ཧྲེང་ཡུའེ་ཁྲུན།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-07-30 14:48ལ་འགྲུབ།

ཧྲེང་ཡུའེ་ཁྲུན།

ཧྲེང་ཡུའེ་ཁྲུན།
ཧྲེང་ཡུའེ་ཁྲུན་ནི་སྤྱི་ལོ1968ལོའི་ཟླ3པར་ཀྲེ་ཅང་ཧང་ཀྲོའུ་རུ་སྐྱེས། སྤྱི་ལོ1990ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་སྤྱི་ལོ1990ལོའི་ཟླ8པར་བྱ་བར་ཞུགས། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ད་ལྟ་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盛阅春
སྐྱེས་ཡུལ།
ཀྲེ་ཅང་ཧང་ཀྲོའུ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ3པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཀྲེ་ཅང་ཞིང་ལས་སློབ་གྲྭ་ཆེན་མོ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ8པའི་བར་ཀྲེ་ཅང་ཞིང་ལས་སློབ་ཆེན་ཁོར་ཡུག་སྲུང་སྐྱོང་ཚན་ཁག་ཏུ་སློབ་སྦྱོང་བྱས། 

སྤྱི་ལོ1990ལོའི་ཟླ8པ་ནས་སྤྱི་ལོ1994ལོའི་ཟླ12པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཆུས་ཁོར་ཡུག་སྲུང་སྐྱོང་ས་ཚིགས་ཀྱི་ལས་བྱེད་པ་བྱས(དེའི་རིང་སྤྱི་ལོ1992ལོའི་ཟླ9པ་ནས་སྤྱི་ལོ1994ལོའི་ཟླ7པའི་བར་ཀྲེ་ཅང་བཟོ་ལས་སློབ་ཆེན་བཟོ་ལས་དོ་དམ་ཆེད་ལས་སུ་རབ་འབྱམས་པའི་བསླབ་གནས་ལ་སྤྱངས) 

སྤྱི་ལོ1994ལོའི་ཟླ12པ་ནས་སྤྱི་ལོ1997ལོའི་ཟླ4པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཆུས་ཁོར་ཡུག་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ4པ་ནས་སྤྱི་ལོ1997ལོའི་ཟླ9པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཅང་ཀན་ཁོར་ཡུག་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ1999ལོའི་ཟླ8པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཞེས(སྤྱི་ལོ1997ལོའི་ཟླ7པ་ནས་སྤྱི་ལོ1999ལོའི་ཟླ5པའི་བར་ཀྲེ་ཅང་སློབ་ཆེན་དུ་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

སྤྱི་ལོ1999ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ11པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ11པ་ནས་སྤྱི་ལོ2006ལོའི་ཟླ4པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཞ་ཁྲེང་ཆུས་ཏང་ཨུའི་རྒྱུན་ཨུ་དང་ཆུས་ཀྲང་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ2002ལོའི་ཟླ5པ་ནས་སྤྱི་ལོ2002ལོའི་ཟླ8པར་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་དོ་དམ་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་བྱས) 

སྤྱི་ལོ2006ལོའི་ཟླ4པ་ནས་སྤྱི་ལོ2007ལོའི་ཟླ2པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཆུས་ཀྲང་། ཧང་ཀྲོའུ་ཀྲི་ཅང་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2007ལོའི་ཟླ2པ་ནས་སྤྱི་ལོ2008ལོའི་ཟླ2པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་། ཧང་ཀྲོའུ་ཀྲི་ཅང་གཙང་པོའི་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས(སྤྱི་ལོ2005ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར་ཆིན་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་དུ་སློབ་སྦྱོང་བྱས) 

སྤྱི་ལོ2009ལོའི་ཟླ2པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ10པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཅང་ཀན་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ10པ་ནས་སྤྱི་ལོ2017ལོའི་ཟླ2པའི་བར་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ2པ་ནས་སྤྱི་ལོ2018ལོའི་ཟླ2པའི་བར་ཧང་ཀྲོའུ་གྲོང་ཨུའི་རྒྱུན་ཨུ་དང་ཞའོ་ཧྲན་ཆུས་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ2པ་ནས་སྤྱི་ལོ2018ལོའི་ཟླ3པའི་བར་ཧྲའོ་ཞིན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ3པའི་བར་ཧྲའོ་ཞིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས། 

སྐབས་བཅུ་བཞི་པའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན། 

2 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ་2ཚེས13ཉིན་ཧྲའོ་ཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཧྲའོ་ཞིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་ལས་ཚབ་ཧྲི་ཀྲང་གི་འགན་བཞེས་རྒྱུའི་གཏན་འབེབས་བྱས། 

སྤྱི་ལོ2018ལོའི་ཟླ3པའི་ཚེས30ཉིན་ཧྲའོ་ཞིན་གྲོང་ཁྱེར་གྱི་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཧྲེང་ཡུའེ་ཁྲུན་ཧྲའོ་ཞིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བསྐོས། 

དཔྱད་གཞིའི་ཡིག་ཆ།