ཝུའུ་ཡོན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 11:24ལ་འགྲུབ།

ཝུའུ་ཡོན་རྫོང་།

ཝུའུ་ཡོན་རྫོང་།
ཝུའུ་ཡོན་ནི་ནང་སོག་གི་ཆུ་ཁུག་བདེ་ཐང་གི་དཀྱིལ་དབུས་སུ་གནས་ཡོད། རྫོང་ཁོངས་ཀྱི་ལྷོ་ཕྱོགས་སུ་རྨ་ཆུའི(རྨ་ཆུའི་བྱང་སྣེར་གཏོགས)ཡོད་པ་དང་། བྱང་དུ་ཡིན་ཧྲན་ཡོད། ཤར་དུ་ལུའུ་ཁྲེང་གི་པའོ་ཐོའུ་དང་འཕྲད། ནུབ་ཕྱོགས་ལིན་ཧོ་གྲོང་ཁྱེར་དང་ས་མཚམས་འབྲེལ། ལོ་ངོ་ཉིས་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ལྕགས་རི་རིང་པོའི་མུ་ཏིག་ལྟ་བུ་ཞིག་ཡིན། རྫོང་ཁོངས་ཀྱི་ཤར་ནུབ་རིང་ཚད་སྤྱི་ལེ82ལ་སླེབས་པ་དང་ཆ་སྙོམས་རིང་ཚད་སྤྱི་ལེ62.3སླེབས་ཡོད། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ55.5ཡོད་པ་དང་ཞེང་ཚད་ལ་སྤྱི་ལེ40ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2492.9ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五原县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་བ་ཡན་ཡོན་གྲོང་ཁྱེར།
མངའ་ཁོངས།
ལོན་ཞིན་ཁྲེང་གྲོང་རྡལ།
སྲིད་གཞུང་སྡོད་གནས།
ལོན་ཞིན་ཁྲེང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0478
སྦྲག་སྲིད་ཨང་རྟགས།
015100
ས་གནས།
ནང་སོག་ཧུ་ཐའོ་བདེ་ཐང་གི་དཀྱིག་དབུས།
མི་གྲངས།
ཁྲི30
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2492.9
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
མེང (蒙)L
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150821
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912) དེ་སྔའི་ཝུའ་ཡོན་ཐིང་དེ་ཝུའུ་ཡོན་རྫོང་དུ་བསྒྱུར་བ་དང་། ལོ་གསུམ་གྱི་ནང་ཡུས་པའེ་པའེ་ལིའང(གྲོང་ཁྱེར་རྙིང་པ)སྐྲུན། མངའ་ཁོངས་ཡོངས་རྫོགས་གཅིག་གྱུར་གྱིས་བཀོད་འདོམས་བྱས། ཝུའུ་ཡོན་ནི་སའེ་ཝའེ་ཧོ་ཐའོ་ས་ཁུལ་གྱི་འབྲུ་མཛོད་གྲགས་ཅན་ཡིན་པས་རེད། ཧྲང་ཧའེ་གྲོང་ཁྱེར་གྱི་ནུབ་བྱང་ས་ཁུལ་དུ་སྔར་གྱི་ཝུའ་ཡོན་ལམ་ཡོད། མིན་གོའི་སྲིད་ལོ་བརྒྱད་པར། ཨོ་ལོད་མདུན་ཤོག་ལས་ས་ཁོངས་ཁ་ཤས་ཤིག་བགར་ནས་ཀུའུ་དབྱང་ལ་གཏོགས་པར་བྱས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཞི་བར་ཝུའུ་ཡོན་ཤར་ནུབ་ནས་ཁག་རེ་བླངས་ནས་ཨན་པེ་དང་ལིན་ཧོ་རྫོང་གཉིས་བཙུགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་གཅིག་ལ(སྤྱི་ལོ1942)སུའེ་ཞི་ཡིས་རྫོང་ལམ་ལུགས་གསར་བ་ལག་བསྟར་བྱས། ཝུའུ། ལིང་། ཨན་བཅས་རྫོང་གསུམ་རྫོང་དྲུག་ཏུ་བགོས་ཤིང་། ཝུའུ་ཡོན་རྫོང་གི་ནུབ་རྒྱུད་ས་ཁུལ་དུ་ཡན་ཅང་རྫོང(སྤྱི་ལོ1954ལོར་ད་ར་ཐུ་ཤོག་ཞེས་མིང་བསྒྱུར)ཁར་སྣོན་བྱས།

