མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཞིན་ཕིན་དང་ཡུན་ནན་གྱི་རྫོང་གཅིག་ལ་མིང་གཅིག་པ་ཡིན་པས། མིང་ཡུའུ་ལི་རྫོང་ཞེས་པར་བསྒྱུར། སྔ་རྗེས་སུ་ཡན་ཆི་ཏའོ་དང་ཡན་ཆི་སྲིད་འཛིན་ཆུས་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1950ལོའི་ཟླ4པར་ཡན་ཆི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1954ལོར་ཁུའུ་ཨེར་ལེའི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1960ལོ་ནས་བཟུང་ཡུའུ་ལི་རྫོང་དེ་པ་དབྱིན་ཀུའོ་ལེན་སོག་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས།
སྤྱི་ལོ2013ལོར་ཝེ་ལི་རྫོང་ཁོངས་སུ་ཡུལ་ཚོ7དང་གྲོང་རྡལ1ཡོད་དེ། ཝེ་ལི་གྲོང་རྡལ་དང་། ཐ་ལི་མུའུ་ཡུལ་ཚོ། ཤིང་ཕིང་ཡུལ་ཚོ། མཐུན་སྒྲིལ་ཡུལ་ཚོ། ཏུན་ཁོ་ཐན་ཡུལ་ཚོ། ཁའར་ཆུ་དཀར་ཡུལ་ཚོ། ཨ་ཁེ་སུའུ་ཕུའུ་ཡུལ་ཚོ། ཀུའུ་ལེ་པ་ཀེ་ཡུལ་ཚོ་བཅས་ཡིན་པ་དང་། གཞན་ཡང་ཞའོ་ཐང་དོ་དམ་ཨུ་ཡོན་ལྷན་ཁང་ཚོགས་པ་ཡོད།
སྤྱི་ལོ2016ལོའི་ཟླ1པའི་ཚེས9ཉིན་ཡུའུ་ལི་རྫོང་མཐུན་སྒྲིལ་ཤང་གི་སྒྲིག་གཞི་མེད་པ་བཟོས་ནས་མཐུན་སྒྲིལ་གྲོང་རྡལ་བཙུགས་པ་རེད། དེའི་ཁོངས་སུ་ཡུལ་ཚོ6དང་གྲོང་རྡལ2ཡོད། ཝེ་ལི་གྲོང་རྡལ་དང་། ཐ་ལི་མུའུ་ཡུལ་ཚོ། ཤིང་ཕིང་ཡུལ་ཚོ། ཏུན་ཁོ་ཐན་ཡུལ་ཚོ། ཁའར་ཆུ་དཀར་ཡུལ་ཚོ། ཨ་ཁེ་སུའུ་ཕུའུ་ཡུལ་ཚོ། ཀུའུ་ལེ་པ་ཀེ་ཡུལ་ཚོ་བཅས་ཡིན་པ་དང་། གཞན་ཡང་ཞའོ་ཐང་དོ་དམ་ཨུ་ཡོན་ལྷན་ཁང་ཚོགས་པ་ཡོད།
སྤྱི་ལོ2013ལོར་ཝེ་ལི་རྫོང་གི་སྤྱིའི་མི་གྲངས་ཁྲི11.72(ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་གཉིས་པའི་རྫོང་གི་ཐོན་ཐང་ཡོད)ཡོད་པ་དང་། དེའི་ནང་ས་གནས་ཀྱི་མི་གྲངས་ཁྲི6.9ཡོད། ཡུ་གུར་རིགས་ཀྱིས47.6%བཟུང་བ་དང་རྒྱ་རིགས་ཀྱིས51.7%བཟུང་ཡོད།
སྤྱི་ལོ2016ལོར་ཝེ་ལི་རྫོང་གི་སྤྱི་གྲངས36163ལ་སླེབས་ཡོད། མི་གྲངས་བསྡོམས་འབོར་103295ཡོད་པ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས41572ཡོད། གྲོང་གསེབ་ཀྱི་མི་གྲངས61723བཅས་ཡོད་པ་རེད།
ཞིན་ཅང་གི་དབུས་རྒྱུད། པ་དབྱིན་ཀུའེ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ། ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ520ཡོད།
ཝེ་ལི་རྫོང་གི་ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་པ་དང་། ས་ཁོངས་ནི་བྱང་རྒྱུད་ཀྱི་ཁུའུ་ལུའུ་ཐ་ཀེ་རི་བོའི་མདུན་ནས་མྱ་ངམ་ཐང་དང་། དབུས་རྒྱུད་ཀྱི་ཐ་ལི་མུའུ་གཙང་པོ་དང་རྨ་བྱའི་གཙང་པོའི་ཁྲུང་ཅི་བདེ་ཐང་གཙོ་བོ་ཡིན།
ཆུའི་ཐོན་ཁུངས་ལ་རྨ་བྱ་ཆུ་དང་ཐ་ལི་མུའུ་ཆུ་བོའི་ཆུ་རྒྱུད་གཉིས་ཡོད།
