ཉལ་ཐའི་དམག་འཁྲུག་ཐེངས་དང་པོའི(སྤྱི་ལོ1839ལོ་ནས་སྤྱི་ལོ1841ལོའི་བར)ནང་། མན་ཇུ་རྒྱལ་རབས་དབྱིན་ཇིས་ཕམ་པར་བྱས། དེ་ནས་སྤྱི་ལོ1842ལོར་བཙན་གྱིས《ཁྲོན་པི་ཆིངས་ཡིག》བཞག་ནས་ཞང་ཀང་གླིང་ཕྲན་དེ་དབྱིན་ཇིར་དབང་བར་བྱས། སྤྱི་ལོ1842ལོར་ཆིང་སྲིད་གཞུང་དང་དབྱིན་ཇིས་སླར་ཡང《ནན་ཅིང་ཆིངས་ཡིག》བཞག་ཅིང་། ཞང་ཀང་གླིང་ཕྲན་དེ་དབྱིན་ཇིས་རྒྱང་རིང་ཤར་ཕྱོགས་ས་ཁུལ་གྱི་མི་སེར་སྤེལ་ཡུལ་ཞིག་ཏུ་དངོས་སུ་གྱུར། སྤྱི་ལོ1841ལོའི་ཟླ1པའི་ཚེས20ཉིན། དབྱིན་ཇིའི་ཀྲུང་གོར་བཅའ་སྡོད་ཚོང་དོན་འཐུས་མི(ཆིང་སྲིད་གཞུང་གིས་ཁས་བླངས་མེད)དང་དབྱིན་ཇིའི་གོང་མའི་མཚོ་དམག་གི་དམག་དཔོན་ཁྲ་ལི•དབྱི་ལུའུ(CharlesElliot)ཡིས་ཐོག་མར་ཞང་ཀང་གླིང་ཕྲན་བཙན་བཟུང་བྱས་པར་མ་ཟད། ཧྲུའེ་ཁེང་གྲུ་ཁ(དབྱིན་ཡིག་ནིPosssessionPointཡིན། དེའི་གོ་དོན་ནི་བཙན་བཟུང་བྱེད་ས་ཞེས་པ་དེ་ཡིན། དེའི་ཕྱིར་ཡང་“པོ་ཀྲི་ཁྲེན” ཞེས་བསྒྱུར)ནས་ཞང་ཀང་གླིང་ཕྲན་དུ་ཡོང་། དེར་མ་ཟད་ཞང་ཀང་གླིང་ཕྲན་ལ“barrenrock”(དོན་ནི་ས་གཤིས་ཞན་པའི་གླིང་ཕྲན་ཆུང་ཆུང་)ཞེས་བཏགས།
ཕྱིས་སུ་དབྱིན་ཇི་བས་ཞང་ཀང་གི་ཀྲུང་ཧོན་རྒྱུད་དུ་ས་བཟུང་། ཐོག་མར་ཞང་ཀང་གི་ཁྲོམ་གཞུང་དང་པོ་སྟེ་ཧའོ་ལའེ་ཝུའུ་ལམ་བསྐྲུན་པ་མ་ཟད། ཀྲུང་ཧོན་ཁུལ་དེ་སྲིད་འཛིན་དང་ཚོང་ལས་ལྟེ་གནས་སུ་འཕེལ་རྒྱས་བཏང་། དུས་རབས19པ་ནས་དུས་རབས20པའི་དུས་འགོར། ཞང་ཀང་གིས་གཙོ་བོ་ཚོང་ལས་ཉོ་ཚོང་དེ་དཔལ་འབྱོར་གྱི་སྲོག་ཤིང་བྱས་ཡོད་པ་དང་། ཀུང་སི་ཕལ་ཆེ་ཀྲུང་ཧོན་རྒྱུད་དུ་བཅའ་སྡོད་བྱས་ཡོད། ཀྲུང་ཧོན་ནི་སྐབས་དེའི་ཤང་ཀང་གླིང་ཕྲན་གྱི་ཚོང་ལས་ལྟེ་གནས་སུ་གྱུར་ཡོད། གཞན་ཡང་ཞང་ཀང་གླིང་ཕྲན་དུ་ད་དུང་མཐོ་རིམ་སྡོད་ཁང་ཁུལ་མང་པོ་ཡོད།
