ལི་ཐུང་ཆུས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-29 09:00ལ་འགྲུབ།

ལི་ཐུང་ཆུས།

ལི་ཐུང་ཆུས།
ལི་ཐུང་ཆུས་ནི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1384ཡོད། དེའི་ཁོངས་སུ་གྲོང་རྡལ8དང་། ཡུལ་ཚོ4སྲིད་འཛིན་གྲོང་ཚོ106ཡོད། སྤྱིའི་མི་གྲངས་ཁྲི41.48ཡོད། ཆུས་མི་དམངས་སྲིད་གཞུང་ནི་ཧྲེང་ལི་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
利通区
ཕྱི་ཡིག་གི་མིང་།
Litong District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ8དང་། ཡུལ་ཚོ4སྲིད་འཛིན་གྲོང་ཚོ106
ནམ་ཟླ།
དྲོད་ཁུལ་ཐན་ཕྱེད་ཀྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0953
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1384
རླངས་འཁོར་ཚབ་ཨང་།
ཉིང(宁)C
མི་གྲངས།
མི་ཁྲི41.48
སྦྲག་སྲིད་ཨང་རྟགས།
751100
མེ་འཁོར་འབབ་ཚུགས།
ཝུའུ་ཀྲུང་མེ་འཁོར་འབབ་ཚུགས།
GDP
སྒོར་དུང་ཕྱུར194.7(སྤྱི་ལོ2018ལོ)
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
640302
1 ངོ་སྤྲོད།

ལི་ཐུང་ཆུས་ནི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1384ཡོད། དེའི་ཁོངས་སུ་གྲོང་རྡལ8དང་། ཡུལ་ཚོ4སྲིད་འཛིན་གྲོང་ཚོ106ཡོད། སྤྱིའི་མི་གྲངས་ཁྲི41.48ཡོད། ཆུས་མི་དམངས་སྲིད་གཞུང་ནི་ཧྲེང་ལི་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར། ལི་ཐུང་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ8དང་། ཡུལ་ཚོ4སྲིད་འཛིན་གྲོང་ཚོ106ཞིང་ར3སྡེ་ཁུལ21ཆུས་མི་དམངས་སྲིད་གཞུང་ནི་ཧྲེང་ལི་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། 

གྲོང་རྡལ་ནི་ཧྲང་ཆའོ་གྲོང་རྡལ་དང་། ཀོའུ་ཁྲེང་གྲོང་རྡལ། ཅིན་ཞིན་གྲོང་རྡལ། ཧྲེང་ལི་གྲོང་རྡལ། ཅིན་ཅི་གྲོང་རྡལ། ཅིན་དབྱིན་ཐན་གྲོང་རྡལ། ཀའོ་ཀྲ་གྲོང་རྡལ། ཕེན་ཅ་ཀོའུ་གྲོང་རྡལ་བཅས་ཡིན། 

ཡུལ་ཚོ་ནི་ཏུང་ཐ་སི་ཡུལ་ཚོ་དང་། པན་ཆའོ་ཡུལ་ཚོ། མ་ལེན་ཆུས་ཡུལ་ཚོ། ཀུའོ་ཅ་ཆའོ་ཡུལ་ཚོ་བཅས་ཡིན།

3 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ལི་ཐུང་ཆུས་ཀྱི་སྤྱི་བདེའི་ཐེམ་ཐོའི་མི་གྲངས410885ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས214202དང་གྲོང་གསེབ་ཀྱི་མི་གྲངས196683ཡོད། ཧུའེ་རིགས་མི་གྲངས256734ཡོད་པ་དེས་སྤྱིའི་མི་གྲངས་ཀྱི62.5%ཟིན་པ་དང་། རྒྱ་རིགས་མི་གྲངས152250ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི37.1%ཟིན། མི་རིགས་གཞན་དག་གི་མི་གྲངས1901ཡོད་པ་དེས་སྤྱིའི་མི་གྲངས་ཀྱི0.4%བཅས་ཟིན།

