མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར། (སྤྱི་ལོ1912ལོར) མིན་གོའི་སྲིད་གཞུང་གིས་ཨེར་ཏུའོ་སིའི་གཡོན་རུའི་རྒྱབ་ཤོག་གི་མིང་ད་ར་ཐུ་ཤོག་ཅེས་པར་བསྒྱུར་བ་དང་། ཨེར་ཏུའོ་སིའི་གཡས་རུའི་རྒྱབ་ཤོག་གི་མིང་ཧང་ཅིན་ཤོག་ཅེས་པར་བསྒྱུར།
སྤྱི་ལོ1942ལོར། ཧྥུ་ཙུའོ་དབྱིས་ཧོ་ཐའོ་ས་ཁུལ་དུ་རྫོང་གི་ལམ་ལུགས་གསར་བ་ལག་བསྟར་བྱས་རྗེས་ཝུའུ་ཡོན་རྫོང་དང་ལིན་ཧོ་རྫོང་གི་ས་ཁུལ་ཁ་ཤས་ལོགས་སུ་ཕྱེ་ནས་ལང་ཧྲན་རྫོང་དང་སྨན་ཚང་རྫོང་གསར་འཛུགས་བྱས།
སྤྱི་ལོ1953ལོའི་ཟླ9པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ཚོགས་རྙིང་པས་ཤུལ་དུ་བཞག་པའི“མེང་ཧན་ལོགས་སྐྱོང་དང་། ཆི་དང་རྫོང་མཉམ་གནས་”ཀྱི་སྲིད་ཇུས་དངོས་སུ་མེད་པར་བཟོས། སྨི་ཚང་རྫོང་རྣམས་ཧང་ཅིན་ཤོག་གི་ཁོངས་སུ་བཅུག རྨ་ཆུ་འགག་པའི་རྐྱེན་གྱིས་མཚོ་འགག་ངོགས་གཉིས་བར་འགྲོ་འོང་མི་བདེ་བས་དོ་དམ་ལ་དཀའ་ངལ་མང་པོ་བཟོས་པས་ཐབས་ཇུས་འདི་ད་དུང་ལག་བསྟར་བྱས་མེད། དེའི་ཕྱིར་འཕྲལ་མར་རྨ་ཆུ་ས་མཚམས་བྱས་ཏེ། ཧང་ཅིན་གྱི་རྒྱབ་ཤོག་དེ་ཁག་གཉིས་སུ་བགོས་ནས། རྨ་ཆུའི་ལྷོ་རྒྱུད་ས་ཁུལ་ལ་སྔར་བཞིན་ཧང་ཅིན་ཤོག་ཟེར་བ་དང་། རྨ་ཆུའི་བྱང་རྒྱུད་ས་ཁུལ་ལ་ཧང་ཅིན་རྒྱབ་ཤོག་ཅེས་མིང་བཏགས་ཡོད།
སྤྱི་ལོ1958ལོའི་ཟླ8པར། དེ་སྔའི་ལང་ཧྲན་རྫོང་གི་ཆུས་བཞི་པ་སྟེ་མན་ཧུའེ་གྲོང་རྡལ་དང་། ཐོན་ཅེ་གྲོང་རྡལ་རྣམས་ཧང་ཅིན་རྒྱབ་ཤོག་གི་ཁོངས་སུ་བགོ་བ་དང་། རྗེས་སུ་ལིན་ཧོ་ས་ཁུལ་གསུམ་སྟེ་ཧྲན་པ་གྲོང་རྡལ་རྣམས་ཧང་ཅིན་རྒྱབ་ཤོག་གི་ཁོངས་སུ་བགོས་བ་རེད། དེ་ནས་བཟུང་ད་ལྟའི་བར་དུ། ཧང་ཅིན་རྒྱབ་ཤོག་གི་སྲིད་འཛིན་ས་ཁོངས་གཞི་རྩའི་ཆ་ནས་གཏན་འཇགས་སུ་གྱུར་ཡོད།
ཧང་ཅིན་རྒྱབ་ཤོག་གི་ཁོངས་སུ་གྲོང་རྡལ8དང་། གྲོང་ཚོ107 གྲོང་མིའི་ཨུ་ཡོན་ལྷན་ཁང27བཅས་གཏོགས་ཡོད། ཤོག་སྲིད་གཞུང་གནས་ཡུལ་ལ་ཧྲན་པ་གྲོང་རྡལ་ནས་བ་ཡན་ནོར་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་གྱི་ལིན་ཧོ་ཆུས་དང་བར་ཐག་སྤྱི་ལེ30ཡོད་པ་རེད།
སྤྱི་ལོ2013ལོར་ཧང་ཅིན་རྒྱབ་ཤོག་གི་མི་གྲངས་བསྡོམས308324དང་། སོག་རིགས། ཧུའེ་རིགས། མན་ཇུ་རིགས། ཏ་ཧན་རིགས་སོགས་གྲངས་ཉུང་མི་རིགས་ཡོད། དེས་ཤོག་གི་མི་གྲངས་གྱི1.6%བཟུང་ཡོད།
