཤང་ཀང་ཡོངས་ཀྱི་ས་ཁུལ་མང་ཆེ་བ་ལས་མཐོ་བ་ཡོད་པ་དང་དེའི་ཁྲོད་ཡོང་འབབ་ཅུང་མཐོ་བའིD17ཡན་ལག་ཁུལ་གྱི་ཁྱིམ་ཚང་གི་ཁྱིམ་དུད་ཀྱི་ཡོང་འབབ་ཁྲོད་ནས་ཞང་ཀང་སྒོར36450ལ་སླེབས་ཡོད། པེ་ཅའོ་པའོ་མ་ཧྲན་འདེམས་ཁུལ་གྱི30%བཟུང་ཡོད། ཆུས་ནང་ཁུལ་དུ་མི་སྒེར་གྱི་སྡོད་ཁང་དུ་སྡོད་པའི་མི་འབོར་ཆུས་ནང་ཁུལ་གྱི་མི་འབོར་གྱི་ཕྱེད་ཀ་ལས་ཟིན་མེད། ཁྱིམ་དུད42868མ་གཏོགས་མེད་པ་སྟེ། མི་ཕྱེད་ཀ(བསྡོམས་གྲངས་ནི་ཁྱིམ་དུད85837)གཞུང་གི་ཁང་པ་དང་སྤྱི་པའི་སྡོད་ཁང་དུ་བསྡད་ཡོད།

3_1 བཟོ་ལས།

ཧོང་ཀྲུའུ་ཁེང་བཟོ་ལས་ཁུལ། ཡ་ཙི་ཀྲོའུ་བཟོ་ལས་ཁུལ། ཧྲུའུ་མྭ་གྲུ་ཁ།

4 འགྲིམ་འགྲུལ་སྐྱེལ་འདྲེན།

ནན་ཆུས་ནི་ཞང་ཀང་གི་ཆུས་བཅོ་བརྒྱད་པའི་ཁྲོད་ལྕགས་ལམ་ཤར་གཏོང་ཐུབ་པའི་ཆུས་མཐའ་མ་དེ་ཡིན་པ་དང་དེ་སྔ་གྲོང་མི་ཚོས་ལམ་ངོས་ཁོ་ནར་བརྟེན་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད། སྤྱི་ལོ2016ལོར་བསྐྲུན་ཟིན་པའི་གྲུ་ཁའི་ལྕགས་ལམ་ལྷོ་གྲུ་ཁའི་གླིང་ཕྲན་ལམ་ཐིག་དེ་གྲུབ་པས་གནས་ཚུལ་ལ་འགྱུར་ལྡོག་བྱུང་།

5 ལུས་རྩལ།

ནན་ཆུས་གྱི་རྐང་རྩེད་སྤོ་ལོ་རུ་ཁག་ནི་ནན་ཆུས་གྱི་ཁང་ལེ་ལུས་རྩལ་སྐུལ་སྤེལ་ཚོགས་པ(དབྱིན་ཡིག་ནིSouthern District Recreation & Sports Assn Ltd)ཁོངས་གཏོགས་ཀྱི་ས་ཁུལ་རྐང་རྩེད་སྤོ་ལོ་རུ་ཁག་ཅིག་ཡིན། སྤྱི་ལོ2011ལོ་ནས་བཅུ་གཉིས་པའི་བར་གྱི་དུས་ཚིགས། ཞང་ཀང་གི་ཚོགས་ཆུང་ཁ་པའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ཁྲོད་ཨང་གཉིས་པ་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་ཞང་ཀང་གི་ཚོགས་ཆུང་ཀ་པའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ནང་ཞུགས་ཡོད། སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོ་བར་ཤང་ཀང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་རུ་ཁག་དེ་ཤང་ཀང་གི་ལུས་རྩལ་ཐང་གཙོ་བོར་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ལུས་རྩལ། བཟོ་ལས།