ཨོ་ལོད་དབུས་ཤོགསྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 11:14ལ་འགྲུབ།

ཨོ་ལོད་དབུས་ཤོག

ཨོ་ལོད་དབུས་ཤོག
ཨོ་ལོད་དབུས་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་བ་ཡན་ནོར་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཡོད། བྱང་མོང་གོལ་རྒྱལ་ཁབ་དང་འབྲེལ་མཚམས་ཀྱི་རྒྱལ་མཚམས་དང་སྤྱི་ལེ184ཡོད། ཤར་ཕྱོགས་པའོ་ཐོའུ་གྲོང་ཁྱེར་གྱི་ཏར་ཧན་མའོ་མེང་ཨན་མཉམ་འབྲེལ་ཤོག་དང་ཀུའུ་དབྱང་རྫོང་གཉིས་ལ་ཁྱིམ་མཚེས་ཡིན་ཞིང་། ལྷོ་ཕྱོགས་ཨོ་ལོད་མདུན་ཤོག་དང་ཝུའུ་ཡོན་རྫོང་། ལིན་ཧོ་ཆུས། ཧང་ཅིན་རྒྱབ་ཤོག་བཅས་དང་ཕན་ཚུན་འབྲེལ་ནས་ཡོད། ནུབ་ཀྱི་ཕྱོགས་སུ་ཨོ་ལོད་རྒྱབ་ཤོག་དང་འབྲེལ། ཤོག་ཡོངས་ཀྱི་ཤར་ནུབ་རིང་ཚད་སྤྱི་ལེ203.8ལ་སླེབས་ཡོད། ལྷོ་བྱང་ཞེང་ལ་སྤྱི་ལེ148.9ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23096ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乌拉特中旗
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་སྲིད་འཛིན་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ནང་སོག་བ་ཡན་གྲོང་ཁྱེར།
མངའ་ཁོངས།
ནང་སོག་རང་སྐྱོང་ལྗོངས་བ་ཡན་ནོར་གྲོང་ཁྱེར།
སྲིད་གཞུང་སྡོད་གནས།
ལིའུ་ཧའེ་ཐའོ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0478
སྦྲག་སྲིད་ཨང་རྟགས།
015300
ས་གནས།
ནང་སོག་བ་ཡན་ནོར་གྲོང་ཁྱེར་གྱི་བྱང་ཤར་རྒྱུད།
མི་གྲངས།
ཁྲི14.3
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ23096
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
མེང(蒙)L
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150824
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ7པའི་ཚེས18ཉིན། ཨོ་ལོད་དབུས་ཤོག་མི་དམངས་སྲིད་གཞུང་པེན་པ་ཐའེ་རུ་བཙུགས་པ་དང་། མངའ་འོག་ཏུ་ནུའུ་ཐུའུ་ཁེ་གསུམ་དང་ཆུས་གཅིག དེའི་འོག་ཏུ་ཀཱ་ཁྲ30དང་སྲིད་འཛིན་གྲོང་ཚོ5བཙུགས་ཡོད།

སྤྱི་ལོ1952པའི་ཟླ10པའི་ཚེས15ཉིན། ཨོ་ལོད་དབུས་ཤོག་དང་ཨོ་ལོད་རྒྱབ་ཤོག་གཉིས་ཟླ་སྒྲིལ་བྱས་ནས་ཨོ་ལོད་དབུས་ཤོག་མཉམ་འབྲེལ་ཤོག་བཙུགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

གྲོང་རྡལ་དྲུག ཧའེ་ལིའུ་ཐུའུ་གྲོང་རྡལ། ཏེ་ལིང་ཧྲན་གྲོང་རྡལ། ཧྲི་ཧ་ཧོ་གྲོང་རྡལ། ཝུའུ་ཅ་ཧོ་གྲོང་རྡལ། ཀན་ཆི་མའོ་ཏུའུ་གྲོང་རྡལ། ཝུན་ཀེན་གྲོང་རྡལ།

སུའུ་མུའུ། པ་དབྱིན་ཝུའུ་ལན་སུའུ་མུའུ། ཁྲོན་ཅིང་སུའུ་མུའུ། ཧུའུ་ལུའུ་སི་ཐའེ་སུའུ་མུའུ། ཤིན་ཧྲུའུ་རེ་སུའུ་མུའུ།