ཧང་ཅིན་རྒྱབ་ཤོག་ནི་པ་ཡན་ཀྲོར་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་ཧོ་ཐའོ་བདེ་ཐང་དུ་གནས་ཡོད། ཤར་ཕྱོགས་སུ་ལིན་ཧོ་ཆུས་དང་ས་མཚམས་འབྲེལ་ཡོད། ནུབ་ཀྱི་ཝུའུ་ལན་པུའུ་བྱེ་ཐང་དང་ཅའོ་ཁོའུ་རྫོང་ལ་འབྲེལ་ཞིང་། ལྷོ་རུ་རྨ་ཆུ་དང་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཧང་ཅིན་ཤོག་ལ་ཁ་གཏད་ནས་ཡོད། བྱང་དུ་དབྱིན་ཧྲན་རི་བོ་དང་ཨོ་ལོད་རྒྱབ་ཤོག་གི་འབྲེལ་མཚམས་སུ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ87ཙམ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ52ཙམ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1790ཡོད།
ཧང་ཅིན་རྒྱབ་ཤོག་གི་ས་དབྱིབས་ནི་གཙོ་བོ་བདེ་ཐང་དང་། ཧུང་བསགས་བདེ་ཐང་། ཆུ་གྲམ་ཐང་བཅས་ས་དབྱིབས་གསུམ་གྱིས་གྲུབ་པ་ཡིན། ས་བབ་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་དང་། ས་བབ་མཐོ་ཚད་སྨི1032-1050ཡིན།
ཧང་ཅིན་རྒྱབ་དར་ལ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆུང་ཆུང་ཞིག་ཡོད། བྱང་གི་འཕྲེད་ཐིག40℃ཡན་དུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ་ཡིན། ལོ་རེར་ཆ་སྙོམས་ཆར་འབབ་ཚད138.2mmདང་རླངས་པར་འགྱུར་ཚད2096.4mmཡིན། མཚན་མོའི་ཆ་སྙོམས་དྲོད་ཚད་ཀྱི8.2℃ཡིན། ལོ་རེའི་ཆ་སྙོམས་སད་མེད་དུས་ཉིན135ཡས་མས་དང་། ཆ་སྙོམས་རླུང་འགྲོས་སྐར་ཆ་རེར་སྨི2-3ཡིན། སྤྱིའི་ཆ་ནས་བཤད་ན་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་། སད་མེད་དུས་རིང་བ། ལྷོ་ནུབ་རླུང་དང་བྱང་ཤར་རླུང་དར་ཁྱབ་ཆེ་བ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད3220ཡན་ལ་སླེབས་གྱི་ཡོད། དྲོད་ཚད3520℃ཡན་ལ་སླེབས་པ་དང་ཉི་འོད་ཕོག་ཚད73%ལ་སླེབས་ནས་རྒྱལ་ཡོངས་ཀྱི་འོད་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་།
སྤྱི་ལོ2013ལོར་ཧང་ཅིན་རྒྱབ་ཤོག་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར125ལེགས་གྲུབ་བྱུང་ནས9.5%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར103.5བཏང་ནས་13.3%འཕར། ས་གནས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.85ལ་སླེབས་ནས2.5%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར23.65ལ་སླེབས་ནས12%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20351ལ་སླེབས་ནས9.5%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར12559ལ་སླེབས་ནས13%འཕར།