4 དཔལ་འབྱོར།

སྤྱི་ལོ2017ལོར་ལི་ཐུང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར189.5ཟིན། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་སུ7.8%འཕར་ཡོད། ཐོན་ལས་འཕེལ་རྒྱས་འགྲོ་ཕྱོགས་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར17.6མངོན་འགྱུར་བྱུང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ5.0འཕར་བ་དང་། ཐོན་ལས་དང་པོསGDPཡི་བསྡུར་ཚད་ཀྱི་བརྒྱ་ཆའི9.3ཟིན། དཔལ་འབྱོར་འཕར་རྒྱུར་བྱས་རྗེས་བཞག་ཚད6.9%ཟིན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་ཐུབ། ཐོན་ལས་གཉིས་པའི་ལོ་ཧྲིལ་བོར་འཕར་ཐང་སྒོར་དུང་ཕྱུར117.5ཟིན་པ་དེ་དུས་མཚུངས་སུ8.3%འཕར་ཡོད། ཐོན་ལས་གཉིས་པསGDPནང་བཟུང་བའི་བསྡུར་ཚད62.0%ཟིན་པ་དང་དཔལ་འབྱོར་འཕར་རྒྱུར་བྱས་རྗེས་བཞག་ཚད63.1%ཟིན། དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གཞི་གྲངས4.9སྐུལ་ཁྲིད་བྱས། ལོ་ཧྲིལ་པོར་འཕར་ཐང་སྒོར་དུང་ཕྱུར54.4ཟིན་པ་དེ་དུས་མཚུངས་སུ7.9%འཕར་ཡོད། ཐོན་ལས་གསུམ་པས་GDPཡི་བསྡུར་ཚད་ཀྱི28.7%བཟུང་བ་དང་དཔལ་འབྱོར་འཕར་རྒྱུར་བྱས་རྗེས་བཞག་ཚད30.0%ཟིན། དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གཞི་གྲངས2.3སྐུལ་ཁྲིད་བྱས།