ཞིང་འབྲོག་ར་བ། ལུག་སའི་ཧའེ་མུའུ་འབྲོག་ས། ཐུང་ཧོ་ཐའེ་ཕྱུགས་ར། པ་མོང་ཝུའུ་པེ་ནགས་ར།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2009ལོའི་ལོ་མཇུག་ཏུ་དུད་ཚང་51354ཡི་མི་གྲངས143667ལ་སླེབས་པ་དེ་ལོ་གོང་མ་ལས1.12%འཕར། དེའི་ནང་སྐྱེས་པའི་མི་གྲངས71819དང་བུད་མེད་མི་གྲངས68048ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་སོ་སོར51.3%དང48.7%བཟུང་ཡོད། ཕོ་མོའི་བསྡུར་ཚད(བུད་མེད100)105.5ཡིན། མི་གྲངས་བསྡོམས་འབོར་ནང་ཞིང་ལས་མི་གྲངས104493ཡོད་པ་དང་ཞིང་ལས་མིན་པའི་མི་གྲངས་39174ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས37374ལ་སླེབས་ནས7.26%འཕར་བ་དེས་སྤྱིའི་མི་གྲངས་གྱི21.34%བཟུང་། གྲོང་གསེབ་ཀྱི་མི་གྲངས106293ཇེ་ཉུང་དུ་ཕྱིན་པ་དེས་མི་གྲངས་བསྡོམས་འབོར་གྱི78.66%བཟུང་ཡོད། གྲོང་གསེབ་ཀྱི་མི་གྲངས་ཁྲོད་གྲོང་གསེབ་ཀྱི་མི་གྲངས83615ལ་སླེབས་ནས0.47%ཇེ་ཉུང་དུ་ཕྱིན་པ་དང་། འབྲོག་ཁུལ་གྱི་མི་གྲངས24762ཡོད་པ་དེ0.11%འཕར། མི་གྲངས་འདུས་ཚད་ནི་སྤྱི་ལེ་གྲུ་བཞི་མ་རེར་མི6.1ཡིན། དེའི་ནང་གྲོང་གསེབ་ཀྱི་མི་གྲངས་འདུས་ཚད་སྤྱི་ལེ་ངོས་གྲུ་བཞི་མ་རེར་མི26དང་འབྲོག་ཁུལ་གྱི་མི་གྲངས་འདུས་ཚད་སྤྱི་ལེ་ངོས་གྲུ་བཞི་མ་རེར་མི1.3ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས1145ཡོད་པ་དང་སྐྱེས་ཚད8.19%ལ་སླེབས། 

3_2 མི་རིགས།

ཨོ་ལོད་དབུས་ཤོག་ནི་སོག་རིགས་གཙོ་བོ་དང་རྒྱ་རིགས་མང་ཤོས་ཀྱི་མི་རིགས་ས་ཁུལ་ཞིག་ཡིན། སྤྱི་ལོ2009ལོའི་ལོ་མཇུག་བར་དུ་ཤོག་ཡོངས་ཀྱི་སོག་རིགས་མི་གྲངས27236ཡོད་པ་དང་། ལོ་གོང་མ་ལས2.82%འཕར་བ་དེས་ཤོག་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི19.02%བཟུང་། རྒྱ་རིགས་མི་གྲངས115429ཡོད་པ་དེ་ལོ་གོང་མ་ལས0.75%འཕར་བ་དེས་ཤོག་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི80.2%བཟུང་། ཧུའེ་རིགས་མི་གྲངས722ཡོད་པ་དེ3.35%ཇེ་ཉུང་དུ་ཕྱིན་པ་དེས0.52%བཟུང་། མན་ཇུ་རིགས། ཏ་ཧན་ཨེར་རིགས། བོད་རིགས། ཁྲའོ་ཞན་རིགས། ཐུའུ་ཅ་རིགས་སོགས་མི་རིགས265ཡོད་པས9.5%འཕར་ནས0.19%ལ་སླེབས་ཡོད།