ཝེ་ལེ་རྫོང་ནི་དྲོ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་མྱ་ངམ་ཐང་གི་གནམ་གཤིས། ཚ་གྲང་གི་ཁྱད་པར་ཧ་ཅང་ཆེ། དྲོད་ཚད་ཀྱི་ལོ་ཟླའི་འགྱུར་ལྡོག་ཆེ། ཚ་བ་ཆེ་ཤོས་ཀྱི་ཟླ་བ་དང་གྲང་ཤོས་ཀྱི་ཟླ་བ་གཉིས་ཀྱི་ཆ་སྙོམས་དྲོད་ཚད་ཧེ་བག36℃ཡས་མས་ཡིན་པ་དང་དགུན་དུས་གྲང་ངར་ཆེ་བ་ཡོད། དབྱར་དུས་ཚ་བ་ཆེ་བ་དང་། དཔྱིད་དུས་དྲོད་ཚད་འཕར་མགྱོགས་པ་དང་མི་བརྟན་པ། སྟོན་དུས་དྲོད་ཚད་དམའ་རུ་འགྲོ་བ། ལོ་ཧྲིལ་པོའི་དྲོད་ཚད་ཕུན་སུམ་ཚོགས་པ་དང་། མཁའ་རླུང་སྐམ་ཤས་ཆེ་བ། རླངས་པ་རྒྱས་པ་བཅས་ཀྱི་ཁྱད་ཆོས་ལྡན། ཆར་ཆུ་ཉུང་ཞིང་ལོ་དུས་ཀྱི་འགྱུར་ལྡོག་ཆེ། ཉི་འོད་འདང་ངེས་ཡོད་པ་དང་ལོ་ཧྲིལ་པོའི་ཆ་སྙོམས་ཉི་འོད་ཆུ་ཚོད2975ལ་སླེབས་ཡོད། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད10.1℃ཡིན།
སྤྱི་ལོ2013ལོར་ཝེ་ལི་རྫོང་གི་མངའ་ཁོངས་སུ་རྨོ་ཞིང་མུའུ་ཁྲི352དང་ནགས་ས་མུའུ་ཁྲི255ཡོད། རྩྭ་ཐང་མུའུ་ཁྲི1556ཡོད་པ་རེད།
ཝེ་ལི་རྫོང་ཁོངས་སུ་རྒྱལ་ཡོངས་ཀྱི་སྐམ་སའི་ནང་ལོགས་ཀྱི་ཆུ་བོ་རིང་ཤོས་ཏེ་ཐ་ལི་མུའུ་ཆུ་བོ(མངའ་ཁོངས་ཀྱི་འབབ་རྒྱུད་སྤྱི་ལེ254)ཡོད།
ཝེ་ལི་རྫོང་ཁོངས་སུ་རྒྱལ་ཡོངས་ཀྱི་ཧུའུ་དབྱང་ནགས་ཚལ་སྲུང་སྐྱོང་ཁུལ་མུའུ་ཁྲི100ཡོད། ཝེ་ལི་རྫོང་དུ་སྲིང་བལ་དང་། ཤིང་ཏོག་ལི། ཤིང་མངར་མ། ནོར་ལུག་གི་ཤ། བལ། ཤྭ་རྭ་སོགས་འབེལ་པོ་ཐོན་གྱི་ཡོད།
སྤྱི་ལོ2013ལོའི་བར་ཝེ་ལི་རྫོང་གིས་རྡོ་སྣུམ་དང་། རྡོ་ཧྲུག་སོགས་གཏེར་རིགས་བཅུ་ལྷག་ཙམ་གསར་སྤེལ་བྱས་ཡོད།
སྤྱི་ལོ2013ལོ་ཝེ་ལི་རྫོང་གི་སྤྱིའི་མི་གྲངས་ཁྲི11.72(ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་གཉིས་པའི་རྫོང་གི་ཐོབ་ཐང་ཡོད)ཡོད་པ་དང་། དེའི་ནང་ས་གནས་ཀྱི་མི་གྲངས་ཁྲི6.9ཡོད། ཡུ་གུར་རིགས་ཀྱིས་47.6%བཟུང་བ་དང་རྒྱ་རིགས་ཀྱིས51.7%བཟུང་ཡོད།
སྤྱི་ལོ2016ལོར་ཝེ་ལི་རྫོང་གི་སྤྱི་གྲངས36163ཡོད། མི་གྲངས་བསྡོམས་འབོར103295ཡོད་པ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས41572ཡོད། གྲོང་གསེབ་ཀྱི་མི་གྲངས61723བཅས་ཡོད་པ་རེད།
རྫོང་ཨུའི་ཧྲུའུ་ཅི། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཡོན་ཞིན་དབྱང་།
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། ཨའེ་འར་ཁེན་མོ་ཧོ་མུའུ།
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧོང་ཀོན་ཡུས།
རྫོང་ཏང་ཨུའི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ཀུང་ཅུན་ཧྲེང་།
རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཀྲང་། ཝང་སུང་།
རྫོང་ཏང་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཝང་པོ།
རྫོང་ཏང་ཨུའི་རྒྱུན་ཨུ། ཐུའུ་ཉི་ཧྲ·པ་ཧའེ།
རྫོང་ཏང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ། ཀྲང་ཁྲི་ཧྥེང་།
རྫོང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་། ཕར་ཧ་ཐི་·ཝུའུ་མེ་ཨར།
རྫོང་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ། ཅིན་ཐིང་ཁུན།