སྤྱི་ལོ1930ལོའི་དུས་འགོར། དབྱིན་དམག་གིས་འཇར་དམག་གིས་ཞང་ཀང་བཙན་བཟུང་བྱེད་སྲིད་པ་དང་། དེའི་ཁར་ཧོང་ཉི་ཡུང་འགག་ནི་དམག་དོན་སྟེང་གི་གལ་ཆེན་རང་བཞིན་ཡིན་པ་རྟོགས་པས། དེའི་ཕྱིར་གཞི་ཁྱོན་ཆེ་བའི་འགོག་སྲུང་འཛིང་རགས་གསར་སྐྲུན་བྱས་ཤིང་། དེའི་ནང་དུ་གོང་མའི་མེ་སྒྱོགས་ཨང5AAམཐོ་འཕེན་མེ་སྒྱོགས་གཡུལ་ས་དང་། འབོམ་མདེལ་མེ་སྒྱོགས་སྟེགས་བུ། མེ་མདའ་སྦག་སྦག་མཁར་སོགས་འདུས། སྤྱི་ལོ1941ལོའི་ཟླ12པའི་ཚེས8ཉིན་ཞང་ཀང་སྲུང་སྐྱོབ་དམག་འཁྲུག་ལངས། འོན་ཀྱང་འཇར་དམག་གིས་ཟླ12པའི་ཚེས18ཉིན་ཤང་ཀང་གླིང་ཕྲན་གྱི་ཐུང་ལུའོ་མཚོ་ཁུག་འཕྲོག་ནས་ཟླ12པའི་ཚེས19ཉིན་ཧོང་ཉི་ཡུང་འགག་ཏུ་འབྱོར་བ་རེད།
འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་བཟུང་ཞང་ཀང་གླིང་ཕྲན་གྱི་མི་གྲངས་མྱུར་དུ་འཕར་བ་དང་། ཀྲུང་ཧོན་རྒྱུད་ཀྱི་དབང་གིས་ཞང་ཀང་གླིང་ཕྲན་གྱི་ས་ཆ་མི་ཉུང་བ་ཞིག་ཏུ་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད།
སྤྱི་ལོ2011ལོར་ཞང་ཀང་གླིང་ཕྲན་དུ་མི་གྲངས1270876ཡོད་པ་དེས་ཀྲུང་གོའི་ཞང་ཀང་མི་གྲངས་གྱི19%ཟིན་ཡོད། མི་གྲངས་སྟུག་ཚད་སྤྱི་ལེ་ངོས་གྲུ་བཞི་མ་རེར18,000ཡིན་པ་དེ་སྤྱི་ཡོངས་ཀྱི་སྟུག་ཚད་ལས་མཐོ།(7000/k㎡)
ཞང་ཀང་གླིང་ཕྲན་གྱི་ས་བབ་ཅུང་མཐོ་བའི་ལྟེ་བའི་ས་ཁུལ། མོ་ཞིན་ལིན་དང་། རི་རྩེ། ཧོང་ཉི་ཡུང་འགག་རི་བོ་ཁ་ཤས་བཅས་ལས་གཞན་མང་ཆེ་བ་གྲོང་འདབས་སྤྱི་གླིང་གི་ཁོངས་སུ་གཏོགས། དེའི་ནང་ལུང་ཧུའུ་རི་བོའི་གྲོང་འདབས་སྤྱི་གླིང་དང་། པོ་ཕུའུ་ལིན་གྲོང་འདབས་སྤྱི་གླིང་། ཤང་ཀང་ཙེ་གཡོད་སྤྱི་གླིང་། ཏ་ཐན་གྲོང་འདབས་སྤྱི་གླིང་། ཏ་ཐན་གྲོང་འདབས་སྤྱི་གླིང་བཅས་ཚུད་ཡོད། ཡུལ་སྐོར་བར་སྤྲོ་གསེང་གི་སྤྲོ་སྣང་ལོངས་སྤྱོད་བྱེད་པ་ལས་གཞན། གྲོང་འདབས་སྤྱི་གླིང་ནི་ཤང་ཀང་གླིང་ཕྲན་གྱི“གྲོང་ཁྱེར་གྱི་གློ་བ”ཡིན་པ་མ་ཟད། ཆུ་བསྡུ་ཁུལ་དུ་གྲོང་ཁྱེར་གྱི་སྦགས་བཙོག་མི་ཕོག་པའི་འགན་ལེན་བྱེད་ཀྱི་ཡོད། ལྡུམ་རའི་ནང་གི་པོ་ཧྥུ་ལིན་ཆུ་རྫིང་དང་། ཞང་ཀང་ཙེ་ཧྲུའེ་ཆུ་རྫིང་། ཏ་ཐན་ཆུ་རྫིང་། ཧོང་ཉི་འཕྱུར་ཆུ་རྫིང་བཅས་ནི་ཞང་ཀང་གི་སྔ་དུས་ཀྱི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་ཡིན།
ཤང་ཀང་གླིང་ཕྲན་དེ་ཀྲུང་གོའི་རྒྱ་མཚོའི་ནོར་བུའི་གླིང་ཕྲན་དུ་ཚུད།