ཏུང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 11:06ལ་འགྲུབ།

ཏུང་ཆུས།

ཏུང་ཆུས།
ཏུང་ཆུས་ནི་ཤང་ཀང་གླིང་ཕྲན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་ཤང་ཀང་གི་མི་ཤུགས་ཐོན་ཁུངས་གཅིག་སྡུད་བྱ་ཡུལ་གཙོ་བོ་ཞིག་ཀྱང་རེད། གྲོང་ཁྱེར་མ་ཆགས་པའི་སྔོན་ནས་བཟུང་ཉ་པ་རྣམས་ཆུ་ཁུག་ཏུ་འཚོ་བ་རོལ་ནས་བསྡད་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ18.9ཙམ་ཡོད། སྤྱི་ལོ2001ལོར་མི་གྲངས616199ཙམ་ཡོད་ཅིང་། དེ་ནི་ཞང་ཀང་ཡོངས་ཀྱི་མི་གྲངས་ཨང་གཉིས་པ་ཡིན། ཏུང་ཆུས་ཀྱི་ཁྱིམ་ཚང་གི་ཁྱིམ་དུད་ཀྱི་ཟླ་རེའི་ཡོང་འབབ་ཁྲོད་ཤང་ཀང་གི་ཆུས18ནང་གི་ཀྲུང་ཞི་ཆུས་དང་ཝན་ཙེ་ཆུས་ལས་ཞང་ཀང་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། དེའི་ཕྱིར་ཏུང་ཆུས་ཀྱིས་ཞང་ཀང་གི་དཔལ་འབྱོར་སྤྱི་འབོར་ཁྲོད་གཙོ་བོ་བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ།
ས་གནས།
ཞང་ཀང་གླིང་ཕྲན་ཤར་བྱང་རྒྱུད།
མི་གྲངས།
616199
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ18.9
1 ​ས་ཁམས་གནས་ཚུལ།

ཏུང་ཆུས་དུ་ཐུང་ལའོ་ཝན་གྱི་ཤར་རྒྱུད(ཐུང་ལའོ་ཝན་གྱི་རླུང་འགོག་རྫིང་བུ་དང་། ཝེ་ཏུའོ་ལི་ཡ་སྤྱི་གླིང་། ཐེན་ཁུའོ)སྒྱོགས་སྟེགས་རི་བོ། པེ་ཅའོ་དང་། ཡོན་ཡུས་ཡུང་། ཞི་ཝན་གཙང་པོ། ལུའོ་ཙི་ཝན། ཁྲའེ་ཝན་དང་ཞའོ་ཞི་ཝན་བཅས་ཚུད་ཡོད། ནུབ་ཏུ་ཝེ་ཏོ་ལི་ཡ་སྤྱི་གླིང་དང་ཧོང་རེན་དཔེ་ཁང་། ཝན་ཙེ་ཆུས་བཅས་ས་མཚམས་འབྲེལ་ཡོད། ལྷོ་ཕྱོགས་སུ་ཧེ་ཐོའུ་ཆའོ་དང་ནན་ཆུས་གཉིས་དང་ས་མཚམས་འབྲེལ་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཏུང་ཆུས་རྒྱུད་དུ་སུང་རྒྱལ་རབས་ཀྱི་མི་འདུས་སྡོད་བྱས་མྱོང་ཡོད་པ་དང་། སྐབས་དེར་ཀྲེ་ཅང་དང་། ཧྥུའུ་ཅན། ཀོང་ཀྲོའུ་བཅས་སུ་འགྲོ་འོང་བྱེད་པའི་གྲུ་གཟིངས་དག་མཚམས་ལན་ལན་རེར་ཁྲའེ་ཝན་བརྒྱུད་སྐབས་ཆུ་འགྲམ་དུ་འོང་ནས་ཆུ་ལེན་སྲིད།