སྤྱི་ལོ2017ལོར་ལི་ཐུང་ཆུས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད(CPI)དུས་མཚུངས་སུ1.1%འཕར་ཡོད། ཟླ་གོང་མ་ལས0.7%འཕར་བ་དང་ཟླ་དང་པོ་ནས་བཅུ་གཉིས་པའི་བར་རིམ་རྩིས་བྱས་ན1.3%འཕར་ཡོད། དེའི་ནང་ཟས་རིགས་ཐ་མག་དང་ཨ་རག་བརྒྱ་ཆའི0.3མར་ཆག་པ་དང་གྱོན་ཆས་བརྒྱ་ཆའི0.5འཕར་ཡོད། སྡོད་གནས0.1%མར་ཆག འཚོ་བའི་མཁོ་ཆས་དང་ཞབས་ཞུ་བརྒྱ་ཆའི1.4འཕར་ཡོད། འགྲིམ་འགྲུལ་དང་འཕྲིན་སྐྱེལ་བརྒྱ་ཆའི3.0འཕར་ཡོད། སློབ་གསོ་དང་རིག་གནས། རོལ་རྩེད་བཅས་བརྒྱ་ཆའི2.0འཕར་ཡོད། སྨན་བཅོས་བདེ་སྲུང་བརྒྱ་ཆའི5.9འཕར་བ་དང་། སྤྱོད་ཆས་དང་ཞབས་ཞུ་གཞན་དག་བརྒྱ་ཆའི2.1འཕར་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ལི་ཐུང་ཆུས་སུ་སྐྲུན་བཞིན་པའི་རྣམ་གྲངས217ཡོད་པ་དེ་ལོ་གོང་མ་དང་བསྡུར་ན་རྣམ་གྲངས17མང་དུ་ཕྱིན། དེའི་ནང་སྒོར་ཁྲི5000ཡན་གྱི་རྣམ་གྲངས111ཡོད་པ་དེ་ལོ་གོང་མ་དང་བསྡུར་ན18ཉུང་དུ་ཕྱིན། སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས83ཡོད་པ་དེ་ལོ་གོང་མ་དང་བསྡུར་ན9འཕར་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁྲོད་ལས་འགོ་ཚུགས་པའི་རྣམ་གྲངས102ཡོད། ལོ་གོང་མ་དང་བསྡུར་ན8ཉུང་དུ་ཕྱིན་པའི་ནང་བཟོ་ལས་རྣམ་གྲངས30ཡོད་པ་དེ་ལོ་གོང་མ་དང་བསྡུར་ན5མང་དུ་ཕྱིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས102དང་ལོ་གོང་མ་དང་བསྡུར་ན16འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར། ལི་ཐུང་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར36.5ཟིན་པ་དེ་དུས་མཚུངས་སུ4.9%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14.9ཟིན་པ་དེ་དུས་མཚུངས་སུ1.9%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.2ཟིན་པ་དེ་དུས་མཚུངས་སུ11.2%མར་ཆག འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར18.8ཟིན་པ་དེ་དུས་མཚུངས་སུ7.8%འཕར་ཡོད། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.5ཟིན་པ་དེ་དུས་མཚུངས་སུ4.4%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.1ཟིན་པ་དེ་དུས་མཚུངས་སུ3.6%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.0ཟིན་པ་དེ་དུས་མཚུངས་སུ4.9%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.8ཟིན་པ་དེ་དུས་མཚུངས་སུ1.9%འཕར་ཡོད། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.1ཟིན་པ་དེ་དུས་མཚུངས་སུ11.2%མར་ཆག འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར9.5ཟིན་པ་དེ་དུས་མཚུངས་སུ7.8%འཕར་ཡོད། ཉ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.2ཟིན་པ་དེ་དུས་མཚུངས་སུ4.4%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.3ཟིན་པ་དེ་དུས་མཚུངས་སུ3.6%འཕར་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར། ལི་ཐུང་ཆུས་ཀྱི་བཟོ་ལས་ཁེ་ལས་ཡོངས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར201.7ཟིན་པ་དེ་དུས་མཚུངས་སུ9.8%འཕར་ཡོད། བཟོ་ལས་འཕར་ཐང་དུས་མཚུངས་སུ9.5%འཕར་ཡོད།

སྤྱི་ལོ2017ལོར་ལི་ཐུང་ཆུས་ཀྱི་ལོ་ཧྲིལ་པོའི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར48.0ཟིན། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི6.7འཕར་སྣོན་བྱུང་ཞིང་། འཕར་ཐང་སྒོར་དུང་ཕྱུར32.8མངོན་འགྱུར་བྱུང་། དུས་མཚུངས་སུ7.4%འཕར་བ་དེས་ཐོན་ལས་གཉིས་པའི27.9%བཟུང་ཡོད། ལོ་མཇུག་ཏུ་ཆུས་ཡོངས་སུ་འོས་ཐོབ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས54ཡོད། ཨར་སྐྲུན་ལས་རིགས་ཁེ་ལས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི339.6ཟིན་པ་དེ་དུས་མཚུངས་སུ14.1%འཕར་ཡོད། ཨར་ལས་གྲུབ་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི110.4ཟིན་པ་དེ་དུས་མཚུངས་སུ4.5%འཕར་ཡོད། དེའི་ནང་སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་ངཞི་མ་ཁྲི73.3ཟིན་པ་དེ་དུས་མཚུངས་སུ7.1%མར་ཆག

4_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར། ལི་ཐུང་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར57.3ཟིན་པ་དེ་དུས་མཚུངས་སུ9.7%འཕར་ཡོད། དེའི་ནང་ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར21.0ཟིན། དུས་མཚུངས་སུ9.0%འཕར་བ་དེས་ཆུས་ཡོངས་ཀྱི་སྤྱི་ཚོགས་བསྡོམས་འབོར་གྱི36.6%བཟུང་ཡོད། 