སྤྱི་ལོ1958ལོའི་ཟླ7པར་ད་ར་ཐུག་ཤོག་ལམ་ལུགས་མེད་པར་བཟོས་ཤིང་། ཁོངས་གཏོགས་ས་ཁུལ་དེ་ཝུའུ་ཡོན་རྫོང་གི་ཁོངས་གཏོགས་སུ་ཟླ་སྒྲིལ་བཏང་། དེ་ནས་བཟུང་ད་ལྟའི་བར་དུ་ཝུའུ་ཡོན་རྫོང་གི་འཛུགས་སྐྲུན་ལ་འགྱུར་བ་བྱུང་མེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཝུའུ་ཡོན་རྫོང་ཁོངས་ཀྱི་གྲོང་རྡལ8དང་ཤང1ཡོད་པ་སྟེ། ལུང་ཞིང་ཁྲང་གྲོང་རྡལ་དང་། ཐར་མཚོ་གྲོང་རྡལ། པ་དབྱིན་ཐའོ་ཧའེ་གྲོང་རྡལ། ཤིན་ཀུང་ཀྲུང་གྲོང་རྡལ། ཐེན་ཅི་ཐའེ་གྲོང་རྡལ། ཧྲེང་ཧྥུང་གྲོང་རྡལ། དབྱིན་ཏིང་ཐུའུ་གྲོང་རྡལ། ཤིན་ཧྭ་གྲོང་རྡལ། ཧོ་ཧྲེང་ཡུལ་ཚོ་བཅས་རེད། རྫོང་སྲིད་གཞུང་ནི་ལུང་ཞིན་ཁྲང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

ཝུའུ་ཡོན་ནི་ནང་སོག་གི་ཆུ་ཁུག་བདེ་ཐང་གི་དཀྱིལ་དབུས་སུ་གནས་ཡོད། རྫོང་ཁོངས་ཀྱི་ལྷོ་ཕྱོགས་སུ་རྨ་ཆུའི(རྨ་ཆུའི་བྱང་སྣེར་གཏོགས)ཡོད་པ་དང་། བྱང་དུ་ཡིན་ཧྲན་ཡོད། ཤར་དུ་ལུའུ་ཁྲེང་གི་པའོ་ཐོའུ་དང་འཕྲད། ནུབ་ཕྱོགས་ལིན་ཧོ་གྲོང་ཁྱེར་དང་ས་མཚམས་འབྲེལ་། ལོ་ངོ་ཉིས་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ལྕགས་རི་རིང་པོའི་མུ་ཏིག་ལྟ་བུ་ཞིག་ཡིན། རྫོང་ཁོངས་ཀྱི་ཤར་ནུབ་རིང་ཚད་སྤྱི་ལེ82ལ་སླེབས་པ་དང་ཆ་སྙོམས་རིང་ཚད་སྤྱི་ལེ་62.3སླེབས་ཡོད། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ55.5ཡོད་པ་དང་ཞེང་ཚད་ལ་སྤྱི་ལེ40ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2492.9ཡོད། ཧོ་ཐའོ་ཞིང་ཆུ་གཏོང་ཁུལ་སྤྱིའི་རྒྱ་ཁྱོན་གྱི1/4ལ་སླེབས།