4 ས་ཁམས་ཆ་རྐྱེན།
4_1 གནས་ས།

ཨོ་ལོད་དབུས་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་བ་ཡན་ནོར་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཡོད། བྱང་མོང་གོལ་རྒྱལ་ཁབ་དང་འབྲེལ་མཚམས་ཀྱི་རྒྱལ་མཚམས་དང་སྤྱི་ལེ184ཡོད། ཤར་ཕྱོགས་པའོ་ཐོའུ་གྲོང་ཁྱེར་གྱི་ཏར་ཧན་མའོ་མེང་ཨན་མཉམ་འབྲེལ་ཤོག་དང་ཀུའུ་དབྱང་རྫོང་གཉིས་ལ་ཁྱིམ་མཚེས་ཡིན་ཞིང་། ལྷོ་ཕྱོགས་ཨོ་ལོད་མདུན་ཤོག་དང་ཝུའུ་ཡོན་རྫོང་། ལིན་ཧོ་ཆུས། ཧང་ཅིན་རྒྱབ་ཤོག་བཅས་དང་ཕན་ཚུན་འབྲེལ་ནས་ཡོད། ནུབ་ཀྱི་ཕྱོགས་སུ་ཨོ་ལོད་རྒྱབ་ཤོག་དང་འབྲེལ། ཤོག་ཡོངས་ཀྱི་ཤར་ནུབ་རིང་ཚད་སྤྱི་ལེ203.8ལ་སླེབས་ཡོད། ལྷོ་བྱང་ཞེང་ལ་སྤྱི་ལེ148.9ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23096ཡོད།

4_2 ས་ངོས།

ཨོ་ལོད་དབུས་ཤོག་ནི་ནང་སོག་མཐོ་སྒང་གི་ནུབ་རྒྱུད་དུ་གནས་ཡོད། དབྱིན་ཧྲན་རི་རྒྱུད་ཀྱི་ཤར་ནུབ་ཕྱོགས་སུ་སྐྱོད་པའི་ཨེར་ལང་ཧྲན་རི་བོ་དང་། ཝུའུ་ལིའང་སུའུ་ཐའེ་ཧྲན་རི་བོ། ཁྲ་སི་ཐའེ་ཧྲན་རི་བོ་བཅས་ལྷོ་བྱང་གཉིས་ཀྱི་རང་བྱུང་ས་དབྱིབས་མི་འདྲ་བར་བགོས་ཡོད་པ་དེར་ས་ཁོངས་ཀྱི་ཁྱད་པར་དང་བར་བརྒལ་གྱི་འགྱུར་ལྡོག་མངོན་གསལ་ཡོད།

4_3 ནམ་ཟླ།

ཨོ་ལོད་དབུས་ཤོག་སྐམ་ས་ཆེན་མོར་གནས་པ་དང་། རྒྱ་མཚོ་དང་རྒྱང་ཐག་རིང་བ། ས་མཐོར་གནས་པ། ས་རྒྱ་ཆེ་བ། གནམ་གཤིས་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། ས་མཐོའི་ཚ་གྲང་གི་ཁྱད་ཆོས་ལྡན་པ་དང་། སྐམ་སའི་རང་བཞིན་གྱི་ཐན་སྐམ་གནམ་གཤིས་ཁུལ་དུ་གཏོགས། དུས་བཞི་གསལ་བ་དང་དབྱར་དུས་ཐུང་བ། དཔྱིད་དུས་སྐམ་ཤས་ཆེ་ལ་སྟོན་དུས་བསིལ་འཇམ་དང་ཆར་པ་འབབ་ཚད་ཇེ་ཉུང་ཞིང་རླངས་པར་འགྱུར་ཚད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2013ལོར་ཨོ་ལོད་དབུས་ཤོག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར102.9ལ་སླེབས་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས17.6%འཕར། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར14.98ལ་སླེབས་ནས3.77%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར79.54ལ་སླེབས་ནས22%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར8.46ལ་སླེབས་ནས5.9%འཕར། ཐོན་ལས་དང་པོས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད14.6%ལ་སླེབས་ཡོད། ཐོན་ལས་གཉིས་པས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་77.2%ལ་སླེབས་པ་དང་ཐོན་ལས་གསུམ་པས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད8.2%ལ་སླེབས་ཡོད། ཤོག་ཡོངས་ཀྱི་ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད་དེ་ལོ་གོང་མའི14.1:78.1:7.8ནས14.6:77.2:8.2བར་ལེགས་སྒྲིག་བྱས་ཡོད། ལོ་ཧྲིལ་པོར་མི་རེས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར70534ལ་སླེབས་ནས་སྔ་ལོ་ལས23.58%འཕར།