ཞང་ཀང་དུ་གྲོང་ཁྱེར་བཙུགས་པའི་སྔ་གཞུག་ཏུ། ས་ཁུལ་དེའི་སྔ་དུས་ཀྱི་མི་གྲངས་གཙོ་བོ་ཁྲའེ་ཝན་དུ་འདུས་ཡོད། ཕྱིས་སུ་ཆུ་ཁུག་རྒྱ་བསྐྱེད་པ་དང་། འདུས་སྡོད་བྱས་པའི་མི་གཙོ་བོ་ཉ་པ་ཡིན་ཞིང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་ཧྲང་ཧའེ་ནས་ཡོང་བའི་གནས་སྤོས་ཡུལ་མི་མང་པོ་ཞིག་ཐོན་པ་དང་བསྟུན་ནས་བྱང་ཕྱོགས་ཀྱི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། གནས་སྤོས་ནས་ཡོང་བའི་ཡུལ་མི་གསར་པའི་མི་གྲངས་གཙོ་བོ་ཁྲོན་ཡོན་ཁྲོམ་གཞུང་དང་། ཀྲ་ཧྭ་ལམ། མ་པའོ་ཏའོ་སོགས་སུ་འདུས་ཡོད། སྤྱི་ལོ1980ལོར་གནས་སྤོས་པའི་མིའི་གྲངས་གཙོ་བོ་ནི་ཧྥུའུ་ཅན་གྱི་མི་ཡིན།

ཆུས་གྲོས་ཚོགས་མ་བྱུང་གོང་། དེང་སྐབས་ཀྱི་ཏུང་ཆུས་ནི་སྐབས་དེའི་གྲོང་ཁྱེར་སྲིད་དོན་ཅུས་ཀྱི་ཡན་ལག་ལས་རིགས་ལ་གཞིགས་ནས་པེ་ཅའོ་དང་ཧྲའོ་ཅི་གཉིས་སུ་དབྱེ་ཡོད། དེང་སྐབས་ཐུང་ལུའོ་ཝན་དེ་པའེ་ཅའོ་ལས་ལོགས་སུ་དབྱེ་ཡོད།

ཕྱོགས་གཞན་ཞིག་ནས། སྤྱི་ལོ1969ལོར་དམངས་སྲིད་ཀྲུའུ་རེན་གྱི་འཆར་གཞི་ལྟར་ཏུང་ཆུས་དེ་ས་ཁུལ་དུ་བགོས་ཤིང་། ད་ལྟའི་ནན་ཆུས་ཀྱི་ཤར་ཕྱོགས(ཁྲི་ཀྲུའུ་དང་ཧྲི་ཨའོ)ཡང་འདུས། སྤྱི་ལོ1981ལོའི་ལྷོ་ཁུལ་ནན་ཆུས་མ་བཙུགས་བར་དུ་དེ་ལྟར་བཞག