སྤྱི་ལོ2013ལོར་ཝེ་ལི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40.5(གསར་སྤེལ་ཁུལ་ཚུད་མེད་པ)ལ་སླེབས་པ་དེ་དུས་མཚུངས་ལས17.9%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར19.78བཏང་བ་དེ་དུས་མཚུངས་ལས66.6%འཕར། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར3.57ལ་སླེབས་པ་དེ་དུས་མཚུངས་ལས20%འཕར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.95ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས11.1%འཕར། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར13197ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར1415འཕར་བ་དེ་དུས་མཚུངས་ལས12%འཕར་ཡོད།
སྤྱི་ལོ2016ལོར་ཝེ་ལི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར58.51ལ་སླེབས་པ་དེ་དུས་མཚུངས་ལས8%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར27.6བཏང་བ་དེ་དུས་མཚུངས་ལས21%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.4ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས12.5%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2.76ལ་སླེབས་པ་དེ་དུས་མཚུངས་ལས10%འཕར། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར16516ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར1018འཕར།
སྤྱི་ལོ2017ལོར་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར59.39ལ་སླེབས་པ་དེ་དུས་མཚུངས་ལས8.6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར35.44བཏང་བ་དེ་དུས་མཚུངས་ལས30%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.63ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས9.6%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2.3ལ་སླེབས་པ་དེ་དུས་མཚུངས་ལས9.97%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར17534ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར1018མང་དུ་ཕྱིན་ནས་དམིགས་ཚད་ཁག་གི་འཕར་ཚད་ཚང་མ་ཀྲོའུ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
སྤྱི་ལོ2013ལོར་ཝེ་ལི་རྫོང་དུ་ནུས་ཆེའི་ཆུ་གྲོན་ཆུང་གི་རྒྱ་ཁྱོན་མུའུ་ཁྲི5གསར་དུ་འཕར་ཡོད། ཕྱོགས་བསྡུས་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བཏང་སྟེ་སྲིང་བལ་མུའུ་རེའི་ཐོན་ཚད་དང་སྤྱིའི་ཐོན་ཚད་སོ་སོར་སྤྱི་རྒྱ155.2དང་། ཏན་ཁྲི195.76ལ་སླེབས་ཡོད། ཁྱད་ལྡན་ལོ་ཏོག་མུའུ6441འདེབས་འཛུགས་བྱས་ནས་སྒྲིག་བཀོད་དྲོད་ཁང་ཆེ་མོ256དང་མུའུ1015གསར་སྐྲུན་བྱས་ཡོད། ནགས་སིལ་དང་ཕྱུགས་ལས་ལེགས་སྤེལ། ནགས་དང་ཤིང་ཏོག་གི་རྒྱ་ཁྱོན་མུའུ་ཁྲི་10.2ལ་སླེབས་པ་དང་ཤིང་འབྲས་ཐོན་ཚད་ཏུན་ཁྲི1.86ལ་སླེབས་ནས་དུས་མཚུངས་ལས་ཏུན་ཁྲི1.7འཕར། ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བྱས། སྐྱེད་གསབ་དངུལ་བུན་སྒོར་ཁྲི3270དོན་འཁྱོལ་མཐུན་སྦྱོར་བྱས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཁྲི2240དོན་འཁྱོལ་བྱས་ཡོད། ཚད་ལྡན་ལྷས་ར་དང་རྒྱུད་བཟང་ཕྱུགས་རིགས་ལ་ཁ་གསབ་སྒོར་ཁྲི813སྤྲད་པ་རེད། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི40.81དང་མགོ་གྲངས་ཁྲི27.78བཤས་གཏོང་བྱས་ཡོད། དུས་མཚུངས་ལས16.4%དང21.1%འཕར་ནས་འཕར་ཚད་ལོ་རྒྱུས་ཀྱི་ལ་སླེབས་ཐོ་གསར་པ་བཏོད་ཡོད། འབབ་འཕར30%ཡན་གྱི་དམིགས་ཚད་མངོན་འགྱུར་བྱུང་། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར25.2ལ་སླེབས་པ་དེ་དུས་མཚུངས་ལས11.7%འཕར་ཡོད།
སྤྱི་ལོ2013ལོའི་ཟླ7པའི་བར་ཝེ་ལི་རྫོང་བཟོ་ལས་གླིང་ཁུལ་དུ་ཁེ་ལས41ཡོད་པ་དེ་དག་གཙོ་བོ་གཏེར་རྫས་ལས་སྣོན་དང་། སྲིང་སྐུད་འཁེལ་འཐགསྤོས་འགྱིག་བཟོ་སྐྲུན། ལུད་ཐོན་སྐྱེད། ཨར་ལས་རྒྱུ་ཆ་ཐོན་སྐྱེད། ཚ་ནུས་མཁོ་འདོན་སོགས་ཀྱི་ལས་རིགས་དང་འབྲེལ་བ་ཡོད། སྤྱི་ལོ2013ལོའི་ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས5ཡི་ཐོན་རྫས་རིན་ཐང་སྒོར་ཁྲི7276ལ་སླེབས་པ་དང་། མ་དངུལ་གསར་པ་བཞག་པའི་རྣམ་གྲངས24ནང་། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི3000ཡན་གྱི་རྣམ་གྲངས14ལ་མ་དངུལ་སྒོར་ཁྲི26370བཏང་ཡོད་པ་རེད། དེས་རྫོང་ཡོངས་ཀྱི་ལེགས་གྲུབ་ལ་སླེབས་པའི་མ་འཇོག་བསྡོམས་འབོར་གྱི45.4%བཟུང་ཡོད།
སྤྱི་ལོ2016ལོར་ཝེ་ལི་རྫོང་གིས་རང་འགུལ་ངང་འགག་སྒྲོལ་གླིང་ཁུལ་ལེགས་སྒྲིག་དང་སྒྲིག་སྲོལ་རྒྱ་སྐྱེད་བཏང་ཡོད། ཁུའར་ལེ་དཔལ་འབྱོར་གསར་སྤེལ་ཁུལ་དང་གླིང་ཁུལ་གྱི་འཆར་འགོད་དང་། ཚོང་འགུགས་མ་འདྲེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ་གཉིས་ཕན་གཉིས་ཁེ་དང་མཉམ་འདྲེས་འཕེལ་རྒྱས་ལ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། འཁེལ་འཐག་གྱོན་ཆས་ཀྱི་ཚད་ལྡན་བཟོ་ཁང6བསྐྲུན་ཡོད། ཏ་ཤིས་ཁབ་བསླས་ཁྱིམ་འཁལ་འཐག་གླིང་སྐྱེད་སྲིང་རྟེན་གཞི་བཙུགས་ནས་གླིང་ཁུལ་གྱི་ལེ་ལག་ཚང་བའི་ཞབས་ཞུའི་ནུས་པ་དང་ཕྱོགས་བསྡུས་ཐེག་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། འཁལ་འཐག་གྱོན་ཆས་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས37ཡོད་པ་དང་ཐོན་ལས་གཅིག་སྡུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས“སྤྱི་ལོ2016ལོའི་དཔེ་སྟོན་བྱ་དགའ་སྟེ་ཀྲུང་གོའི་འཁལ་འཐག་གྱོན་ཆས་ལས་རིགས་ཀྱི་སྤྱི་ཚོགས་འགན་འཁྲིའི་སྤྱི་པའི་བཅོས་སྐྱོང”ཐོབ་ཡོད་པ་རེད། ཁེ་ལས་འབྲིང་ཆུང་ལོ་རེ་བཞིན་འཕེལ་རྒྱས་སྟོབས་ཆེར་ཕྱིན་ནས་ཁེ་ལས14ཡི་སྒྲིག་སྲོལ་གཅིག་གྱུར་བྱུང་ཡོད། སྔོན་རྩིས་བྱས་ན་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.74ལེགས་གྲུབ་ལ་སླེབས་པ་དེ་དུས་མཚུངས་ལས34.9%འཕར།
སྤྱི་ལོ2013ལོར་ཝེ་ལི་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི60ལ་སྣེ་ལེན་ཞུས་པ་རེད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི5460ལ་སླེབས་པ་དེ་དུས་མཚུངས་ལས30.7%དང63.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར10.79ལ་སླེབས་ནས14.5%འཕར་ཡོད།