སྤྱི་ལོ2013ལོར་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི143058ལ་སླེབས་ནས47.56%འཕར། དེའི་ནང་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི69414ལ་སླེབས་ནས59.91%འཕར། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི208001ལ་སླེབས་ནས་སྔ་ལོ་ལས27.58%འཕར། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོརཁྲི30908ལ་སླེབས་ནས32.2%འཕར་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་ཁྲི10180ལ་སླེབས་ནས22.6%འཕར། སློབ་གསོའི་གཏོང་སྒོ་སྒོར་ཁྲི15791ལ་སླེབས་ནས9.4%འཕར། སྤྱི་ལོ2008ལོ་ནས་སྤྱི་ལོ2012ལོའི་ལོ་ལྔའི་བར་ཤོག་ཧྲིལ་པོའི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་ལོ་རེར་ཆ་སྙོམས32.6%འཕར།

5_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ལོ་ཧྲིལ་པོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར23.68ལ་སླེབས་པ་དང་དུས་མཚུངས་ལས9.15%འཕར་ནས་འཕར་ཐང་སྒོར་དུང་ཕྱུར14.98ལ་སླེབས་པ་དེ་དུས་མཚུངས་ལས8.6%འཕར། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.61ལ་སླེབས་ནས7.68%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.16ལ་སླེབས་ནས12.75%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར8.31ལ་སླེབས་ནས11.39%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.16ལ་སླེབས་ནས15.32%འཕར། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.44ལ་སླེབས་ནས2.97%འཕར།

གྲོང་གསེབ་དང་འབྲོག་ཁུལ་གྱི་དཔལ་འབྱོར་ལེགས་སྒྲིག་ལེགས་སྒྲིག་ཁྲོད་བརྟན་པོའི་ངང་འཕར་བ་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། སྤྱི་ལོ2012ལོར་དར་ཚོ་ཡོངས་ཀྱི་ཕྱུགས་ཟོག་མགོ་གྲངས་ཁྲི127.07ལ་སླེབས། ལོ་གོང་མ་ལས་མགོ་གྲངས་ཁྲི2.41ཇེ་ཉུང་དུ་ཕྱིན་པ་དང་ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་ཁྲི78.58ལ་སླེབས་ཡོད། སྤྱི་ལོ2012ལོར་ཤོག་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི130.53ལ་སླེབས་པ་དེ་ལོ་གོང་མ་ལས་མུའུ་ཁྲི3.66འཕར། དེའི་ནང་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི77.32ལ་སླེབས་པ་དེ་ལོ་གོང་མ་ལས་མུའུ་ཁྲི3.92འཕར་བ་དང་། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི43.8ལ་སླེབས་པ་དེ་ལོ་གོང་མ་ལས་མུའུ་ཁྲི2.06ཇེ་ཉུང་དུ་ཕྱིན་ཡོད། ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་ཁྲོད་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་རྒྱ་མ་ཁྲི66708ལ་སླེབས་ནས9.04%འཕར། 2008ལོ་ནས་སྤྱི་ལོ2012ལོའི་ལོ་ལྔའི་རིང་འབྲུ་རིགས་ཐོན་འབོར་ལོ་རེར་ཆ་སྙོམས10.5%འཕར།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ཨོ་ལོད་དབུས་ཤོག་གིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར133.98ལེགས་གྲུབ་བྱུང་ནས30.38%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང25.1%འཕར། སྤྱི་ལོ2008ལོ་ནས་སྤྱི་ལོ2012ལོའི་ལོ་ལྔའི་རིང་ཤོག་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལོ་རེར་ཆ་སྙོམས30.1%འཕར།