3_2 ས་གཤིས།

རྫོང་དེས་ས་གཞི་མར་ཆགས་གྲུབ་ཚན་པའི་སྟེང་། དེ་ནི་སྲིབ་རི་གནམ་རི་འཕྲེད་ཕྱོགས་ཀྱི་གྲུབ་ཚུལ་ས་རྒྱུད་ལ་གཏོགས་པ་མ་ཟད། སྐམ་སའི་དབུས་ཁུལ་གྱི་གཞོང་ས་མར་ཆགས་པ་དང་། མངའ་ཁོངས་ཡོངས་ཀྱི་ཆུ་ཁུག་བདེ་ཐང་དུ་གྱུར་ཡོད། རིམ་པ་བཞི་པའི་ཐར་ཐོར་གྱི་ས་རིམ་གྱིས་བཀབ་པ་དང་། ཅུང་མཐུག་པའི་མཚེའུ་ཡི་ས་རིམ་བཅས་ཡོད།

3_3 ནམ་ཟླ།

གནམ་གཤིས་ནི་དབུས་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དེར་འོད་ནུས་ཕུན་སུམ་ཚོགས་པ་དང་། ཉི་འོད་ཕོག་ཚད་འདང་བ། སྐམ་ཤས་ཆེ་ལ་ཆར་བ་འབབ་ཚད་ཇེ་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན། ཉི་མའི་ལོ་རེའི་ཆ་སྙོམས་ཁྱབ་འགྱེད་བསྡོམས་འབོར་ལི་སྨི153.44ལ་སླེབས་པ་དེ་བོད་ལྗོངས་དང་མཚོ་སྔོན་བཅས་ཀྱི་རྗེས་སུ་བསྙེགས་ཡོད། 2012ལོར་ཉི་འོད་ཕོག་ཡུན་ཆུ་ཚོད3263ལ་སླེབས་ཡོད། ཆ་སྙོམས་དྲོད་ཚད6.1℃དང་། དྲོད་ཚད3362.5℃ཡིན། སད་མེད་དུས་ཀྱི་ཉིན117-136ཡིན།

3_4 ཆུ་དཔྱད།

ཝུའ་ཡོན་གྱི་མངའ་ཁོངས་སུ་མཚོ་དང་མཚེའུ་ཆེ་ཆུང་མི་འདྲ་བ་མང་པོ་འདུས།

4 རང་བྱུང་ཐོན་ཁུངས།

ཝུའུ་ཡོན་རྫོང་ལ་ས་ཞིང་དང་། ཆུ། འོད་དྲོད་ཐོན་ཁུངས། གློག་ཤུགས་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད། རྡོ་སོལ་དང་། རང་བྱུང་སོལ་རླངས། ཟངས། ལྕགས། ཀུའེ་རྡོ། རྡོ་ཐལ་རྡོ་སོགས་གཏེར་རྫས་ཐོན་ཁུངས་སྣ་འཛོམས་ཁུལ་གྱི་མཐའ་བསྐོར་དུ་གནས་ཡོད།

དེ་སྔའི་རྫོང་གི་ས་ཞིང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི374ལ་སླེབས་ཡོད། དེའི་ནང་རྨོ་ཞིང་མུའུ་ཁྲི164.5དང་རྨོ་ཞིང་མུའུ་ཁྲི130.98ཡོད། ཐོན་འབབ་དམའ་འབྲིང་གི་ཞིང་ཁ་མུའུ་ཁྲི100བསྒྱུར་བཀོད་བྱས་དགོས། ས་རྒོད་མུའུ་ཁྲི100གསར་སྤེལ་བྱས་པ་དང་ཤིང་འབྲས་ར་བ་མུའུ་ཁྲི4.17གསར་སྤེལ་བྱས། ནགས་ས་མུའུ་ཁྲི18དང་རྩྭ་ས་མུའུ་ཁྲི30ཡོད། ཞིང་ལས་མི་གྲངས་ཁྲི21.4ལ་སླེབས་པ་དང་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ6.12ལ་སླེབས་ཡོད།