དུས་རབས19པར་གཙོ་ཁྲིད་ཀྱི་གོ་གནས་བཟུང་བའི་དམག་དོན་སྟོབས་ཤུགས་ནི་གཙོ་བོ་མཚོ་དམག་གི་སྟོབས་ཤུགས་ཡིན། དེའི་ཕྱིར་སྐབས་དེའི་དབྱིན་ཇིའི་མི་སེར་སྤེལ་ཡུལ་སྲིད་གཞུང་གིས་ཀྲུང་ནུབ་ས་ཁུལ་དེ་ཝེ་ཏོ་ལི་ཡ་གྲོང་ཁྱེར་དུ་བདམས་པ་དང་། ཁྲའེ་ཝན་ནི་ཞང་ཀང་གླིང་ཕྲན་ཤར་ཕྱོགས་ཀྱི་མཚོ་འགྲམ་དུ་ཡོད། མཚོ་ཇག་གིས་འཇབ་རྒོལ་བྱེད་པའི་ཉེན་ཁ་ཡོད་པས་འགོག་སྲུང་གི་ནུས་པ་མེད། དེར་བརྟེན་དུས་རབས20པའི་དུས་སྟོད་དུ་སླེབས་པ་ཡིན་ནའང་ཁྲའེ་ཝན་དུས་ཡུན་རིང་པོར་རྗེས་ལུས་ཀྱི་གནས་སུ་ལུས་ཡོད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་རྫོགས་པའི་རྗེས་སུ། ཞང་ཀང་གིས་ཡང་བསྐྱར་འཕེལ་རྒྱས་བྱུང་། ཀྲུང་གོའི་དཔོན་རིགས་ཚུད་པའི་ཞང་ཀང་སྲིད་གཞུང་གིས་སྐབས་དེའི་སྡོད་དམངས་ཀྱི་སྡོད་གནས་ཀྱི་གནད་དོན་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཆེད། དབྱིན་ཇིའི་བཟོ་ལས་གསར་བརྗེ་ཡིས་དཔལ་འབྱོར་སྐུལ་ཁྲིད་བྱེད་པའི་བྱེད་སྟངས་ལ་ལད་མོ་བྱས། ཁྲའེ་ཝན་དུ་བཟོ་ལས་ཁུལ་བཙུགས་པ་དང་། སྤྱི་པའི་སྡོད་ཁང་ཡང་བཙུགས་ཡོད། མི་དམངས་བདེ་སྡོད་དང་ལས་བརྩོན་ཐུབ་པ་བྱུང་བ་དང་ཞང་ཀང་སྲིད་གཞུང་གི་ཕྱི་ཁོངས་ཀྲུང་གོ་བའི་དཔོན་རིགས་ཀྱིས་ད་དུང་དེའི་ནང་གི་སྤྱི་པའི་སྡོད་ཁང་ལ་དར་རྒྱས་གྲོང་ཚོ་ཞེས་མིང་བཏགས་ཡོད། 

ཞང་ཀང་གླིང་ཕྲན་ཤར་ཕྱོགས་སུ་མཚོ་ཇག་གིས་འཇབ་རྒོལ་བྱེད་པའི་ཉེན་ཁ་མེད་པར་གྱུར་པ་དང་། ཞང་ཀང་གླིང་ཕྲན་གྱི་ལས་ཞུགས་གོ་སྐབས་ཅུང་མང་བས། གྲོང་མིའི་ཞང་ཀང་གླིང་ཕྲན་གྱི་སྡོད་ཁང་གི་དགོས་མཁོ་སྐོང་ཆེད། སྲིད་གཞུང་དང་འཕེལ་རྒྱས་ཚོང་པས་ལོ་རབས90པར་ལྗོངས་ནང་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་ལེ་ལག་ཚང་བའི་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སྤྱི་པའི་ཁང་པ་འདྲ་མིན་སྣ་ཚོགས། སྡོད་ཁང་དང་སྒེར་པའི་ཐོག་ཁང་སོགས་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་ཡོད།

དུས་རབས་གོང་དུ་འཕེལ་བ་དང་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཏུང་ཆུས་དེ་མཚོ་ཇག་གིས་གནོད་འཚེ་ཕོག་པའི་གནས་ངན་ཞིག་ནས་མི་དམངས་བདེ་ལྡན་ལྡན་ཞིང་འཚོ་བའི་ཆུ་ཚད་འཕེལ་རྒྱས་ཆེ་བའི་ལྗང་མདོག་གི་གནས་མཆོག་ཅིག་ཏུ་གྱུར།

3 ཆུས་གྲོས་ཚོགས།

ཏུང་ཆུས་ཀྱི་ཆུས་གྲོས་ཚོགས་ནི་ཞང་ཀང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུས་གྲོས་ཚོགས་ཤིག་ཡིན་པ་དང་། ཁྱོན་བསྡོམས་གྲོས་མི43ཡོད་པའི་ནང་དམངས་འདེམས་གྲོས་མི37དང་གྲོས་མི6ཚུད་ཡོད། ཆུས་གྲོས་ཚོགས་དེ་ནི་སྤྱི་ལོ1982ལོར་དབུ་བརྙེས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། འཕེལ་རིམ། ལོ་རྒྱུས།