སྤྱི་ལོ2012ལོར། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར124.69བྱུང་ནས29.5%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར9.05ལ་སླེབས་ནས44.65%ཆག་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར། ཝུའུ་ལ་ཐེ་ཀྲུང་ཆིའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར10.6ལ་སླེབས་པ་དེ་དུས་མཚུངས་ལས15%འཕར། ས་ཁུལ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཚོང་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར6.86ལ་སླེབས་ནས14.7%འཕར་ཏེ་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་གྱི64.72%ལ་སླེབས་ཡོད། ཞིང་འབྲོག་ཁུལ་གྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར3.74ལ་སླེབས་ནས15.6%འཕར་བ་དེས་སིལ་ཚོང་བསྡོམས་འབོར་ཡོངས་ཀྱི35.28%བཟུང་ཡོད། ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་དང་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར8.85ལ་སླེབས་ནས12%འཕར་བ་དང་། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.75ལ་སླེབས་ནས34.3%འཕར། སྤྱི་ལོ2008ལོ་ནས་སྤྱི་ལོ2012ལོའི་ལོ་ལྔའི་བར་དར་ཆ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས10.9%འཕར།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2012ལོར་ཨོ་ལོད་དབུས་ཤོག་ཏུ་སློབ་འབྲིང5ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ2731དང་དགེ་རྒན་དང་ལས་བཟོ425ཡོད་པའི་ནང་ཆེད་བསྐོས་དགེ་རྒན303ཡོད། སློབ་ཆུང3དང་སློབ་གྲྭར་ཡོད་པའི་སློབ་མ4566ཡོད། དགེ་རྒན་དང་ལས་བཟོ630ཡོད་པའི་ནང་ཆེད་བསྐོས་དགེ་རྒན590ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་མུ་མཐུད100%རྒྱུན་འཁྱོངས་བྱས་ཡོད།

6_2 འཕྲོད་བསྟེན་ལས་དོན།

སྤྱི་ལོ2012ལོར་ཨོ་ལོད་དབུས་ཤོག་ལ་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས16ཡོད་པ་དང་། དེའི་ནང་སྨན་ཁང2ལ་ཉལ་ཁྲི330དང་འཕྲོད་བསྟེན་ལག་རྩལ་མི་སྣ་218ཡོད་པ་དང་། འཕྲོད་བསྟེན་ཁང13ལ་ཉལ་ཁྲི120དང་འཕྲོད་བསྟེན་ལག་རྩལ་མི་སྣ97ཡོད། མ་བུ་འཕྲོད་སྦྱོར་སྨན་ཁང1དང་ཉལ་ཁྲི60དང་འཕྲོད་བསྟེན་ལག་རྩལ་མི་སྣ48ཡོད། ནད་ཡམས་སྔོན་འགོག་ལྟེ་གནས1དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)6ཡོད།

6_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་ཨོ་ལོད་དབུས་ཤོག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་དབུལ་པོ5400འགན་ལེན་བྱས་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱིས་གྲོང་གསེབ་དང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ10600འགན་ལེན་བྱས་ནས“འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན”ཐུབ་པ་བྱས་ཡོད། གཉིས་ནི“གཞི་རྩའི་སྨན་བཅོས”འགན་བཅོལ་འཕེལ་རྒྱས་མྱུར་པོ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས42796ལ་སླེབས་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ནང་ཞུགས་མཁན་མི་གྲངས87037སླེབས། འགན་བཅོལ་ནང་ཞུགས་ཚད99.8%ལ་སླེབས་ཡོད། གསུམ་ནི“གཞི་རྩའི་རྒན་གསོ” སྤྱི་ལོ2012ལོར་སླེབས་སྐབས་རྫོང་ཡོངས་ཞིང་འབྲོག་ཁུལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས55773ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས20778ལ་སླེབས། དེའི་ནང་འགན་བཅོལ་ནང་ཞུགས་པའི་ལས་བཟོ12642དང་འགན་བཅོལ་ནང་ཞུགས་པའི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན7079ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།