5 མི་གྲངས་གནས་ཚུལ།

སྤྱི་ལོ2000ལོར་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པར་གཞིགས་ན། ཝུའུ་ཡོན་རྫོང་གི་མི་གྲངས་བསྡོམས274188ཡོད། དེའི་ནང་རྒྱ་རིགས་མི་གྲངས96.46%ལ་སླེབས་ཡོད། སོག་རིགས་ཀྱི་མི་གྲངས་གྱིས2.04%བཟུང་བ་དང་མི་རིགས་གཞན་གྱི་མི་གྲངས་གྱིས1.50%བཟུང་། ཝུའུ་ཡོན་རྫོང་ལ་ཆ་སྙོམས་བྱས་ན་སྤྱི་ལེ་གྲུ་བཞི་མ་རེར་མི110རེ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས30.51%དང་གྲོང་གསེབ་ཀྱི་མི་གྲངས་གྱིས69.49%བཟུང་། ལོ་ཚོད་དང་རིག་གནས་གྲུབ་ཚུལ་གཞི་རྩའི་ཆ་ནས་བརྟན་པོ་ཡིན་པ་དང་། ལོ15མན་གྱི་བྱིས་པས22.60%ལ་སླེབས་ཡོད། ལོ65ཡན་གྱི་རྒན་རྒོན་གྱིས5.43%བཟུང་བ་དང་དར་གཞོན་མི་གྲངས་གྱིས71.97%བཟུང་། མི་ཁྲི་བཅུ་རེའི་སློབ་གསོ་མྱོང་བའི་མི་གྲངས་ཏེ། འབྲིང་རིམ་ཆེད་ལས་སློབ་གྲྭ་དང་དེ་ཡན་གྱི་རིག་གནས་ཀྱི་མི་གྲངས1668དང་། མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་ཀྱི་རིག་གནས་ཀྱི་མི་གྲངས10015དམའ་རིམ་སློབ་འབྲིང་གི་རིག་གནས་ཀྱི་མི་གྲངས35263སློབ་ཆུང་གི་རིག་གནས་ཀྱི་མི་གྲངས32236བཅས་ཡོད།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཝུའུ་ཡོན་རྫོང་ལ་གྲོང་མི་དུད་ཚང95100ཡོད་པ་རེད། མི་གྲངས་བསྡོམས་འབོར་ཁྲི27.1ལ་སླེབས་པ་དང་སྤྱི་ལོ2012ལོར་མི1930སྐྱེས་པ་དང་སྐྱེ་ཚད8.2‰དང་མི་གྲངས་རང་ཤུགས་སུ་འཕར་ཚད3.5‰ཡིན།

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2012ལོར་དེ་སྔའི་རྫོང་ལྔའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར90.4ལ་སླེབས། ལོ་གོང་མའི་དུས་མཉམ་དང་བསྡུར་ན13%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་པ)འཕར་བའི་ནང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར26.01ལེགས་གྲུབ་བྱུང་། དུས་མཚུངས་ལས8.7%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར38.38ལ་སླེབས་ཡོད། དུས་མཚུངས་ལས15.6%འཕར་བ་དང་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར26.01ལ་སླེབས་པ་དེ་དུས་མཚུངས་ལས13.3%འཕར། ཐོན་ལས་གྲུབ་ཆ་ཐེངས་གསུམ་དེ་སྤྱི་ལོ2011ལོའི30.5:41:28.5ནས་སྤྱི་ལོ2012ལོའི31.6:38.2:30.2བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་གཉིས་པ0.3%འཕར། ཐོན་ལས་གསུམ་པ0.9% འཕར་བ་དང་ཐོན་ལས་དང་པོ1.2%མར་མར་ཆག