སྤྱི་ལོ2017ལོར། ལི་ཐུང་ཆུས་དངུལ་རྩའི་སྒྲིག་གཞིས་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར320.1ཟིན་པ་དེ་དུས་མཚུངས་སུ9.9%འཕར་ཡོད། དེའི་ནང་དངུལ་རྩ་མིན་པའི་ཁེ་ལས་དང་ལས་ཁུངས་ཚོགས་པའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར125.6ཟིན་པ་དེ་དུས་མཚུངས་སུ8.6%འཕར་བ་དང་། ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར190.2ཟིན་པ་དེ་དུས་མཚུངས་སུ11.2%འཕར་ཡོད། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར276.7ཟིན། དུས་མཚུངས་སུ14.0%འཕར་བ་དེའི་ནང་དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་དུང་ཕྱུར141.0ཟིན། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི24.1འཕར་ཡོད།

5 ཆབ་སྲིད།    

ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲོའུ་ཐའོ། 

ཆུས་ཀྲང་། ལི་ཡུས་ཧྲན།

6 སློབ་གསོ།

སྤྱི་ལོ2017ལོ་བར་ལི་ཐུང་ཆུས་ཡོངས་སུ་མཐོ་རིམ་སློབ་འབྲིང་དཀྱུས་མ3དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ10527ཡོད། དམའ་འབྲིང16དང་སློབ་གྲྭར་ཡོད་པའི་སློབ་མ17223ཡོད། སློབ་ཆུང64ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ38871ཡོད། བུ་བཅོལ་ཁང36དང་བུ་བཅོལ་ཁང་དུ་བྱིས་པ9681ཡོད། ཆུས་ཁོངས་གཏོགས་ཁུལ་དུ་ཆེད་བསྐོས་དགེ་རྒན4320ཡོད། དམའ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན1087དང་། མཐོ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན600བཅས་ཡོད།

7 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོའི་བར་ལི་ཐུང་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྱོན299ཡོད། དེའི་ནང་གཞུང་གཉེར་སྨན་ཁང3དང་དམངས་གཉེར་སྨན་ཁང23ཡོད། འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི2938ཡོད། དེའི་ནང་སྨན་ཁང་ལ་ཉལ་ཁྲི2600ཡོད་པ་དང་འཕྲོད་བསྟེན་ཁང་ལ་ཉལ་ཁྲི259ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ3292ཡོད་པ་དེའི་ནང་། ལས་གཉེརསྨན་པ1191དང་། ནད་གཡོག1466ཐོ་འགོད་བྱས་ཡོད། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས1དང་འཕྲོད་བསྟེན་ལག་རྩལ་མི་སྣ46ཡོད། མ་བུ་བདེ་སྲུང་ལས་ཁུངས1དང་འཕྲོད་བསྟེན་ལག་རྩལ་མི་སྣ148འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས2དང་འཕྲོད་བསྟེན་ལག་རྩལ་མི་སྣ88ཡོད། གྲོང་རྡལ་འཕྲོད་བསྟེན་ཁང18དང་འཕྲོད་བསྟེན་ལག་རྩལ་མི་སྣ311བཅས་ཡོད།

8 སྤྱི་ཚོགས་བདེ་སྲུང་།

སྤྱི་ལོ2017ལོའི་བར་ལི་ཐུང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི5681གསར་དུ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.8%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ཁྲི10.08ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི31.31ཟིན། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི4749.74སྤྲད་པ་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་མ་མཐའི་འཚོ་བའི་འགན་ལེན་དུད་ཚང10346ཡོད། རོགས་སྐྱོབ་མི་གྲངས14219ཡོད་པའི་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང3411ཡོད་པ་དང་། རོགས་སྐྱོབ་མི་གྲངས5480ལ་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི2391.93སྤྲད། མ་མཐའི་འཚོ་བ་འགན་ལེན་དུད་ཚང6935ལ་རོགས་སྐྱོབ་བྱས་པའི་མི་གྲངས8739བཅས་ཟིན།

དཔྱད་གཞིའི་ཡིག་ཆ།