སྤྱི་ལོ2013ལོར་ཧང་ཅིན་རྒྱབ་ཤོག་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི133.5ལ་སླེབས་ཡོད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི88.5ལ་སླེབས་ནས་ཐོན་འབོར་རྒྱ་མ་དུང་ཕྱུར10.6ལ་སླེབས་ཡོད། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ60དང་། ཁྱིམ་ཚང་གི་འབྲོག་ར་ཆུང་གྲས100གསར་སྐྲུན་རྒྱས་སྐྲུན་བྱས་ཡོད། འབྲོག་ལས་ཀྱི་ལོ་འཁོར་དུ་བཤས་ལུག་གསོ་ཚགས་བྱེད་ཚད་ཁྲི460ལ་སླེབས་པ་དང་བཞོན་མ་ཁྲི5ཡོད། ཕག་པ་ཁྲི11.5ཡོད་པ་རེད། གསར་དུ་ཐོ་འགོད་བྱས་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང100ཡོད་པ་དེའི་བསྡོམས་འབོར366ལ་སླེབས་ཡོད། ས་ཞིང་འཁོར་སྒྱུར་རྒྱ་ཁྱོན་མུའུ་ཁྲི6.5མང་དུ་བཏང་བ་དང་སྤྱིའི་འཁོར་སྒྱུར་རྒྱ་ཁྱོན་མུའུ་ཁྲི31ལ་སླེབས་ཡོད། ཞིང་ལས་རྟེན་གཞིའི་རྒྱ་ཁྱོན་སྤྱིའི་འདེབས་ཁྱོན་གྱི95%ལ་སླེབས་ཡོད། ལོ་ཧྲིལ་པོར་ཞིང་ཕན་ཁ་གསབ་སྒོར་དུང་ཕྱུར1.2སྤྲད་པ་དང་ཞིང་པ་མི་རེའི་ཆ་སྙོམས་སྲིད་ཇུས་རང་བཞིན་གྱི་འབབ་འཕར་སྒོར520སྤྲད་པ་རེད།
སྤྱི་ལོ2017ལོའི་ཟླ10པར་ཧང་ཅིན་རྒྱབ་ཤོག་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་ཁག་དང་པོར་བདམས་པ་རེད།
སྤྱི་ལོ2019ལོའི་ཟླ11པའི་ཚེས18ཉིན་ཧང་ཅིན་རྒྱབ་ཤོག་གིས“ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་ལ་ལག་བསྟར་དང་། ཚོད་ལྟ། འདེགས་སྐྱོར་བཅས་ཀྱི་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་རྫོང”དུ་བདམས་པ་རེད།
སྤྱི་ལོ2013ལོར་ཧང་ཅིན་རྒྱབ་ཤོག་གི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར124ལ་སླེབས་ནས14%འཕར་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཨ་སྒོར་ཁྲི4000མངོན་འགྱུར་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས3མང་དུ་བཏང་ནས་དུད་ཚང40ལ་སླེབས་པ་བྱ་རྒྱུ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར37བྱུང་ནས13%འཕར།
སྤྱི་ལོ2013ལོར་སྒོར་ཁྲི་སྟོང་ཡན་གྱི་བཟོ་ལས་གཙོ་གནད་རྣམ་གྲངས36ལག་བསྟར་བྱས་པ་རེད། མ་དངུལ་སྒོར་དུང་ཕྱུར40.08བཏང་ནས31.9%འཕར།
སྤྱི་ལོ2013ལོར། ཧང་ཅིན་རྒྱབ་ཤོག་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར24.4ལ་སླེབས་པ་དེ་དུས་མཚུངས་ལས15.4%འཕར།