6_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར44.37ལ་སླེབས་པ་དེ་དུས་མཚུངས་ལས9.8%འཕར། ཐོན་ལས་དང་པོར་འཕར་ཐང་སྒོར་དུང་ཕྱུར26.01ལ་སླེབས་པ་དེ་དུས་མཚུངས་ལས8.7%འཕར། སྤྱི་ལོ2012ལོར་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི197.18ལ་སླེབས་ཡོད། སྤྱི་ལོ2011ལོ་དང་འདྲ་བར་གྲོ་མུའུ་ཁྲི45.3བཏབ་པ་དེ་ལོ་གོང་མ་ལས་མུའུ500ཇེ་ཉུང་དུ་ཕྱིན་པ་དང་། མ་རྨོས་ལོ་ཏོག་མུའུ་ཁྲི47.3ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མུའུ་ཁྲི2.86ཇེ་ཉུང་དུ་ཕྱིན། ཉི་མ་མེ་ཏོག་མུའུ་ཁྲི77.32ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མུའུ་ཁྲི3.36ཇེ་མང་དུ་ཕྱིན། མངར་ཚལ་མུའུ་ཁྲི0.33ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མུའུ800ཇེ་ཉུང་དུ་ཕྱིན་པ་དང་། ཀྭ་རིགས་མུའུ་ཁྲི14.63ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མུའུ་ཁྲི1.18ཇེ་མང་དུ་ཕྱིན། ཀྭ་འབྲུ་ནག་པོ་མུའུ་ཁྲི9.5ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མུའུ་ཁྲི0.84ཇེ་མང་དུ་ཕྱིན་ཡོད། རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྤྱི་ལོ2012ལོར་ཝུའུ་ཡོན་རྫོང་གི་ཞིང་ལས་སྐྱེ་དངོས་ཐོན་ཚད་མ་རྨོས་ལོ་ཏོག་ལས་ཇེ་མང་དུ་ཕྱིན་པ་དང་དེ་བྱིངས་ཀྱི་ཐོན་རྫས་ཚང་མ་ཚད་གཞི་མི་འདྲ་བའི་ཐོག་ནས་ཇེ་ཉུང་དུ་ཕྱིན་ཡོད། དེའི་ནང་གྲོའི་མུའུ་རེའི་ཐོན་ཚད་རྒྱ་མ677ལ་སླེབས་པ་དང་། མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་རྒྱ་མ1449 སྣུམ་རྒྱུ་མུའུ་རེའི་ཐོན་ཚད་རྒྱ་མ360 སྔོ་ཚལ་མུའུ་རེའི་ཐོན་ཚད་རྒྱ་མ7298ལ་སླེབས། ཀྭ་རིགས་ཀྱི་མུའུ་རེའི་ཐོན་ཚད་རྒྱ་མ3242ལ་སླེབས་ཡོད། ཀྭ་འབྲུ་ནག་པོའི་མུའུ་རེའི་ཐོན་ཚད་རྒྱ་མ170ལ་སླེབས།

སྤྱི་ལོ2012ལོར་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི4.13ལེགས་གྲུབ་བྱུང་ཡོད། མྱུག་གསོ་རྒྱ་ཁྱོན་མུའུ་ཁྲི11.5དང་། ལོ་ཆུང་ནགས་ཚལ་གྱི་གསོ་སྐྱོང་རྒྱ་ཁྱོན་མུའུ་ཁྲི11.2ལ་སླེབས་ཡོད། སྤྱི་ལོ2012ལོར་ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི3273མངོན་འགྱུར་བྱུང་ཡོད།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་སྒོ་ཕྱུགས་ཀྱི་གྲངས་ཀ་བསྡོམས་འབོར་ཁྲི128.9ལ་སླེབས། ལོ་གོང་མ་ལས་གྲངས་ཀ2300འཕར། རྒྱུད་བཟང་དང་རྒྱུད་བཟང་བསྒྱུར་བའི་ཕྱུགས་ཟོག་གི་ལོ་མཇུག་ཏུ་ཁྱོན་བསྡོམས་གྲངས་ཀ་ཁྲི127.68ལ་སླེབས། ཕྱུགས་རིགས་ཡོངས་ཀྱི་99%བཟུང་བ་དང་ཕྱུགས་རིགས་བཤས་གཏོང་ཚད119.71%ལ་སླེབས་ཡོད་པ་རེད། ཚོང་ཟོག་གི་ཚད109.93%ལ་སླེབས་ཡོད། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི158690ལ་སླེབས་ཡོད།