གཉེར་སྐྱོང་སྡེ་ཚན་གནས་ཡུལ་ལ་གཞིགས། གྲོང་ཁྱེར་དང་གྲོང་རྡལ་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར21.6ལ་སླེབས་པ་དེ་དུས་མཚུངས་ལས15.6%འཕར། གྲོང་གསེབ་ཏུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར2.7ལ་སླེབས་པ་དེ་དུས་མཚུངས་ལས14%འཕར།
ལས་རིགས་ལྟར་དབྱེ་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར21.1ལ་སླེབས་ནས17.9%འཕར། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.3ལ་སླེབས་པ་དེ་དུས་མཚུངས་ལས4.3%འཕར།
སྤྱི་ལོ2013ལོར་ཧང་ཅིན་རྒྱབ་ཤོག་གིས་ལྟེ་བའི་སློབ་གྲྭ་གསུམ་མེད་པར་བྱས་པ་དང་ཟླ་སྒྲིལ་བཏང་བ་རེད། ཚད་གཞི་མཐོ་བའི་དཔེ་སྟོན་སློབ་གྲྭ་ཧྲན་པ་སློབ་ཆུང་སྟོན་དུས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་གྲོང་གསེབ་ཀྱི་བུ་བཅོལ་ཁང5ཉམས་གསོ་རྒྱས་སྐྲུན་བྱས་ཡོད། ལས་རིགས་སློབ་གསོའི་ལྟེ་གནས་ཀྱི་དངོས་སྦྱོང་ཐོག་བརྩེགས་ཁང་ཆེན་དང་བུ་བཅོལ་ཁང་དང་པོ་སྐྲུན་འགོ་ཚུགས། མཐོ་རྒྱུགས་ཀྱི་གྲུབ་འབྲས་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པ་དང་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་ལས་རིགས་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་ཚང་མ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
སྤྱི་ལོ2013ལོར་ཧང་ཅིན་རྒྱབ་ཤོག་གིས་ཤོག་ཡོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་ཚོད་ལྟའི་འདུ་འགོད་ལག་ལེན་བསྟར་ནས་གྲོང་གསེབ་དུད་ཚང་ཁྲི5ལ“དུད་ཚང་ཀུན་ཁྱབ”ཀྱི་ལས་གྲྭ་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་རེད།
ཧང་ཅིན་རྒྱབ་ཤོག་གི་ཐོའུ་ཏའོ་ཆའོ་དང་ཨར་ཏའོ་ཆའོ་འཕྲོད་བསྟེན་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས99.7%ལ་སླེབས། འཕྲོད་བསྟེན་ཁང་གི་སྨན་རྫས་བར་ཁྱད་མེད་པར་འཁོར་སྐྱོད་བྱེད་ཐུབ། ཕྲུ་གུ་སྐྱེ་ཚད་དམའ་བའི་ཆུ་ཚད་རྒྱུན་མཐུད་དུ་བརྟན་པོ་བྱུང་ཞིང་། མི་འབོར་སྐྱེ་ཚད6.4‰ཡིན།
སྤྱི་ལོ 2013ལོར་ཧང་ཀྲོའུ་ཅིན་རྒྱབ་ཤོག་གི་རྒན་གསོ་དང་། སྨན་བཅོས། ལས་རྨས། བུ་བཙའ། ལས་ཤོར་འགན་བཅོལ་བཅས་ནང་ཞུགས་མཁན་མི་གྲངས་ཁྲི་སོ་སོར11.9དང་། ཁྲི7.3 ཁྲི1 ཁྲི1.6 ཁྲི1བཅས་ལ་སླེབས་ཡོད།
སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་ཁག་གཉིས་པའི་གྲས་སུ་བཅུག
སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་དུ་བདམས།