6_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་བཟོ་ལས་ཁེ་ལས་ཡོངས་རྫོགས་ཀྱིས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར77.13ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས18.1%འཕར། བཟོ་ལས་ཀྱི་གནས་ཐང་འཕར་ཚད་སྒོར་དུང་ཕྱུར29.06ལ་སླེབས་པ་དེ་ལོ་གོང་མ་ལས15.6%འཕར། དེའི་ནང་རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་དང་ལོ་རེའི་ཐོན་རྫས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི2000ཡན་ལ་སླེབས་པའི་རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་བཟོ་ལས་ཁེ་ལས(གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས)ཀྱིས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར60.37ལེགས་གྲུབ་བྱུང་བ་དང་། འཕར་ཐང་སྒོར་དུང་ཕྱུར17.3མངོན་འགྱུར་བྱུང་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན15%འཕར། བཟོ་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད95.1%ལ་སླེབས་ནས་སྔ་ལོ་ལས1.9%འཕར།

དེ་སྔའི་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས40ཡོད་པ་རེད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར45.22ལ་སླེབས་ནས་ལོ་གོང་མ་ལས20.6%འཕར། ཁེ་སྤོགས་སྒོར་ཁྲི8491ལ་སླེབས་པ་དེ་དུས་མཚུངས་ལས་73.7%འཕར། ཚད་ལོན་ཡན་གྱི་བཟོ་ལས་གྱོང་གུན་ཕོག་པའི་ཁེ་ལས19ཡོད། ལོ་གོང་མ་ལས3འཕར་བ་དང་། གྱོང་གུན་ཕོག་པའི་དངུལ་གྲངས་སྒོར་ཁྲི6400ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར་ཁྲི2800འཕར།

6_3 ཐོན་ལས་གསུམ་པ།

དེ་སྔའི་རྫོང་གི་སྡེབ་ཚོང་ཉོ་ཚོང་སིལ་ཚོང་ལས་རིགས་ཀྱི་སྤྱི་ལོ2012ལོར་འཕར་ཐང་སྒོར་དུང་ཕྱུར5.15ལ་སླེབས་པ་དེ་དུས་མཚུངས་ལས13.4%འཕར། ཝུའུ་ཡོན་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར19.34ལ་སླེབས་པ་དེ་དུས་མཚུངས་ལས13.7%འཕར། ལས་རིགས་བགོ་བའི་ཆ་ནས་བལྟས། སྡེབ་ཚོང་ལས་རིགས12%འཕར་བ་དང་། སིལ་ཚོང་ལས་རིགས15%འཕར། བཟའ་བཏུང་ལས་རིགས10.7%འཕར། ས་ཁུལ་ཁག་བགོས་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར15.23ལ་སླེབས་ནས13.96%འཕར་བ་དང་། གྲོང་གསེབ་ཀྱི་ཕྱིར་བཙོངས་དངུལ་གྲངས་སྒོར་དུང་ཕྱུར4.02ལ་སླེབས་པས12.9%འཕར། སྤྱི་ལོ2012ལོའི་ལོ་མཇུག་ཏུ་དེ་སྔའི་རྫོང་གི་སྒེར་གྱི་བཟོ་ཚོང་དུད་ཚང9524ལ་སླེབས་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ9པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས།

སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་ཁག་གཉིས་པའི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་གི་གྲས་སུ་ཚུད།

རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་བཏང་ནས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་པའི་ཁོངས་སུ་ཚུད།

སྤྱི་ལོ2020ལོའི་ཟླ1པའི་ཚེས22ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་ཞེས་མིང་སྩལ།

སྤྱི་ལོ2020ལོའི་ཟླ3པར་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ།

ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས།

སྤྱི་ལོ2020ལོའི་ཟླ3པའི་ཚེས19ཉིན་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་པའི“ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་དཔེ་སྟོན་རྫོང”གི་དཔྱད་འདེམས་མིང་ཐོའི་ནང་བདམས།

དཔྱད་གཞིའི་ཡིག་ཆ།